Pema Lhundrub Gyatso

From Rangjung Yeshe Wiki - Dharma Dictionnary
Jump to navigation Jump to search
The Second Great Abbot of Palyul

པདྨ་ལྷུན་གྲུབ་རྒྱ་མཚོ
pad ma lhun grub rgya mtsho

Short biography

The Second Great Abbot of Palyul

English

The Great Palyul Pema Lhundrub Gyatso (1660–1727), was born in the province of Do Kham in a place known as Seng-gang in the eleven rabjung year of the Iron Rat. His birth was prophesised by Rigdzin Dudul Dorje, as the reincarnation of Sogpo Lhapal, one of the twenty-five disciples of Guru Rinpoche.

From the age of eight, he started to receive all the Namchö empowerment, transmission and secret instruction from Namcho Mingyur Dorje. At sixteen years of age, he went to Palyul Monastery to receive more profound instruction on personal attainment from his uncle, Rigdzin Kunzang Sherab. By the time he was twenty-five, he came into direct experience with the true nature of the mind. Under the continued guidance of his uncle Kunzang Sherab who transmitted to him the Secret Oral Transmission lineage, Lhundrub Gyatso advanced his accomplishment with great enthusiastic perseverance. He took on the responsibility of transmitting the sutra and tantra at the Palyul Monastery after Kunzang Sherab dissolved his body into the pure realm of the ultimate truth at the age of sixty-four. At the age of fifty-four, he became the second Throne Holder of the Palyul Lineage.

At the age of sixty-eight, on the tenth day of Saga Dawa in the year of the Fire Sheep (1727), Pema Lhundrub Gyatso entered into a state of meditative equipoise, then his body dissolved into the sphere of clear light while loud thunder reverberated and streaks of lightning lit up the sky.

Tibetan

༈ གདན་རབསགཉིས་པ་པདྨ་ལྷུན་གྲུབ་རྒྱ་མཚོ་ནི། བདུད་འདུལ་ཕུར་པའི་ལུང་བསྟན་ལས། ལྷ་དཔལ་སྤྲུལ་པ་ཐུགས་ཀྱི་སྨེ་བ་ཅན༔ མདོ་ཁམས་ཤར་ནས་རྒྱལ་གྱི་མིང་ཅན་འབྱུང༔ ཞེས་གསུངས་པ་ལྟར་གདུག་པའི་གཅན་གཟན་གཉའ་ནས་མནན་པའི་འབངས་རིགས་སོག་པོ་ལྷ་དཔལ་གྱི་རྣམ་འཕྲུལ་ཏེ། བྱིས་པའི་དུས་ནས་བཟུང་ཕྱིས་ཀྱི་བར་མགོན་རྒྱལ་བྱ་བ་དང༌། ཐུགས་ཀའི་སྨེ་བ་སོགས་ལུང་དོན་འགྱུར་བ་མེད། རྗེ་རིག་འཛིན་ཆེན་པོའི་དབོན་རིགས་སུ། དཔལ་ཡུལ་གྱི་བྱེ་བྲག་ཡུལ་སེང་སྒང་ཞེས་པར་རྒྱ་ནག་ར་བའི་བརྒྱུད་པ་རིག་འཛིན་གྲུབ་ཐོབ་བར་མ་ཆད་པར་བྱོན་པའི་གདུང་རིགས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལ་འཁྲུངས། དགུང་ལོ་བརྒྱད་ནས་ཆོས་སྒོར་ཞུགས་ཤིང་འབྲི་ཀློག་ཚེགས་མེད་པར་མཁྱེན། རིག་འཛིན་མི་འགྱུར་རྡོ་རྗེའི་མདུན་ནས་གནམ་ཆོས་དབང་ཁྲིད་གཏད་རྒྱ་དང་བཅས་པ་གསན། དགུང་ལོ་བཅུ་དྲུག་པར་དཔལ་ཡུལ་དུ་ཉིད་ཀྱི་ཁུ་བོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་དྲུང་དུ་འདུ་འབྲལ་མེད་པར་བཞུགས་ནས་ཉམས་ཁྲིད་དུ་མས་གཙོས་པའི་བཀའ་ཆོས་མཐའ་དག་རྫོགས་པར་གསན། ཟབ་ཁྲིད་གསན་པ་རྣམས་ཐུགས་བརྩོན་དྲག་པོས་བསྒོམས་པས་ཞི་གནས་ལ་བརྟན་ཆ་ཐོབ་ཅིང་བདེ་གསལ་མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་གནས་པ་བྱུང༌། དགུང་ལོ་བཅུ་དགུ་པ་མངལ་བཤོལ་གྱི་ཟླ་བ་བརྩིས་པའི་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་མཁན་པོ། ལས་སློབ་ཉེ་གནས་བཀྲ་ཤིས་ཚེ་བརྟན་གྱིས་བགྱིས་ཏེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་བསྙེན་པར་རྫོགས་པས་མཚན་པདྨ་ལྷུན་གྲུབ་རྒྱ་མཚོར་གསོལ། སྐུ་བཙུན་པའི་མཆོག་ཏུ་གྱུར། བར་ཁྱིམ་དཔལ་མོ་ཤེས་རབ་རྒྱ་མཚོ་སོགས་ཡོངས་འཛིན་ཉེར་ལྔ་ཙམ་བསྟེན་ནས་མདོ་མང་ཤེར་ཕྱིན་སོགས་བཀའ་འགྱུར་ཕལ་ཆེ་བ་དང༌། རྙིང་མའི་རྒྱུད་འབུམ་རིན་པོ་ཆེ་དང༌། ཁྱད་པར་རིག་འཛིན་ཆེན་པོ་ལས་མདོ་སྒྱུ་སེམས་གསུམ་གྱི་དབང་དང་བཤད་ཁྲིད། གཞན་ཡང་ཉང་གཏེར། ཆོས་དབང༌། རྡོར་གླིང༌། རཏ་གླིང༌། པད་གླིང༌། ཀར་གླིང༌། བྱང་གཏེར། འཇའ་ཚོན། བདུད་འདུལ། ཀློང་གསལ། གནམ་ཆོས་ཕལ་ཆེར་དང༌། ཀུན་མཁྱེན་ཀློོང་ཆེན་པའི་གསུང་སྐོར། རྩེ་ལེའི་བཀའ་འབུམ། ཆགས་མེད་རིན་པོ་ཆེའི་གསུང་སྐོར་ཕལ་ཆེར་བཅས་གསན་ཅིང་ཐོབ་པ་རྣམས་ཀྱང་བསམ་བྱུང་གིས་སྒྲོ་འདོགས་ཆོད་པར་མཛད། དགུང་གྲངས་ཉེར་གཅིག་པར་ལས་འཕྲོ་དང༌། བླ་མའི་བྱིན་རླབས་སྟོབས་ཀྱིས་ཚོགས་བརྒྱད་འཁྲུལ་པའི་དྲི་མས་མ་གོས་པའི་རིག་སྟོང་རྩོལ་བྲལ་གྱི་རང་ངོ་མཐོང༌། ཐོད་རྒལ་གྱི་སྨིན་ཁྲིད་གསན་པས་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་དང༌། ཐོབ་པ་གསུམ་གྱིས་གཟེར་ཐེབ་པའི་ལྟ་སྟངས་ལ་གནད་དུ་འདྲིལ་བའི་དཀའ་སྤྱད་དང་ཐུགས་བརྩོན་འགྲན་ཟླ་བྲལ་བས་སྣང་བའི་འཕེལ་ཚད་མཐར་ཕྱིན། དགུང་ལོ་ཉེར་ལྔ་ནས་སྣང་སྲིད་འཁོར་འདས་སོགས་གཉིས་སྣང་ཐམས་ཅད་མཉམ་ཉིད་རོ་གཅིག་པའི་རྟོགས་པ་འཆར། དགུང་གྲངས་སོ་ལྔར་རྗེ་རིག་འཛིན་ཆེན་པོས་ཡང་བསྐྱར་ཐོད་རྒལ། ཁྲ་ཁྲིད། མུན་ཁྲིད། སྒྲ་ཆོས། རྨི་ལམ། ཞིང་ཁམས་ལྔ་སྦྱོང་སོགས་ཟབ་གནད་སྙན་བརྒྱུད་རྣམས་གབ་སྦས་མེད་པར་གནང་ནས། སློབ་ཚོགས་རྣམས་ལ་ངེས་དོན་གྱི་ཁྲིད་འཆད་པའི་གཏད་རྒྱ་དང་བཅས་རྡོ་་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ། དགུང་ལོ་སོ་བརྒྱད་པར་རྗེ་རིག་འཛིན་ཆེན་པོས་འཕགས་པའི་གནས་བརྟན་ཞིག་གི་སྤྲུལ་པ་ཡིན་གསུངས་ནས་སོ་ཐར་གྱི་སྡོམ་པ་འབོགས་པའི་མཁན་པོར་མངའ་གསོལ་ནས་གསར་ཞུགས་སློབ་ཚོགས་ཕལ་ཆེ་བའི་མཁན་པོ་མཛད་པས། མཁན་ཆེན་ལྷུན་གྲུབ་རྒྱ་མཚོ་ཞེས་གྲགས། ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པའི་མཁྱེན་པ་རྒྱས། འདུ་བ་གསུམ་དང་འབར་བ་གསུམ་མངོན་དུ་གྱུར་པས་ལོངས་སྤྱོད་ཆར་ལྟར་འབེབས་པ་རྣམས་བསྲི་ཚགས་མེད་པར་ཚོགས་སུ་བཏང༌། ལོག་སྲེད་ཅན་རྣམས་ཞལ་མཐོང་བ་ཙམ་གྱིས་དད་པ་ཐོབ། བཀའ་དགོངས་རཏྣ་ཞི་ཁྲོ་སོགས་ཕལ་ཆེར་གྱི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་ཐེམས། རྟ་ཕྱག་ཁྱུང་གསུམ། ཆོས་སྐྱོང་མ་མགོན་སོགས་དང༌། གནམ་ཆོས་ལས་གལ་ཆེ་བ་རྣམ་གྲངས་མང་པོའི་བསྙེན་པ་རྟགས་ཐོན་མཛད། དགུང་ལོ་སོ་དགུ་པར། རྗེ་བླ་མས། ཀཿཐོག་ངེས་དོན་བརྒྱུད་པའི་བསྟན་པ་འདི། །གང་ལ་བབས་པ་དེ་ཡིས་འཛིན་དགོས་ཕྱིར། །གཞན་ངག་མ་ཉན་གནས་འདིར་ཁྱེད་བཞུགས་ལ། །ཕྱག་རྫོགས་འོད་གསལ་ཁྲིད་དང་སྡོམ་རྒྱུན་སོགས། །འཛིིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་མ་གཡེལ་དང༌། །ཚེ་སྒྲུབ་མཐར་ཕྱིན་བར་ཆད་མི་འབྱུང་ཞིང༌། །དོན་གཉིས་ལྷུན་གྲུབ་འབྱུང་བ་ཕྱི་མཐའ་གསལ། །ཞེས་སོགས་ཞལ་གདམས་ལུང་བསྟན་གནང་ནས་ཐུགས་གསང་དང༌། གནམ་ཆོས་ཀྱི་བཀའ་གཏད། ཆོས་སྐྱོང་སྡེ་བདུན་ལ་བཀའ་བསྒོ་བཅས་མཛད་ནས་རིག་འཛིན་ཆེན་པོ་དགོངས་པ་བསྡུས། དེ་ནས་བླ་མའི་བཀའ་བཞིན་གདན་ས་འདིར་མདོ་སྔགས་བཀའ་གཏེར་གྱི་འཆད་ཉན། བསྐྱེད་རྫོགས་ཀྱི་ཉམས་ཁྲིད། སྒྲུབ་ཆེན་སྒྲུབ་ཕྲན་སོགས་གོང་མའི་མཛད་སྲོལ་མི་ནུབ་པར་མཛད། དགུང་གྲངས་ང་བཞི་ནས་གདན་སའི་འགན་འཛིན་མཛད། འཆད་ཉན་སོགས་ལྷག་པར་མཛད་དེ། བསྟན་པ་ཕྱོགས་ཀུན་དར་བར་མཛད། ཤུགས་འབྱུང་གི་ལོངས་སྤྱོད་ཟད་པ་མེད་པའང་དྲིན་ཆེན་རྗེ་དང་རྒྱལ་དབང་ཀརྨ་པ་སོགས་དགེ་བའི་བཤེས་གཉེན་རྣམས་ལ་མཆོད་འབུལ་དང༌། ཕྱོགས་མེད་ཀྱི་དགེ་འདུན་སྡེ་རྣམས་ལ་བསྙེན་བཀུར་རྒྱ་ཆེར་མཛད། ཐུབ་པ་དང་པད་འབྱུང་གི་སྐྱེས་རབས་ཞལ་ཐང་དང་བཀའ་དགོངས་སོགས་ཀྱི་བྲིས་སྐུ་དང༌། འབུར་སྐུ་མང་པོ་བཞེངས། གསུང་རྟེན་རྒྱལ་བཀའ་རིན་པོ་ཆེ་དང༌། རྙིང་མའི་རྒྱུད་འབུམ། གཏེར་ཆོས་རིགས་མང་པོ། པཎ་གྲུབ་སྔོན་བྱོན་བླ་མ་མང་པོའི་བཀའ་འབུམ་ཤིན་ཏུ་མང་པོ་བཞེངས། ཐུགས་རྟེན་ཀ་ནི་ཀ་མཐོང་གྲོལ་ཆེན་མོ་དང༌། གསེར་གདུང་ཆེ་འབྲིང༌། དངུལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་སོགས་བཞེངས་ནས་བརྡ་གོ་ལྷ་རི་འོད་གསལ་གླིང་དུ་བཞུགས། རྣམ་རྒྱལ་གླིང་གི་འདུ་ཁང་གནྡྷོ་ལར་གསེར་གྱི་རྒྱལ་མཚན་ཆེན་པོ་དང༌། ལྷ་གསར་ཁང་དུ་ཐུགས་ཆེན་གསང་འདུས་ཀྱི་དཀྱིལ་འཁོར་གླེང་སློང་ངོ་མཚར་བ་སྨན་འདམ་ལས་གྲུབ་པ་བཞེངས། རུང་ཁང་ཆེན་མོར་ཚོགས་ཟངས་ཆེན་པོ་གསུམ་དང༌། གཟུངས་སྤར་དང༌། སྐུ་སྤར་མང་པོ་བཞེངས། དགེ་འདུན་བརྒྱ་ཕྲག་མང་པོས་ཚོམ་བུ་ཚོགས་སྒྲུབ་ཀྱི་སྨན་སྒྲུབ་ལན་དྲུག བུམ་སྒྲུབ་ལན་བཅུ་གསུམ། གཞན་སྒྲུབ་པ་ཆེ་ཕྲ་མང་ཙམ་བཙུགས། རྟེན་བཞེངས་དང་འགྲོ་དོན་སོགས་གང་ལའང་བཀའ་གནང་བ་ཙམ་གྱིས་ལྷུན་གྱིས་གྲུབ། ཉི་མ་མཁའ་ཁྱབ་དང༌། མཐོང་གྲོལ་སོགས་གྲོལ་བ་དྲུག་གི་འགྲོ་ཕན་ཕྲིན་ལས་རྒྱ་ཆེ། རྒྱ་ནག་བྲག་སྒོ་ནས་རི་ཆབ་མན་གྱི་བླ་དཔོན་ལྷ་མི་ཀུན་གྱིས་གཙུག་ཏུ་བཀུར། སློབ་ཚོགས་དཔག་མེད་འདུས། དེ་རྣམས་ལ་དངོས་ཉམས་རྨི་ལམ་དུ་རྩ་བའི་བླ་མས་དབང་བསྐུར་ལུང་བསྟན་ངོ་སྤྲོད་གནང་བ་སོགས་བྱུང༌། རྩ་གསུམ་ཆོས་སྐྱོང་བཅས་པས་ཞལ་གཟིགས་བྱིན་རླབས་དངོས་གྲུབ་སྩལ། ཟག་མེད་ཀྱི་དགོངས་པས་གཞན་རྒྱུད་མཁྱེན་པ་དང༌། དུས་གསུམ་ལེགས་ཉེས་སྒྲིབ་མེད་དུ་གཟིགས་པས་ལུང་བསྟན་གང་གསུངས་མངོན་དུ་གྱུར། ནད་གདོན་སོགས་ལ་བྱིན་རླབས་དགོངས་པ་གཏད་པ་སོགས་ཀྱིས་ཞི། གཞན་ཕན་ཕྲིན་ལས་ལ་ཚད་མེད། བསྙེན་རྫོགས་ཀྱི་སློབ་ཕྲུག་སྟོང་ཕྲག་མང་པོ་ཡོད། ཤ་ཆང་སྤངས་ཤིང་རྒྱུ་འབྲས་སྲུང་ནས་ཆོས་བརྒྱད་དང་བྲལ་བའི་བསླབ་གསུམ་རྣམ་དག་གིས་མཛེས་པའི་སློབ་མ་གྲངས་མེད། རྟོགས་པ་མཆོག་གྱུར་གཞན་དོན་འབྱུང་ངེས་པའི་བླ་མ་བརྒྱ་ཕྲག་ཙམ་གྱིས་ཡུལ་ཐ་དད་པར་སྒྲུབ་སྡེ་དགོན་གནས་བཟུང་ཞིང་དོན་བརྒྱུད་ཀྱི་བསྟན་པ་རྒྱས་པར་མཛད། ཞལ་ནས། བདག་ནི་ལོ་ན་མཐར་ཕྱིན་ན་བསྟན་འགྲོའི་དོན་འགྲུབ་པ་ཡིན་པས་ད་ནི་འཆི་བ་ཆོས་སྐུར་སྦྱངས་པའི་དུས་ལ་བབས་པ་ཡིན་ནོ་གསུངས་ནས། དགུང་ལོ་རེ་བརྒྱད་མེ་ལུག་ས་ག་ཟླ་བའི་ཚེས་བརྒྱད་ནམ་ལངས་ལ་གསེར་སྐུ་བཞག་པ་ལྟར་གདེང་ཚད་བཞི་ལྡན་འོད་གསལ་གྱི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་སོ། །དེ་སྐབས་ནམ་མཁའ་གཡའ་དག་པ། ཤར་ཕྱོགས་ནས་སྒྲ་དང་འོད་འཁྱུགས་པ། སྐུ་གདུང་ཞུགས་ལ་ཕུལ་ཚེ་སྤྲིན་དང་ཁུ་རླུང་ཐམས་ཅད་འཇའ་ཚོོོན་དུ་གྱུར་ཅིང༌། སྤྲིན་གྱི་གཟུགས་སྐུ་དང་བུམ་པ་ལྗོན་ཤིང་འདྲ་བ་དང༌། མེ་སྒྲ་འུར་ཞིང་མེ་དུད་ལྷ་སྐུ་ཕྱག་མཚན་གྱི་གཟུགས་འཆར། གདུང་དང་རིང་བསྲེལ་མང་དུ་བྱོན་ཅིང་མཐོང་ཐོས་དྲན་རེག་སྨིན་གྲོལ་ལ་འགོད་པར་མཛད་དོ། །ཀུན་བཟང་ཤེས་རབ་ཀྱི་དབོན་པདྨ་རིག་འཛིན་ཞེས་དངོས་སུ་རྫུ་འཕྲུལ་གྱིས་མཁའ་སྤྱོད་གནས་ཡུལ་རྣམས་སུ་འབྱོན་བཞུགས་མཛད་པའི་གྲུབ་ཆེན་དེའང་འདི་དང་དུས་མཉམ་ཡིན་ནོ། །ཀ་དག་དབྱིངས་ལས་ལྷུན་གྲུབ་ཀྱི། །ངོ་མཚར་རྒྱ་མཚོའི་སྤྲིན་བཀོད་པས། །སྒྲུབ་བརྒྱུད་བསྟན་པའི་སྐྱེད་མོའི་ཚལ། །གྲུབ་པའི་པད་ཚལ་ཅི་ཡང་བཞད། །ཅེས་པ་འདི་ནི་གདན་རབས་གཉིས་པའོ།། །།From A Garland of Immortal Wish-fulfilling Trees

Literary Works


Main Teachers

Main Students

Main Lineages

Alternate Names & Spellings

  • [[]]

Other Resources

Internal Links

External Links