མདོ་སྔགས་བསྟན་པའི་ཉི་མ།

From Rangjung Yeshe Wiki - Dharma Dictionary
Revision as of 17:42, 23 July 2008 by Bj Lhundrup (talk | contribs)
Jump to navigation Jump to search

1| bod pa sprul sku mdo sngags bstan pa'i nyi ma rin po che--(1907-1959); Bötrül Rinpoche was Lama of Dzogchen Monastery and important commentator on the special systems and views of the Ngagyur Nyingma.[BL]

2| bod pa sprul sku, mdo sngags bstan pa'i nyi ma--Pöpa Tulku, Dongak Tenpei Nyima : 1900/7-1959 [RY]



༄༅། །མདོ་སྔགས་བསྟན་པའི་ཉི་མའི་རྣམ་ཐར་མདོར་བསྡུས་བཞུགས། །

བདོ་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ནི། བོད་ཡུལ་དབུས་ཤར་ཕྱོགས་དྭགས་པོའི་ཡུལ་དུ་ངོ་མཚར་བའི་ལྟས་དང་བཅས་སྐྱེ་བའི་མྱུ་གུ་བཟུང༌། སྐུ་ན་ཕྲ་མོ་ནས་དམ་པའི་རིགས་སད་དེ་ཆོས་ལམ་ལ་ཞུགས།

བར་ལམ་ཁམས་པའི་ཚོང་པ་གནས་སྐོར་བ་སོགས་དང་མཉམ་དུ་བསྡེབས་ཏེ། ཁམས་སུ་ཆོས་འཚོལ་དུ་ཕེབས་པར་དགུང་གྲངས་ཆུང་བ་དང་སྐུ་ཡུལ་ཐག་རིང་བའི་རྐྱེན་གྱིས་ཆོས་རྒྱགས་མ་འབྱོར་ཞིང་ན་བཟའ་དང་གསོལ་བ་སོགས་ལ་བཀའ་བ་དཔག་ཏུ་མེད་པ་རྗེ་

མི་ལའི་རྣམ་ཐར་བཞིན་མཛད། རིམ་པར་མདོ་ཁམས་རྫོགས་ཆེན་མགོན་དུ་འབྱོར། དེར་བཞུགས་བླ་སྤྲུལ་མཁན་སློབ་དམས་ཅད་ལས་གཞུང་ཆེན་བཅུ་གསུམ་གཙོས་མདོ་སྔགས་རིག་པའི་གནས་ལ་གསན་སྦྱངས་གནང་ནས་མཁས་པའི་གྲལ་དུ་ཐོན།

རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་མདུན་ནས་སྔགས་ཀྱི་ཉམས་བཞེས་དང་དབང་ལུང་གི་རྒྱུན་མང་པོ་གསན། དེར་རྫོགས་ཆེན་རིན་པོ་ཆེས་སྤྲུལ་སྐུའི་མཚན་གནས་དང་ཚོགས་ཆེན་རྒྱབ་གྲལ་དབུར་ཁྲི་ཐོབ་དང་ཞབས་ཞུ་གྲྭ་པ་རེ་ཟུང་ཕན་ཚུན་ཕེབས་སྐབས་

བཏང་གནང་བ་སོགས་བདག་རྐྱེན་དང་ཐུགས་བརྩེ་ཆེན་པོས་བསྐྱངས། བོད་པ་སྤྲུལ་སྐུ་ཞེས་ཀུན་གྱིས་གུས་པས་བཀུར། དེ་ཙམ་ནས་འཇམ་མགོན་མི་ཕམ་རིན་པོ་ཆེའི་རང་ལུགས་ལ་ཐུན་མིན་གྱི་ངེས་ཤེས་འཁྲུངས། དེའི་རིང་ལུགས་འཛིན་པའི་བཤེས་གཉེན་ཞིག་

མ་མཇལ་ཐབས་མེད་དུ་དགོངས་ཏེ་བརྟགས་ཤིང་དཔྱད་པས་དགེ་གོང་དགོན་མཁན་ཀུན་དཔལ་རིན་པོ་ཆེ་དཔལ་སྤྲུལ་དང་མི་ཕམ་གཉིས་ཀའི་དངོས་སློབ་དང་ཐུན་མིན་བརྒྱུད་འཛིན་དུ་མཁྱེན་ཏེ། མཁན་ཆེན་དེ་ཉིད་ཀྱི་ཞབས་དྲུང་དུ་བཅར་ཏེ་ཡུན་རིང་པོར་རྫ་རྒྱུད་དུ་བཞུགས།

མདོ་སྔགས་གཞུང་ལུགས་ཐམས་ཅད་ལ་མཁྱེན་རབ་ཕུལ་དུ་ཕྱིན། ལྕང་མ་རི་ཁྲོད་དུ་བཱ་ཐུར་མཁན་ཐུབ་དགའ་ཡང་མཇལ། ཕྱོགས་ཀྱི་སློབ་ཚོགས་ཡང་དུ་འདུས་པར་འཇམ་མགོན་མི་ཕམ་གྱི་རང་ལུགས་བཟུང་སྟེ་བསྐྱངས་བས། སློབ་ཚོགས་མཁན་ཆོས་དབྱིངས་ཁྱབ་

བརྡལ་དང༌། མཁན་པདྨ་ཚེ་དབང་ལྷུན་གྲུབ། རྨེ་བ་མཁན་ཐུབ་བསྟན། ར་ཧོར་མཁན་ཐུབ་བསྟན། རྫོགས་ཆེན་མཁན་ཟླ་ཟེར་སོགས་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེས་བུ་མང་དུ་བྱོན། གཞུང་ལུགས་ལྟ་གྲུབ་ཤན་འབྱེད་དང༌། ཤེར་ཕྱིན་སྤྱི་དོན་འབྲུ་འགྲེལ་སོགས་

ཆེ་ཕྲ་མང་པོ་བརྩམས། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ཏེ་ཆོས་འཁོར་བསྐོར་ཞིང་བཤད་གྲྭར་བཞུགས་པ་སོགས་མཛད། མཁན་ཀུན་དཔལ་གཤེགས་རྗེས་སུ་རྫ་རྒྱུད་ཀུན་ཏུ་ཕྲིད་ལས་རྒྱ་ཆེར་བསྐྱངས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་མདུན་ཕེབས།

ཁོང་ཐུགས་དགྱེས་ཚོར་གྱིས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའཱི་སྤྲུལ་པའི་ཆ་ཤས་སུ་ངོས་འཛིན་དང༌། བླ་མ་རང་རྡོ་བླ་སྐལ་བཟང་འཇིགས་མེད་ཀྱི་བག་ཆགས་མངའ་ཚུལ་སོགས་གསུངས་ནས་ཚད་མེད་གུས་འདུད་ཆེན་པོ་མཛད་པ་དང་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར།

སྐུ་ཚེའི་སྨད་དུ་ཡུལ་དབུས་བྱང་འབྲི་གུང་ཉི་མ་ལྕང་རའི་བཤད་གྲྭར་ཆིབས་བསྒྱུར་གནང་སྟེ། སྐལ་ལྡན་མང་པོ་ལ་ཞིང་སྒྲུབ་དང་མདོ་སྔགས་ཀྱི་ཆོས་སྦྱིན་ཕངས་མེད་དུ་བསྩལ་བ་སོགས་སྙིགས་མའི་དུས་འདིར་རྒྱལ་བསྟན་སྤྱི་དང་འོད་གསལ་སྙིང་པོའི་བསྟན་པ་འཛིན་སྐྱོང་སྤེལ་བ་

ལ་ཕྲིན་ལས་ཤིན་ཏུ་རྒྱ་ཆེའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྨོན་པའོ།། མཁན་སྤྲུལ་དཀོན་མཆོག་བསྟན་འཛིན་གྱི་མཛད།། །།

==