Togden Karma Dondam

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

[[Image:|frame|]] [[]]
[[]]

Short biography[edit]


Tibetan[edit]

བསྟན་པའི་ཁུར་བཞེས་པ་པོ་ཀརྨ་བཀྲ་ཤིས་ཀྱི་དབོན་པོ་རྟོགས་གོམས་ལྡན་ཅིང་འདུལ་ཁྲིམས་གཙང་བ་ཨ་བསམ་དང༌། དབོན་པོ་དབང་ཕྱུག་གཉིས་ནས་མཛད་ཀྱང་དགོན་པའི་བཅའ་སྒྲིགས་སྨིན་ཁྲིད་སོགས་ཀྱི་བརྒྱུད་པ་འཛིན་པ་དཔེ་ཝར་བླ་མ་ཀརྨ་དོན་དམ་ནི། ཀརྨ་བཀྲ་ཤིས་ཀྱི་དངོས་སློབ་སྟེ། བཀའ་གཏེར་གྱི་སྨིན་གྲོལ་ཡོངས་རྫོགས་དང༌། ཕྱག་རྫོགས་ཀྱི་ཉམས་ཁྲིད་ལ་གནད་དུ་བསྣུན་པས་སྒོམ་ཉམས་ཁྱད་པར་ཅན་འཁྲུངས་པའི་རྟོགས་ལྡན་ཀརྨ་དོན་དམ་ཞེས་གྲགས་པ་བྱུང༌། སྐུ་ཚེ་དེར་ཀུན་སྤངས་བྱ་བྲལ་ཆེན་པོའི་རྣམ་ཐར་འཆང༌། གཟིམ་སྐྱིལ་ལ་ཤིང་ལོས་རིབ་མ་མཛད་པ་རླུང་ཆེན་ནམ་བྱུང་འཐོར་བས་སློབ་ཚོགས་རྣམས་ནས་གསོ་བཞིན་བཞུགས། སྲ་བརྟན་ཅིག་ལས་དགོས་ཞུས་ཀྱང་དགོས་པ་མེད་པར་གསུངས། ནུབ་མོ་མེ་མི་གསོ་བ་དང༌། གསོལ་ཞལ་སྦུབས་ནས་བཞག་པ་སོགས་བཀའ་གདམས་པའི་རྣམ་ཐར་བཞིན་མི་རྟག་པའི་གསུང་ཁོ་ན་གསུངས། སློབ་ཚོགས་རྣམས་ལ་སྙིང་པོའི་སྒྲུབ་པ་འབའ་ཞིག་ལ་དྲིལ་དུ་བཅུག སྨིན་གྲོལ་གླིང་པའི་རྡོར་འཛིན་བློ་ལྡན་གདན་ས་འདིར་ཕེབས་པའི་མདུན་ནས་སྒྱུ་འཕྲུལ་ཞི་ཁྲོའི་ཆོག་ཁྲིད་ཀྱི་ལག་ལེན་རྣམས་སྦྱོང་བརྩོན་གནང་ཞིང་གཞན་ལ་སློབ་ཏུ་བསྩལ་བ་སོགས་སྔ་འགྱུར་བཀའ་མ་རིན་པོ་ཆེའི་སྒྲུབ་མཆོད་ཀྱི་གཞི་འཛུགས་པར་མཛད། གཞན་སེམས་མཁྱེན་པ་དང་འབྱུང་འགྱུར་གསུངས་པ་སོགས་ཤིན་ཏུ་མང༌། དམ་རྫས་ཀྱི་ཁ་བྱང་ཞིག་ཏུ་ཀརྨ་དོན་དམ་དགུང་ལོ་བརྒྱ་དང་གསུམ་བཞུགས་པའི་དབུ་ལྗོན་ཞེས་འདུག་པ་ལ་དཔྱད་ན་དགུང་གྲངས་ཤིན་ཏུ་མཐོ་བར་བཞུགས་པར་མངོན་ཞེས་རག་སྤྲུལ་རིན་པོ་ཆེས་གསུངས་སོ། །སྒྲུབ་སྡེ་མ་དྲོས་མཚོ་ཆེན་པོར། །རྣམ་པར་བསྟི་བའི་ཀླུ་དབང་ནི། །ཀརྨའི་མཚན་ཅན་ལྷ་དབང་དང༌། །དོན་དམ་ཟུང་འདི་བསྟན་པའི་རྒྱན། །ཞེས་པ་འདི་རྣམ་པ་གཉིས་གཅིག་ཏུ་བགྲངས་པའི་གདན་རབས་ལྔ་པའོ།། །། From A Garland of Immortal Wish-fulfilling Trees

Literary Works[edit]


Main Teachers[edit]

Main Students[edit]


Main Lineages[edit]

Alternate Names & Spellings[edit]

Other Resources[edit]

Internal Links[edit]

External Links[edit]

  • [ The TBRC Link]