6650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་རྣམ་བྱང་གི་ཆོས་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དབྱེ་ན། རྣམ་བྱང་གི་ཕུང་པོ་གཟུང་བའི་རྣམ་རྟོག་སོགས་དགུ་ལས་དང་པོའི་མཚན་ཉིད་ནི། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་རྣམ་བྱང་གི་ཕུང་པོ་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དེས་གཞན་རྣམས་ལ་འགྲེའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་

|; |@@@ | | }}

གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་ (2)
Part of speech མིང་ཚིག
Definition པཎ་ཆེན་ངག་ཆོས་ཀྱིས། གཞི་དང་དེའི་གཉེན་པོ་ཡི། །གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་པའི་སྐབས་འདིར་བསྟན་གྱི་གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་དང། རང་ཡུལ་བླང་བྱའི་གཟུང་བ་ལ་དམིགས་ནས་བླང་བྱར་མངོན་པར་ཞེན་པའི་ཐེག་ཆེན་གྱི་མཐོང་སྤངས་རྟོག་པ་དོན་གཅིག དེ་ལ་དབྱེ་ན། རང་ཡུལ་དུ་གྱུར་པའི་རྣམ་བྱང་གི་ཕུང་པོ་ལ་གཟུང་བར་རྣམ་པར་རྟོག་པ་དང་། རྣམ་བྱང་གི་སྐྱེ་བའི་སྒོ་ལ་དང་། རྣམ་བྱང་གི་རིགས་ལ་དང་། རྣམ་བྱང་གི་སྐྱེ་བ་ལ་དང་། སྟོང་ཉིད་རྟོགས་པའི་རིགས་ལ་དང་། ཕ་རོལ་ཏུ་ཕྱིན་པའི་དོན་ལ་དང་། མཐོང་ལམ་ལ་དང་། བསྒོམ་ལམ་ལ་དང་། མི་སློབ་ལམ་ལ་གཟུང་བའི་རྣམ་པར་རྟོག་པ་དང་དགུ་ཡོད་དོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས།

{{#arraymap:གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་

|; |@@@ | | }}

གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་ (3)
Part of speech མིང་ཚིག
Definition རྣམ་བྱང་གི་ཕྱོགས་ལ་དམིགས་ནས་མཚན་མར་འཛིན་པའི་རིག་པ་དེ། རྣམ་བྱང་གཟུང་རྟོག་གི་མཚན་ཉིད། དེ་ལ་དབྱེ་ན་ཡུལ་གྱི་དགུ་སྟེ། གཞུང་ན་གསལ་ཅིང། འདི་ལྟར་ཡང་དབྱེ་དགོས་ཏེ། ཡུལ་རྣམ་བྱང་གི་ཕྱོགས་ལ་དམིགས་ནས་བདེན་པར་ཞེན་པའི་བློ་དང། རིགས་པ་ཡང་དག་གིས་བདེན་འཛིན་གྱི་སྒྲོ་འདོགས་གཅོད་པའི་དོན་ལ་བདེན་མེད་དུ་ཞེན་པའོ། །དང་པོ་ལ། གཟུང་རྟོག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་ཞེས་བྱ་ཞིང། གཉིས་པ་ལ། དེའི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་ཞེས་བྱའོ། །གཟུང་རྟོག་ལ་རྫས་བཏགས་སུ་འཛིན་པའི་རྣམ་བཞག་མ་བཤད་པས་མི་རིགས་སོ་སྙམ་དུ་དོགས་པར་མི་བྱ་སྟེ་ཞེས་སོགས་གསུངས་སོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་སོ། །

{{#arraymap:གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་

|; |@@@ | | }}