61496
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཟིལ་གནོན་ཐོབ་པའི་གང་ཟག་རྒྱུད་ཀྱི་རང་གི་དམིགས་པ་ཟད་པར་གྱི་ཁ་དོག་དང་དབྱིབས་དང་ནམ་མཁའ་དང་རྣམ་ཤེས་གང་རུང་གིས་ཡུལ་གཞན་ལ་བར་ཆད་མེད་པར་རྒྱས་པར་ཁྱབ་པར་བྱེད་པའི་བསམ་གཏན་གཟུགས་མེད་གང་རུང་གི་དངོས་གཞི་ཞིག་སྟེ། དེ་ལ་དབྱེ་ན་བཅུ་སྟེ། ཟད་པར་སའི་སྐྱེ་མཆེད། ཟད་པར་ཆུའི་སྐྱེ་མཆེད། ཟད་པར་མེའི་སྐྱེ་མཆེད། ཟད་པར་རླུང་གི་སྐྱེ་མཆེད། ཟད་པར་སྔོན་པོའི་སྐྱེ་མཆེད། ཟད་པར་སེར་པོའི་སྐྱེ་མཆེད། ཟད་པར་དཀར་པོའི་སྐྱེ་མཆེད། ཟད་པར་དམར་པོའིི་མཆེད། ཟད་པར་ནམ་མཁའི་སྐྱེ་མཆེད། ཟད་པར་རྣམ་ཤེས་སྐྱེ་མཆེད་དེ། མཛོད་རྩ་བ་ལས། ཟད་པར་བཅུའོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པ་གཉིས་ནི་གཟུགས་མེད་དག ། སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཟད་པར་གྱི་སྐྱེ་མཆེད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ས་ལ་སོགས་པའི་རང་གི་དམིགས་པ་མཐའ་ཡས་པ་ལ་ཁྱབ་པར་སྤྲོ་བའི་རབ་ཏུ་ཕྱེ་བའི་རྩེ་གཅིག་པའི་རིག་པར་དམིགས་པ། ཟད་བར་གྱི་སྐྱེ་མཆེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཟད་པར་སའི། ཆུའི། མེའི། རླུང་གི་སྐྱེ་མཆེད་དང་བཞི། སྔོན་པོ། སེར་པོ། དཀར་པོ། དམར་པོའི་སྐྱེ་མཆེད་དང་བཞི། ནམ་མཁའི་སྐྱེ་མཆེད། རྣམ་ཤེས་ཀྱི་སྐྱེ་མཆེད་གཉིས་ཏེ་བཅུར་ཡོད་དོ། ། |
{{#arraymap:ཟད་པར་གྱི་སྐྱེ་མཆེད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བསམ་གཏན་ལ་དབང་ཐོབ་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འབྱུང་བ་བཞི་སོགས་གང་ལ་དམིགས་པ་དེ་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་བའོ། །ཟད་པར་ཞེས་པ་རྒྱ་ཁྱོན་ཚད་མེད་པ་སྟེ། ས་ལ་སོགས་པར་མོས་པའི་རྣམ་པ་བར་མེད་ཅིང་མཚམས་མེད་པར་རྒྱས་པར་བྱེད་པས་ན་ཟད་པར་རོ། །དེ་ལ་དབྱེེ་བ་ནི་ས་ཆུ་མེ་རླུང་འབྱུང་བ་བཞི་དང༌། སྔོ་སེར་དཀར་དམར་ཁ་དོག་བཞི་དང༌། ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་བཅས་བཅུའོ། །དེ་དག་ལས་དང་པོ་བརྒྱད་ནི་ཆགས་པའི་གཉེན་པོ་མ་ཆགས་པའི་རང་བཞིན་ཡིན་ལ། དེ་དག་གི་ས་ནི་བསམ་གཏན་གྱི་ཡ་མཐའ་བཞི་པ་ཁོ་ན་ན་ཡོད་དེ་ཟིལ་གནོན་ཕྱི་མ་བཞིའི་སྦྱོར་བ་ལས་བྱུང་བས་སོ། །དམིགས་པ་ནི་འདོད་པའི་གཟུགས་ཀྱི་སྐྱེ་མཆེད་དེ་འཇིག་རྟེན་དང་ཐ་སྙད་མཐུན་པར་ཁ་དོག་དང་དབྱིབས་སུ་འདོད་པའི་ཕྱིར་རོ། །ཐ་མ་གཉིས་ནི་གཟུགས་མེད་ནམ་མཁའ་རྣམ་ཤེས་ཀྱི་དགེ་བ་དག་པ་པ་དང་། སྤྱོད་ཡུལ་ནི་རང་གི་ས་པའི་ཕུང་པོ་བཞིའོ། ། |
{{#arraymap:ཟད་པར་གྱི་སྐྱེ་མཆེད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བདག་རྐྱེན་བསམ་གཏན་ལ་བརྟེན་ནས་གང་གི་སྒོ་ནས་ཟད་པར་དུ་འཇོག་པའི་དམིགས་པའི་སྣང་བ་དེས་རང་ཡུལ་གྱི་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན། ས་ཆུ་མེ་རླུང། སྔོན་སེར་དམར་པོ་དཀར་པོ་དང། ནམ་མཁའ། རྣམ་པར་ཤེས་པའི་སྐྱེ་མཆེད་དེ་བཅུའོ། །སྒྲ་དོན་ནི། ཟད་པར་དང། རྒྱས་པ་དང། ཁྱབ་པར་དང། མཐའ་དག་ཅེས་པ་རྣམས་མིང་གི་རྣམ་གྲངས་ཡིན་པས། དམིགས་ཡུལ་ས་ལ་སོགས་པ་དེེས་ཡུལ་མཐའ་དག་ལ་ཟད་ཀྱི་བར་དུ་རྒྱས་པར་བྱེད། ཁྱབ་པར་བྱེད་པའི་དོན་གྱིས་ན་ཟད་པར་ཞེས་བྱ། །ལུས་རྟེན་ནི། སྔ་མ་བརྒྱད་ནི་འདོད་པའི་རྟེན་ཅན་ཏེ། ཐོས་བསམ་གྱི་མཐུས་རབ་ཏུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ཐ་མ་གཉིས་ནི་ཀུན་བཏུས་ལྟར་ན་འདོད་གཟུགས་ཀྱི་རྟེན་ཅན་ཡིན་ལ། མཛོད་ལྟར་ན། ཁམས་གསུམ་ཆར་གྱི་རྟེན་ཅན་ཡིན་ནོ། །སེམས་རྟེན་ནི། ཀུན་བཏུས་ལས་ཐམས་ཅད་ཀྱང་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་བཤད་ལ། མཛོད་ལས། ཐ་མ་གཉིས་གཟུགས་མེད་ཀྱི་དངོས་གཞི་དག་པ་བར་བཤད་དོ། །ཡིད་ལ་བྱེད་ཚུལ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་གང་ཟག་གིས་དམིགས་རྟེན་དེ་དག་ལ་རྩེ་གཅིག་ཏུ་དམིགས་ནས་སྦྱོར་བའི་དུས་སུ་དམིགས་རྟེན་འདིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བྱའོ་སྙམ་པའི་མོས་པ་ཡིད་བྱེད་སྔོན་དུ་བཏང་སྟེ་དངོས་གཞིའི་དུས་སུ་ཡང། ས་ས། ཆུ་ཆུ། ཞེས་པའི་མིང་ཙམ་ལ་དམིགས་ཏེ་རྩེ་གཅིག་ཏུ་བསྒོམ་མོ། །བྱེད་ལས་ནི། གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང། ནམ་མཁའ་དང་ཆུ་ལ་ཡང་གོམ་པ་འདོར་ནས་འགྲོ་བ་དང་། ས་ལ་ཡང་ཆུ་ལ་འཇུག་པ་ལྟར་བྱེད་པ་སོགས་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། ། |
{{#arraymap:ཟད་པར་གྱི་སྐྱེ་མཆེད་
|; |@@@ | | }}