85688
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ནད་རྩིས་སྐབས་སུ་བརྩི་བྱ་ནད་པ་དག་ན་དུས་སུ་བབས་པའི་ལོག་མེན་ལོ་གང་ཡིན་ལ་བརྟེན་ནས་ངོས་འཛིན་བྱེད་པའི་ནད་གདོན་ལ་ཟེར་བ་ཡིན། དེ་ཡང་ནད་པ་སུ་ཞིག་ན་དུས་ཀྱི་ལོག་མེན་ལོ་ནི་རང་ལོའི་སྟེང་དུ་སོང་ན་རང་གི་ལུས་ཀྱིས་རང་མ་ཐེག་པས་ཉི་མ་རིང་དུ་ན་བ་དང་། རང་ལོའི་སྲོག་ཁམས་ཀྱི་དགྲ་སྲོག་ཡིན་པའི་ལོ་སྟེང་སོང་ན་ཤིན་ཏུ་སྣད་ཆེ་བས་མི་འཆི་ཡང་ནད་དྲག་ཡུན་རིང་བ་ཡིན། དེ་བཞིན་དུ་མའམ་གྲོགས་ལོའི་སྟེང་དུ་སོང་ན་མྱུར་དུ་འཚོ་ཞིང་ཉེས་པ་མེད། བུ་ལོའི་ཐོག་སོང་ན་བཏང་སྙོམས་ཡིན། བརྩི་བྱ་ནད་པའི་དབང་ཁམས་གང་ཡིན་ལ་བརྟེན་པའི་ལོག་མེན་ལོ་བྱེ་བྲག་པའི་ལན་རྐྱེན་ནི་བཻ་དཀར་ལས། ཤིང་ནི་བྱི་བླང་སྟེང་ཕྱིན་ན། །ཤིང་གཉན་གཉན་དང་མ་མོ་དང་། །བུད་མེད་མནོལ་བྱས་དུས་སོང་གནོད། །མེ་ནི་སྟག་ཡོས་གཉེན་ཕྱིའི་འདྲེ། །མི་གཙང་ཡུགས་གསུམ་བྱུང་བས་ལན། །ས་ནི་འབྲུག་སྦྲུལ་བབས་པའི་ཚེ། །མཚེ་མ་སྐྱེས་ནས་ཤི་བ་འམ། །བུད་མེད་བྱེ་མས་ལྷ་འཕངས་གནོད། །ལྕགས་ནི་རྟ་ལུག་བབས་པའི་ཚེ། །བུད་མེད་མནོལ་ཡོད་དམེ་འཁོན་བྱས། །ནལ་བུ་བསད་པའི་སྲི་ཅན་གནོད། །ཆུ་ནི་བྱ་སྤྲེའུའི་སྟེང་ཕྱིན་ན། །བོན་པོ་དང་ནི་མི་མཐུན་ཞིང་། །བག་མ་བུ་སྲིང་ཕྱོགས་དག་ནས། །རང་གི་ལྷ་འཕངས་བྱང་འབྲོག་གནོད། །ཤིང་ནི་ཁྱི་ཕག་བུ་སྲིང་དང་། །སྣེལ་སྦྲུམ་ཤི་བའི་སྲི་ཅན་དང་། །པུས་མོར་མཚོན་ཕོག་འདྲེ་ཡང་གནོད། །མེ་ནི་བྱི་གླང་དུར་སྲི་དང་། །ཕ་ཚན་ཀུན་གྱི་གཤིན་འཁྲེན་གནོད། །བྱོལ་སོང་བསད་པས་ཉེན་བསླང་ངོ་། །ས་ནི་སྟག་ཡོས་ལྕེབ་འདྲེ་དང་། །ཐོམ་ར་ཐོམ་ལུག་བླངས་པས་གནོད། །ལྕགས་ནི་འབྲུག་སྦྲུལ་བསེ་རགས་དང་། །ཁུ་ཚན་དམེ་བྱས་མི་གཙང་དང་། །ཀླུས་ཁྱེར་མགོ་ལ་མཚོན་ཕོག་གནོད། །ཆུ་ནི་རྟ་ལུག་གླང་རྙེད་པས། །ཉེན་བསླང་བན་བོན་བྱད་བྱེད་དང་། །བྱེ་བྲལ་འདྲེ་དག་གནོད་པ་ཡིན། །ཤིང་ནི་བྱ་སྤྲེལ་མ་ཡམས་དང་། །གྲིར་ཤི་བྱེ་བྲལ་རྒྱལ་པོ་གནོད། །མེ་ནི་ཁྱི་ཕག་ཐེའུ་བྲང་དང་། །མནོལ་ཤོར་ལྷ་འཕངས་མདའ་གྲི་གནོད། །ས་ནི་བྱི་གླང་དཀོར་འདྲེ་དང་། །བྱོལ་སོང་གིས་ནི་བསད་པ་དང་། །བུད་མེད་བྱེ་མས་བུ་བསད་གནོད། །དེ་ལས་ཕྱི་བཤགས་ནང་བཤགས་བྱ། །ཤིང་ནི་རྟ་ལུག་ཕ་ཁུ་འམ། །ཕོ་ནུ་དུར་དུ་མ་སྐྱོལ་བའི། །གཤིན་རྔོགས་བཙན་དཀོར་གྲེ་བོ་གནོད། །མེ་ནི་བྱ་སྤྲེའི་སྟེང་ཕྱིན་ན། །ཀླུ་དང་གྲི་རུ་ཤི་བ་གནོད། །ས་ནི་ཁྱི་ཕག་བྲེ་བྲལ་དམེ། །བྱ་ཚིག་ལྷ་བསྣོལ་འཁོན་བྱས་གནོད། །ལྕགས་ནི་བྱི་གླང་དམེ་མནོལ་དང་། །དཔྱིད་ཟླ་གསུམ་ལ་ཕྱོགས་ངན་ཕྱིན། །འཕུང་སྲི་དང་ཕྲད་རྒྱལ་འགོང་དང་། །འཁོན་དང་བན་བོན་བྱད་བྱེད་གནོད། །ཆུ་ནི་སྟག་ཡོས་འཁོན་བྱད་དང་། །རབས་ཆད་འདྲེ་དང་ཆུ་གྲིར་ཤི ། ཕ་མེས་རིགས་ནས་ཀླུ་གནོད་དོ། །ཤིང་ནི་འབྲུག་སྦྲུལ་སྲི་ཅན་ཀླུ། །ལྕེབ་འདྲེ་མཚེ་མ་ཤི་བ་གནོད། །མེ་ནི་རྟ་ལུག་ཐབ་དང་དམེ། །བྱ་རོག་ཐན་དང་བྱེ་བྲལ་གནོད། །ས་ནི་བྱ་སྤྲེལ་བྱེ་བྲལ་འདྲེ། །ས་བདག་འཕུང་སྲི་གྲེ་བོ་གནོད། །ལྕགས་ནི་ཁྱི་ཕག་ཆུ་མིག་གི ། རྩ་རུ་མནོལ་ཤོར་ཀླུ་ཡང་གནོད། །ཀླུ་ལ་བསངས་བཤགས་གཏེར་བསྡུམ་བྱ། །རྒྱལ་པོ་ལག་སྦྲེལ་གནོད་པ་དང་། །འཁོན་གྱིས་བུ་བསད་གནོད་པ་ཡིན། །ཆུ་ནི་བྱི་གླང་མི་རབས་སུ། །ཀླུ་བཙན་ཀླུ་གདོན་གནོད་པ་ཡིན། །ཤིང་ནི་སྟག་ཡོས་ནད་ཆེན་འབྱུང་། །ཟླ་ངན་སྐྱེས་པའི་ཀླུ་གསུམ་གནོད། །ཀླུ་མཆོད་ཀླུ་ཆོག་བྱས་ན་བཟང་། །མེ་ནི་འབྲུག་སྦྲུལ་དམེ་འདྲེ་དང་། །སྲི་ཅན་གནོད་པས་རུས་པ་དབྱུང་། །ས་ནི་རྟ་ལུག་རྨངས་འདྲེ་དང་། །འཁོན་ཐབས་བྱས་པས་གནོད་པ་ཡིན། །ལྕགས་ནི་བྱ་སྤྲེལ་རྒྱལ་པོ་དང་། །འཕུང་སྲི་དཀོར་འདྲེ་བྱང་སྨན་གནོད། །ཆུ་ནི་ཁྱི་ཕག་ཀླུ་སྲིན་བདུད། །བདུད་དང་འཕུང་སྲི་བསྡོངས་ནས་གནོད། །བདུད་དང་ཀླུ་སྲིན་འཕུང་སྲི་བཅོས། །ཞེས་གསུངས་པ་ལྟར་དང་། ནག་རྩིས་བརྗེད་བྱང་དུ་ཤིང་ནི་བྱི་གླང་སྟེང་ཕྱིན་ན་སོགས་ནི་དབང་ཐང་ཤིང་པ་ཞིག་གནམ་ལོ་བྱི་གླང་སྟེང་དུ་ཕྱིན་པ་ཡིན་ཞེས་སྐབས་འདིའི་ལོ་ནི་ལོག་མེན་ལོ་མིན་པར་གནམ་ལོ་ཡིན་པར་བཀྲལ་འདུག |
Domain | རྩིས་རིག |
{{#arraymap:ལོག་མེན་ལོའི་ནད་གདོན་
|; |@@@ | | }}