94898

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱབས་འགྲོའི་བསླབ་བྱ་ (1)
Part of speech མིང་ཚིག
Definition ཆོས་ལུགས། མདོ། ཐུན་མོང་གི་བསླབ་བྱ་ལྔ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱ་ཞིང་སྐྱབས་སུ་འགྲོ་བ་ལ་བསླབ། དུས་རྟག་ཏུ་དཀོན་མཆོག་གི་མཆོད་པ་ལ་བརྩོན་པར་བྱ། སྲོག་དང་རྒྱལ་སྲིད་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤངས། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་ཐབས་གཞན་མི་བཙལ། ཕྱོགས་གར་འགྲོ་ཡང་ཕྱོགས་དེའི་ལྷ་ལ་ཕྱག་འཚལ། མཆོད་པ་འབུལ། སྐྱབས་འགྲོ་བྱེད་ཅིང་འགྲོ། ཁྱད་པར་གྱི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ན་འཇིག་རྟེན་པའི་ལྷ་གཞན་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་འཚེ་བ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ན་མུ་སྟེགས་ཅན་དང་མི་འགྲོགས། རྗེས་སུ་མཐུན་པའི་སླབ་བྱ་གསུམ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་རྟེན་ལ་གུས་པ་བསྒྲུབ་ཅིང་མ་གུས་པ་སྤང་། བསླབ་བྱ་དེ་དག་བསྲུང་བ་གལ་ཆེའོ།།

{{#arraymap:སྐྱབས་འགྲོའི་བསླབ་བྱ་

|; |@@@ | | }}

སྐྱབས་འགྲོའི་བསླབ་བྱ་ (2)
Part of speech མིང་ཚིག
Definition སོ་སོའི་བསླབ་བྱ་དང༌། ཐུན་མོང་གི་བསླབ་བྱ་གཉིས། དང་པོ་ལ་དགག་པའི་བསླབ་བྱ་ནི།ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང། །སེམས་ཅན་ལ་གནོད་འཚེ་སྤོང་བ་དང༌། མུ་སྟེགས་ཅན་དང་མི་འགྲོགས་པ་དང་གསུམ་མོ། །དང་པོ་ནི། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལ་ཡང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་པའི་གཞི་བདག་དང༌། ལྷ་ཀླུ་སོགས་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་མི་རུང་བ་ཡིན་གྱིས། དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་གྲོགས་འཆོལ་བ་མི་རུང་བ་མིན་ཏེ། དཔེར་ན་སྦྱིན་བདག་ལ་འཚོ་བའི་གྲོགས་འཆོལ་བ་དང༌། སྨན་པ་ལ་ནད་གསོ་བའི་རེ་ལྟོས་འཆའ་བ་བཞིན་ནོ། སེམས་ཅན་ལ་གནོད་འཚེ་སྤོང་བ་ནི། སེམས་ཅན་ལ་བརྡེག་པ་དང༌། འཆིང་བ་དང༌། གོ་རར་ཞུགས་པ་དང༌། རྣ་འབིགས་པ། མི་ཐེག་བཞིན་དུ་འགེལ་བ་སོགས་བསམ་པ་དང་སྦྱོར་བས་གནོད་འཚེ་སྤོང་བའོ། །མུ་སྟེགས་དང་འགྲོགས་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་ཡིད་མི་ཆེས་ཤིང་བཀུར་བ་འདེབས་པ་རྣམས་དང་མཐུན་པར་མི་བྱེད་པའོ། །སྒྲུབ་པའི་བསླབ་བྱ་ནི། དཀོན་མཆོག་དངོས་དང་རྗེས་སུ་མཐུན་པ་རྣམས་ལ། མ་དད་པའི་བསམ་པ་སྤངས་པའི་སྒོ་ནས་ལུས་ངག་ཡིད་གསུམ་གྱིས་ཕྱག་དང་མཆོད་པ་སོགས་ལ་བརྩོན་པར་བྱེད་དགོས་ཏེ། དེ་ལྟར་བྱས་པ་ལས་བསོད་ནམས་དཔག་མེད་ཐོབ་ཅིང༌། སྐྱོན་བརྗོད་ཅུང་ཟད་བྱས་པས་ཀྱང་སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་བའི་ཕྱིར། 3.སྐྱབས་འགྲོའི་བསླབ་བྱ་བཤད་པ་ནི། དགག་པའི་བསླབ་བྱ་བཤད་པ་དང༌། སྒྲུབ་པའི་བསླབ་བྱ་བཤད་པ། ཐུན་མོང་བའི་བསླབ་བྱ་བཤད་པ་དང་གསུམ། དང་པོ་ནི། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ནས་ཚེ་འདིའི་བརྙེད་བཀུར་ལོངས་སྤྱོད་ཟང་ཟིང་གི་ཕྱིར་དུ། འཇིག་རྟེན་པའི་ལྷ་ཀླུ་སོགས་ལ་སྐྱབས་སུ་མི་འགྲོ་ཞིང་དེ་དག་ལ་ཕྱག་མཆོད་སོགས་བྱེད་པ་སྤོང་དགོས་པའི་ཕྱིར། ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་དགོས་པ་དང༌། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་བྱེད་དང་འགྲོགས་པ་སྤངས་དགོས་ཤིང༌། དེ་ཡང་རེ་ཤིགས་མུ་སྟེགས་ཅན་བོད་དུ་མི་འབྱུང་ཡང་དེ་དང་རྗེས་སུ་མཐུན་པར་གྱུར་པའི་རང་ཕྱོགས་ཀྱི་གྲུབ་མཐའ་དང༌། མཁན་སློབ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སྨོད་པའི་རིགས་ཅན་རྣམས་དང་འགྲོགས་པའམ་གྲོགས་བྱེད་པ་སྤོང་དགོས་པའི་ཕྱིར། སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ནས། སངས་རྒྱས་ཀྱི་སྐུ་འདྲ་རི་མོར་བྲིས་པའམ་ལུགས་སུ་བླུགས་པ་རྡོ་དང་ཤིང་ལ་བརྐོས་པ་ཡན་ཆད་ལ་སངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྟེན་ནས་གུས་པས་མཆོད་པར་བྱེད་དགོས། ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་ནས། ཡི་གེ་ན་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྟེན་ནས་གུས་པས་མཆོད་པ་བྱེད་དགོས། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་ན་བཟའ་སེར་པོ་གྱོན་པ་ཡན་ཆད་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྟེན་ནས་གུས་པས་མཆོད་པར་བྱེད་དགོས། ཐུན་མོང་བའི་བསླབ་བྱ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ལ་བརྟེན་ནས་ཟས་ཀྱི་ཚོད་རིག་པ་དང༌། དབང་པོའི་སྒོ་སྡོམ་པ་ཡན་ཆད་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པར་བྱེད་དགོས་པའི་ཕྱིར།

{{#arraymap:སྐྱབས་འགྲོའི་བསླབ་བྱ་

|; |@@@ | | }}

སྐྱབས་འགྲོའི་བསླབ་བྱ་ (3)
Part of speech མིང་ཚིག
Definition སྐྱབས་འགྲོའི་བསླབ་བྱ་ལ་ཐུན་མོང་བསླབ་བྱ་དང་སོ་སོའི་བསླབ་བྱ་གཉིས། དང་པོ་ལ། སྐྱེས་བུ་དམ་པ་དང་འགྲོགས་པ་དང་། དམ་པའི་ཆོས་མཉན་པ་དང་། ཆོས་བཞིན་བསྒྲུབ་པའོ། །དང་པོ་ནི་བླ་མ་མཚན་ཉིད་དང་ལྡན་པ་ལ་ཆོས་མཉན་ཞིང། ཆོས་བཞིན་སྒྲུབ་པའི་གྲོགས་པོ་ལ་ཡིད་རྟོན་ལ། ཉེ་དུ་འབྲེལ་པ་དང་གཡོག་འཁོར་ཐམས་ཅད་ཆོས་ལ་འཛུད་པའོ། །གཉིས་པ་ནི་སངས་རྒྱས་གསུངས་ངེས་པའི་སྡེ་སྣོད་གསུམ་མཉན། ཡང་ན་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་མགོན་པོ་བྱམས་པ་དང་ཀླུ་སྒྲུབ་སོགས་ཀྱིས་མཛད་པའི་ཁུངས་ཐུབ་པའི་ཆོས་མཉན་བཤད་སྒོམ་སྒྲུབ་བྱེད་དགོས་སོ། །གསུམ་པ་ལ་སྤྱིར་སྡེ་སྣོད་དང་མཐུན་པར་བྱ་བ་དང། བྱེ་བྲག་ཏུ་འཕྲལ་གྱི་སྤྱོད་པ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི་སྤྱོད་པ་འདུལ་བ་དང་མཐུན། སྒོམ་པ་མདོ་སྡེ་དང་མཐུན། བཤད་པ་མངོན་པ་དང་མཐུན་པ་ཅིག་དགོས་སོ། །གཉིས་པ་ནི། འདུག་པའི་ཚེ་དཀོན་མཆོག་གསུམ་ལ་བརྟེན་པར་བསམ། འགྲོ་བའི་ཚེ་སྤྱིར་དཀོན་མཆོག་གསུམ། ཁྱད་པར་དུ་གར་འགྲོ་བའི་ཕྱོགས་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཅིང་འགྲོ། བདེ་བ་དང་སྐྱིད་པ་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་གསུམ་ལ་དབུལ། ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་གསུམ་ལ་བློ་གཏད། སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང་ཞིང་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་དཀོན་མཆོག་གསུམ་གྱི་ཞབས་ཏོག་བྱ་བ་བསླབ་བོ། །གཉིས་པ་སོ་སོའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ན་ལྷ་གཞན་ལ་སྟོན་པར་མི་གཟུང། དམ་པའི་ཆོས་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་འཚེ་བ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ན་མུ་སྟེགས་ཅན་ལ་སློབ་དཔོན་དུ་མི་བྱའོ། །གཞན་ཡང་སངས་རྒྱས་ལ་སྐྱབས་སུ་སོང་ན་ལྷ་གཞན་ལ་སྟོན་པར་མི་གཟུང། ཆོས་ལ་སྐྱབས་སུ་སོང་ན་ཆོས་མ་ཡིན་ལམ་དུ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ན་དགེ་འདུན་མ་ཡིན་པ་ལ་གྲོགས་དང་མཆོད་གནས་སུ་མི་གཟུང་ངོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པའི་དགོངས་གསལ་ལས་གསུངས་སོ། ། བསླབ་བྱ་ལ་ཐུན་མོང་གི་བསླབ་བྱ་ཅི་ཟ་བའི་ཕུད་ཀྱིས་མཆོད་པ་ལ་བརྩོན་པ་དང་། ཡོད་ཏན་དྲན་པས་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བ་དང་། བྱ་དགའ་དང་སྲོག་གི་ཕྱིར་ཡང་སྐྱབས་འགྲོ་མི་གཏོང་བ་གསུམ་དང་། སོ་སོའི་བསླབ་བྱ་ལྷ་གཞན་ལ་ཕྱག་མི་འཚལ་བ་དང་། སེམས་ཅན་ལ་འཚེ་བ་མི་བྱ་བ་དང་། གྲོགས་མུ་སྟེགས་ཅན་མི་བསྟེན་པ་གསུམ་དང་། སངས་རྒྱས་པ་ཙམ་གྱི་བསླབ་བྱ་དོ་གལ་ཅི་བྱུང་ཡང་ཐབས་གཞན་མི་བཙལ་བ་དང་། ཕྱོགས་གང་དུ་འགྲོ་བའི་སངས་རྒྱས་ལ་ཕྱག་འཚལ་བ་སྟེ། དེ་ལྟར་བརྒྱད་ལ་བསླབ་ཅེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །

{{#arraymap:སྐྱབས་འགྲོའི་བསླབ་བྱ་

|; |@@@ | | }}