1971

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚོར་བའི་ཕུང་པོ་ནི་གསུམ།
Tibetan Alternate
Tibetan Definition 1.བདེ་བ།

2.སྡུག་བསྔལ། 3.གཉི་ག་མ་ཡིན་པའོ། ། དེ་ཡང་ཚོར་བའི་ཕུང་པོ་ནི་མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གསུམ་ཉམས་སུ་མྱོང་བ་ནི་ཚོར་བ་ཞེས་བྱ་བའོ། ། དེ་ལ་བདེ་བ་ནི་གང་འགགས་ན་ཕྲད་པར་འདོད་པ་ཞེས་བྱ་བ་ནི་ལུས་དང་སེམས་ལས་དབེན་ཞིང་བདེ་བ་བྱུང་ན་དེ་དང་བྲལ་བར་མི་འདོད་ལ་བྲལ་ནའང་སླར་ཕྲད་འདོད་པའོ། ། སྡུག་བསྔལ་ནི་གང་བྱུང་ན་བྲལ་བར་འདོད་པ་སྟེ། རང་གི་ལུས་དང་སེམས་ལ་གནོད་པ་ཞིག་བྱུང་ན། དེ་དང་འགྲོགས་པར་མི་འདོད་པ་བྲལ་བར་འདོད་པའོ། ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ནི་གང་བྱུང་ན་གཉི་གར་འདོད་པར་མི་འགྱུར་བ་ཞེས་བྱ་བ་སྟེ། ལུས་དང་སེམས་ལ་གནོད་པར་བྱེད་པ་མེད་པས་བྲལ་བར་འདོད་པ་ཡང་མེད། ལུས་དང་སེམས་ལ་ལྷག་པར་བདེ་ཞིང་ཕན་པར་བྱེདཔ་ཡང་མེད་པས་ན་འགྲོགས་པའམ་ཕྲད་པར་འདོད་པ་ཡང་མེད་དེ། གཉི་གར་འདོད་པ་མེད་ཅེས་བྱ་བའོ། །

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས》ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number