2211

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལོ་རྩིས་ལུགས་གསུམ།
Tibetan Alternate
Tibetan Definition 1.དང་པོ་ཉིན་ཞག་མའི་ལོ་རྩིས་ཞེས་པ་ནི་གཙོ་བོ་ཉི་མའི་འགྲོས་ལ་བརྟེན་ནས་བྱུང་བ་ཡིན་ཏེ་ཉི་མ་སྣང་འགྲོས་ཀྱིས་དཔྱིད་ཚུགས་པའི་ས་ནས་བརྩམས་ཏེ་བསྐོར་བ་འཁོར་ནས་སླར་ཡང་དཔྱིད་ཚུགས་པའི་ས་ལ་སླེབས་པའི་ཉི་ལྡོག་གི་ལོ་གཅིག་དེ་བརྩི་གཞིར་བྱས་ནས་ལོ་ཟླ་ཚེས་གསུམ་བརྩི་བའི་ལོ་རྩིས་ཞིག་ཡིན་པ་དང་། ཟླ་བའི་འཕེལ་འགྲིབ་སོགས་དང་འབྲེལ་བ་ཅུང་ཟད་ཙམ་ཡང་མེད། དེས་ན་ཉི་ལྡོག་གི་ལོ་གཅིག་གི་ཚད་ནི་ཉིན་ཞག་365.2422ཡིན་པས་ལོ་གཅིག་གི་ཉིན་ཞག་གྲངས་ནི་མཐའ་གཅིག་ཏུ་ཉིན་ཞག་365དང་366གང་རུང་བྱས་ན་འོས་མཚམས་མིན། དེར་བརྟེན་རྒྱུན་ལྡན་གྱི་ལོ་ལ་ཉིན་ཞག་365རེ་བྱས་ནས་བརྩི་བ་དང་དུས་ངེས་ཅན་ཞིག་གི་ནང་དུ་ཉིན་བཤོལ་རེ་བཏོན་ནས་ཉིན་ཞག་366བྱས་ནས་བརྩི་དགོས་པ་ཡིན་ནོ། ། གནའ་དུས་ཀྱི་ཨེ་ཛེའི་ལོ་ཐོ་དང་། མ་ཡའི་ལོ་ཐོ། 1851ལོར་ཀྲུང་གོའི་ལོ་རྒྱུས་སྟེང་གི་འབངས་གྱེན་ལོག་གི་དབུ་ཁྲིད་ཧོན་ཞོའུ་ཅན་གྱི་དུས་སུ་གཏན་འབེབས་བྱས་པའི་གནམ་ལི་ཞེས་པའི་ལོ་ཐོ། དེང་སྐབས་ཡོངས་གྲགས་ཀྱི་སྤྱི་ལོའི་ལོ་རྩིས་སོགས་ནི་ཉིན་ཞག་མའི་ལོ་རྩིས་ཡིན་ནོ། །

2.གཉིས་པ་ཚེས་ཞག་མའི་ལོ་རྩིས་ཞེས་པ་ནི་གོང་གི་དེ་ལས་བཟློག་སྟེ་ཟླ་བའི་འཕེལ་འགྲིབ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་ཉི་མའི་འགྲོས་ལ་འབྲེལ་བ་ཅི་ཡང་མེད། དེ་ནི་གཙོ་བོ་ཚེས་ཟླ་གཅིག་གི་ཚད་ཉིན་ཞག་29.53059དེ་བརྩི་བཞིར་བཟུང་ནས་ལོ་ཟླ་ཞག་གསུམ་རྩི་བྱེད་ཀྱི་རྩིས་ལུགས་ཤིག་ཡིན་ནོ། ། ཆེས་སྔ་མོའི་དུས་སུ་རྒྱལ་ཁབ་འགའ་རུ་ལོ་རྩིས་དེ་རིགས་བེད་སྤྱོད་བཏང་བའི་ལོ་རྒྱུས་ཡོད་པ་དང་། དེང་སྐབས་ཨ་ལ་པོའི་རྒྱལ་ཁབ་ཁག་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་ཨི་ཟི་ལན་ལོ་རྩིས་སམ་ཧེ་ལི་(ཁ་ཆེའི་ལོ་རྩིས་)ཞེས་པ་ནི་ཚེས་ཞག་མའི་ལོ་རྩིས་ཡིན། 3.གསུམ་པ་ཉིན་ཚེས་སྦྲགས་མའི་ལོ་རྩིས་ཞེས་པ་ནི་གོང་དུ་བཤད་ཟིན་པ་ལྟར་ཉི་ལྡོག་གི་ལོ་གཅིག་གི་ཚད་དང་ཚེས་ཟླ་གཅིག་གི་ཚད་གཉིས་ཀ་གཞིར་བཟུང་གིས་བརྩིས་པའི་ལོ་རྩིས་ཀྱི་རིགས་ཤིག་ལ་ཟེར། དེས་ན་ཉི་མ་ལྡོག་པའི་ལོ་གཅིག་གི་ཚད་ནི་ཉིན་ཞག་365.2422ཡིན་པ་དང་། ཚེས་ཟླ་གཅིག་གི་ཚད་ནི་ཉིན་ཞག་29.53059ཡིན་པའི་རྐྱེན་གྱིས་དེ་གཉིས་ལྷུ་སྒྲིག་ཐབས་བྱེད་དགོས། ལོ་གཅིག་ལ་ཚེས་ཟླ་བཅུ་གཉིས་ཀྱི་དབང་དུ་བཏང་ན་ཉིན་ཞག་354.36708མ་གཏོགས་མི་འབྱུང་བས་ལོ་རེར་ཉིན་ཞག་11ཆ་ཤས་དང་བཅས་པའི་ཉུང་སྐྱོན་འབྱུང་། ལོ་གཅིག་ལ་ཚེས་ཟླ་བཅུ་གསུམ་དུ་བྱས་ན་ཉིན་ཞག་383.89707འབྱུང་བས་ལོ་རེར་ཉིན་18རྗེས་འབྲངས་དང་བཅས་པའི་མང་སྐྱོན་འབྱུང་། ཉིན་ཚེས་ཕན་ཚུན་བསྟུན་ཕྱིར་ཟླ་བཤོལ་འདོན་པའི་ལུགས་སྲོལ་བྱུང་བ་དེ་ནི་ཉིན་ཚེས་སྦྲགས་མའི་ལོ་རྩིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། གནའ་དུས་ཀྱི་པ་པི་ལོན་དང་གོ་རི་ཟིའི་ལོ་རྩིས། བོད་ཀྱི་སྐར་རྩིས། རྒྱ་རིགས་ཀྱི་ཞིང་རྩིས་སོགས་ནི་ཉིན་ཚེས་སྦྲགས་མའི་ལོ་རྩིས་ཡིན་ནོ། །

Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་གཟུགས་ཤ་194.14ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number