2309

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སོག་པོ་སྟག་ཁྲིད་ཀྱི་མཚོན་དོན་གསུམ།
Tibetan Alternate
Tibetan Definition དེ་ཡང་། སོག་པོ་སྟག་ཁྲིད་ནི་རིགས་གསུམ་མགོན་པོའི་མཚོན་དོན་དུ་སྨྲ་བ་སྟེ།

1.སོག་པོས་སྤྱན་རས་གཟིགས། 2.སྟག་གིས་འཇམ་དབྱངས། 3.ལྕགས་ཐག་གིས་ཕྱག་རྡོར་མཚོན་པས། རི་མོ་འདི་སྒོ་སྐྱོར་རྩིག་ལྡེབས་སུ་བཞེངས་ནས་ཁ་ཕྱིར་ཕྱོགས་སུ་གཏད་ན། གདོན་བགེགས་བར་ཆད་ཐམས་ཅད་དང་བཀྲ་མི་ཤིས་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཅིང་ནང་དུ་བཀྲ་ཤིས་བདེ་ལེགས་འབྱུང་བ་མཚོན་པ་ཡིན་ཞེས་བཤད་སྲོལ་ཡོད།

Tibetan Source 《རི་མོའི་རྣམ་གཞག་བློ་གསལ་འཇུག་སྒོ་》དེབ་ཤ་477.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number