5167
Tibetan | དེ་བཞིན་གཤེགས་པ་ནི་སྐྱབས་ཀྱི་འོས་ཡིན་ལ་ལྷ་རྣམས་སྐྱབས་ཀྱི་འོས་མ་ཡིན་པའི་རྒྱུ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།
1.རྟགས་ནི། (1)ལྷ་རྣམས་ནི་བལྟར་མི་སྣང་བའི་ཕྱིར་ཀུན་ཏུ་ཐ་སྙད་བྱར་མེད་པ། (2)དྲག་པོ་ཆ་བྱད་ཅན་ཡིན་པའི་ཕྱིར་འཇིགས་པ་དང་བཅས་པ། (3)བག་མེད་པ་ལ་བརྟེན་པའི་ཕྱིར་སྲེད་པ་དང་བཅས་པ། (4)གཞན་གྱི་དོན་ལ་མི་བལྟ་བའི་ཕྱིར་སྙིང་རྗེ་མེད་པ། (5)བྱས་པ་དང་མ་བྱས་པ་མི་ཤེས་པའི་ཕྱིར་དང། དེ་ཁོ་ནའི་དོན་མ་རྟོགས་པའི་ཕྱིར་རོ། ། དེ་བཞིན་གཤེགས་པ་ནི་ཇི་ལྟར་རྟགས་ལས་སྐྱབས་ཀྱི་འོས་ཡིན་པར་རིག་པར་བྱ་ཞེ་ན། (1)བལྟར་སྣང་བའི་ཕྱིར་ཀུན་ཏུ་ཐ་སྙད་བྱར་ཡོད་པ། (2)རབ་ཏུ་ཞི་བའི་ཆ་བྱད་མངའ་བའི་ཕྱིར་འཇིགས་པ་དང་བྲལ་བ། (3)བག་ཡོད་པའི་ཕྱིར་སྲེད་པ་མི་མངའ་བ། (4)གཞན་གྱི་དོན་ལ་གཟིགས་པའི་ཕྱིར་ཐུགས་རྗེ་དང་བཅས་པ། (5)བྱས་པ་དང་མ་བྱས་པ་མཁྱེན་པའི་ཕྱིར་དང་དེ་ཁོ་ནའི་དོན་རྟོགས་པའི་ཕྱིར་རོ། ། གཞན་ཡང་དེ་བཞིན་གཤེགས་པ་ནི་རྟགས་ལྔས་སྐྱབས་ཀྱི་འོས་ཡིན་པར་རིག་པར་བྱ་སྟེ། (1)སེམས་ཅན་གྱི་དོན་གྱི་ཕྱིར་བྱང་ཆུབ་ཡང་དག་པར་བསྒྲུབས་པ། (2)རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་ཞིང་བསྙེངས་པ་མི་མངའ་བའི་ཕྱིར་ཚུལ་ཡང་དག་པར་རྗེས་སུ་འཇུག་པར་མཛད་པ། (3)ཕན་འདོགས་པ་དང་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་མཉམ་པར་ཕན་པའི་ཐུགས་མངའ་བ། (4)ཕོ་བྲང་དང་བཙུན་མོ་དང་སྲས་དང་ཡོངས་སུ་གཟུང་བ་ལ་ཆགས་པ་ཡོངས་སུ་བཏང་བས་དབང་པོ་ཞི་བ། (5)སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ངེས་པར་འགྲོལ་བར་མཛད་པའོ། ། 2.ངོ་བོ་ཉིད་ནི། དེ་བཞིན་གཤེགས་པ་རྣམས་ནི་ཟག་པ་ཐམས་ཅད་དང་བྲལ་བའི་ཕྱིར་བདག་ཉིད་ཀྱང་དུལ་བ་ཡིན་ལ་འདུལ་བར་མཛད་པ་ཡིན་པར་འོས་ཀྱི། ལྷ་རྣམས་ནི་ཟག་པ་དང་ལྡན་པ་ཡིན་པས་གདུལ་བར་བྱ་བ་ཡིན་ཏེ་འདུལ་བར་བྱེད་པའི་འོས་མ་ཡིན་ནོ། ། 3.ལས་ནི། དེ་བཞིན་གཤེགས་པ་རྣམས་ནི་བསམ་གཏན་ཡངས་ཤིང་རྒྱ་ཆེ་བ་ལ་གནས་པར་མཛད་པའི་འཕྲིན་ལས་ཅན་དང་། སེམས་ཅན་གྱི་དོན་མཛད་པའི་འཕྲིན་ལས་ཅན་ཡིན་གྱི་ལྷ་རྣམས་ནི་འདོད་པའི་ལོངས་སྤྱོད་ལ་གནས་པར་བྱེད་པའི་ལས་ཅན་དང་། སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་ལས་ཅན་ཡིན་པར་སྣང་ངོ་། ། 4.ཆོས་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་རང་གི་སྐྱེས་བུའི་བྱེད་པ་ལ་རག་ལས་པ་ཡིན་པའི་ཕྱིར་སྐྱེས་བུའི་བྱེད་པ་མེད་ན་ལྷ་རྣམས་ལ་གུས་པ་དམ་པོས་ཞེན་པ་རྣམས་ཀྱིས་ཀྱང་འཐོབ་པར་མི་འགྱུར་ལ། སྐྱེས་བུའི་བྱེད་པ་དང་ལྡན་པ་དེ་ལ་གུས་པ་མེད་པ་རྣམས་ཀྱིས་ཀྱང་དེ་འཐོབ་པར་འགྱུར་བའི་ཕྱིར་རོ། ། 5.རྒྱུ་དང་འབྲས་བུ་ནི། འདི་ལ་ལྷ་ཉིད་ནི་ལྷ་ཉིད་དུ་འགྱུར་བའི་ལས་ཀྱིས་སམ། དེ་ཉིད་ལ་མཆོད་པས་སམ། རྒྱུ་མེད་པས་འཐོབ་པར་འགྱུར་གྲང་ན། གལ་ཏེ་ལྷ་ཉིད་དུ་འགྱུར་བའི་ལས་ཀྱིས་ཡིན་ན་ནི་དེས་རང་གི་ལས་ཉིད་སྐྱབས་ཀྱི་འོས་ཡིན་གྱི། ལྷ་རྣམས་ནི་མ་ཡིན་ནོ། ། གལ་ཏེ་རྒྱུ་མེད་པས་ཡིན་ན་ནི་དེས་ན་རྒྱུ་མེད་པ་ཉིད་སྐྱབས་ཀྱི་འོས་ཡིན་གྱི། ལྷ་རྣམས་ནི་མ་ཡིན་ནོ། ། གལ་ཏེ་ལྷ་མཆོད་པས་ཡིན་ན་དེས་ན་ལྷ་ཉིད་ཀྱི་རྒྱུ་མཆོད་པ་ཉིད་དམ་དེ་གཉི་ག་ཡིན་པར་འགྱུར་གྲང་ན། གལ་ཏེ་མཆོད་པ་ཉིད་ཡིན་ན་ནི་དེས་ན་མཆོད་པ་གང་ཡང་རུང་བས་ལྷ་ཉིད་དུ་འགྱུར་བས་ལྷ་ཉིད་དོན་མེད་པར་འགྱུར་རོ། ། གལ་ཏེ་ལྷ་ཉིད་ཀྱིས་ཡིན་ན་ནི་དེས་ན་ལྷ་མཆོད་པ་མེད་པར་ཡང་ལྷ་ཉིད་ཀྱིས་ལྷ་ཉིད་དུ་འགྱུར་བར་བྱེད་པའི་ཕྱིར་རོ། ། ལྷ་མཆོད་པ་དོན་མེད་པར་འགྱུར་རོ། ། གལ་ཏེ་དེ་གཉི་གས་ཡིན་ན་ནི་དེས་ན་མཆོད་པས་ཕན་བཏགས་པའི་ལྷ་ཉིད་གང་སེམས་པར་བྱེད་པ་དེ་ནི་ཡང་དག་པར་འགྲུབ་པར་འགྱུར་བའི་ཕྱིར་རོ། ། དེས་ན་ལྷ་དེས་བསམ་པ་རྣམ་པ་བདུན་ཡང་དག་པར་འགྲུབ་པར་འཁྲུལ་པ་ཁོ་ནར་འགྱུར་བས་དེ་ཡང་མི་འཐད་དེ། མཆོད་པའི་རྐྱེན་གྱིས་ཕན་བཏགས་པ་དང་། མོས་པའི་རྐྱེན་གྱིས་ཕན་བཏགས་པ་དང་། དེ་ལ་མོས་པ་རྣམས་མོས་པར་བྱེད་པ་དང་། ཁྱད་པར་དུ་འཕགས་པའི་ལྷ་ཉིད་ཁས་བླངས་པ་དང་། ལོངས་སྤྱོད་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡང་དག་པར་འགྲུབ་པ་དང་། ལྷ་མ་ཡིན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་འཇིག་པ་དང་། འཆི་འཕོ་ལ་བསམ་པ་ཡང་དག་པར་འགྲུབ་པར་འཁྲུལ་པར་འགྱུར་རོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་30བ་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |