5314

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ནད་གསོ་བྱེད་ཀྱི་གཉེན་པོ་ལྔ།
Tibetan Alternate
Tibetan Definition 1.ཟས་ཀྱི་གཉེན་པོ་ལ་ཡང་དྲུག་སྟེ།

(1)རླུང་ཟས་ཀྱི་གཉེན་པོ་བཅུ་སྟེ། [1]རླུང་ཟས་ཀྱི་གཉེན་པོ་ནི་རྟའི་ཤ། [2]བོང་བུའི་ཤ། [3]འཕྱི་བའི་ཤ། [4]ལོ་ཤ་སྟེ་གང་ཡང་རུང་བ་སྐམ་ནས་ལོ་ལོན་པ། [5]ཤ་ཆེན་ཏེ་མི་དར་མ་གློ་བུར་དུ་ཤི་བའི་ཤ་ཆེན་སྐམ་པོ། [6]ཏིལ་ཡུངས་སོགས་ཀྱི་འབྲུ་མར། [7]ལོ་མར་ཏེ་རྩི་མར་རྙིང་པ་ལོ་ལོན་པ། [8]བུ་རམ་སྨུག་པོ། [9]སྒོག་སྐྱ། [10]བཙོང་ནག་དང་བཅུའོ། ། (2)རླུང་སྐོམ་གྱི་གཉེན་པོ་བཞི་སྟེ། [1]རླུང་སྐོམ་གྱི་གཉེན་པོ་ནི་འོ་མ་དྲོན་མོ། [2]ལྕ ་བ་དང་ར་མཉེའི་ཟན་ཆང་། [3]བུར་ཆང་། [4]རུས་ཆང་དང་བཞིའོ། ། (3)མཁྲིས་ཟས་ཀྱི་གཉེན་པོ་བདུན་ཏེ། [1]བའི་མར་གསར། [2]རའི་མར་གསར། [3]རི་དྭགས་ཀྱི་ཤར་ཤ། [4]སྐོམ་ཤ་སྟེ་རྟོལ་གྱི་ཤ་གསར་པ། [5]ནས་གསར་པའི་ཆག་ཚེ། [6]སྐྱབས་ཏེ་ཁུར་སྐྱའི་ཚོད་མ། [7]ཁུར་ནག་གི་ཚོད་མ་དང་བདུན་ནོ། ། (4)མཁྲིས་སྐོམ་གྱི་གཉེན་པོ་བཅུ་གཉིས་ཏེ། [1]བ་ཡི་ཞོ་དར། [2]རའི་ཞོ་དར། [3]ཆབ་ཚ་སྟེ་ཚ་སྡོར་མེད་པའི་ཐུག་པ་སླ་མོ། [4]ཚྭ་སྡོར་འཕྲལ་བའམ་ཇ་ཐང་ཚྭ་སྡོར་མེད་པ་གང་རུང་དུ་བཞེད་པ། [5]གངས་དང་རྫ་ལས་བྱུང་བའི་ཆུ་བསིལ་དང་། ཆུ་བསྐོལ་ནས་གྲང་དུ་བཅུག་པ་སྟེ་མཁྲིས་སྐོམ་གྱི་གཉེན་པོ་ལྔ། སྤྱིར་མཁྲིས་པའི་ནད་ཅན་གྱི་ཟས་སྐོམ་གྱི་གཉེན་པོ་བཅུ་གཉིས་སུ་བཤད་པའོ། ། (སྐབས་འདིར་གོང་བཤད་ལས་ཞིབ་ཆ་གསུང་མི་འདུག) (5)བད་ཀན་ཟས་ཀྱི་གཉེན་པོ་དྲུག་སྟེ། [1]ལུག་གི་ཤ། [2]གཡག་རྒོད་དེ་འབྲོང་གི་ཤ། [3]རྩལ་མཐུས་ཟ་བ་གཅན་གཟན་ཤ་སྡེ། [4]ཉའི་ཤ། [5]སྦྲང་རྩི། [6]སྐམ་སར་སྐྱེས་པའི་འབྲུ་རྙིང་གི་ཟན་དྲོན་སྡོར་ལྡན་དང་དྲུག་གོ ། (6)བད་ཀན་སྐོམ་གྱི་གཉེན་པོ་དགུ་སྟེ། [1]འབྲིའི་ཞོ་དར། [2]གར་ཆང་ནར་སོན་པ། [3]ཆུ་སྐོལ་ཚ་མོ་དང་གསུམ་བཅས་བད་ཀན་གྱི་ནད་གཞི་ཅན་གྱིས་བསྟེན་པར་བྱ་བའི་བཟའ་བཏུང་གི་གཉེན་པོ་དགུའོ། ། ཞེས་གསུངས་པ་ལས་ཞིབ་ཆ་གསུངས་མི་འདུག་པ་དཔྱད། 2.སྤྱོད་ལམ་གྱི་གཉེན་པོ་ལ་ཡང་གསུམ་སྟེ། (1)རླུང་གི་སྤྱོད་ལམ་ལ་གཉིས་ཏེ། [1]རླུང་ནད་ཅན་ལ་གནས་དྲོ་སར་སྡོད་པ། [2]རང་རང་གི་ཡིད་དུ་འོང་བའི་གྲོགས་བསྟེན་ཅིང་གནས་པ་དང་གཉིས་སོ། ། (2)མཁྲིས་པའི་སྤྱོད་ལམ་ལ་གཉིས་ཏེ། [1]མཁྲིས་པའི་ནད་ལ་གནས་ཆུ་འགྲམ་ཤིང་གྲིབ་སོགས་བསིལ་སར་སྡོད་པ། [2]སྤྱོད་ལམ་དྲག་ཤུལ་རིགས་མི་བྱ་བར་དལ་བར་སྡོད་པ་དང་གཉིས་སོ། ། (3)བད་ཀན་གྱི་སྤྱོད་ལམ་ལ་གཉིས་ཏེ། [1]བད་ཀན་ནད་ལ་སྤྱོད་ལམ་ལུས་རྩོལ་བས་བཅག་པ། [2]གནས་དྲོ་སར་བསྟེན་པ་དང་གཉིས་སོ། ། 3.སྨན་གྱི་གཉེན་པོ་ལ་ཡང་བཅོ་ལྔ་སྟེ། (1)རོ་ནུས་སྦྱོར་བ་དྲུག་སྟེ། [1]རླུང་སྨན་རོ། [2]རླུང་སྨན་ནུས་པ། [3]མཁྲིས་སྨན་རོ། [4]མཁྲིས་སྨན་ནུས་པ། [5]བད་ཀན་གྱི་སྨན་གྱི་རོ། [6]བད་ཀན་སྨན་གྱི་ནུས་པ་དང་དྲུག་གོ ། (2)ཞི་བྱེད་ཀྱི་སྦྱོར་བ་དྲུག་སྟེ། [1]རླུང་སེལ་བ་ཞི་བྱེད་ཁུ་བ། [2]རླུང་སེལ་བ་ཞི་བྱེད་སྨན་མར། [3]མཁྲིས་པ་སེལ་བ་ཞི་བྱེད་ཐང་། [4]མཁྲིས་པ་སེལ་བ་ཞི་བྱེད་ཅུར་ནིས། [5]བད་ཀན་སེལ་བ་ཞི་བྱེད་རིལ་བུ། [6]བད་ཀན་སེལ་བ་ཞི་བྱེད་ཏྲེས་སམ་དང་དྲུག་གོ ། (3)སྦྱོང་བྱེད་ཀྱི་སྦྱོར་བ་གསུམ་སྟེ། [1]རླུང་གི་ནད་ལ་འཇམ་རྩི། [2]མཁྲིས་པའི་ནད་ལ་བཤལ། [3]བད་ཀན་ནད་ལ་སྐྱུགས་བཅས་གསུམ་མོ། ། 4.དཔྱད་ཀྱི་གཉེན་པོ་ལ་ཡང་གསུམ་སྟེ། (1)རླུང་དཔྱད་ཀྱི་གཉེན་པོ། (2)མཁྲིས་ནད་དཔྱད་ཀྱི་གཉེན་པོ། (3)བད་ཀན་དཔྱད་ཀྱི་གཉེན་པོ་དང་གསུམ་མོ། ། 5.ཞར་བྱུང་མཇུག་བསྡུ་བ་གསོ་ཐབས་དགུ་བཅུ་རྩ་བརྒྱད་ནི། (1)གསོ་བྱེད་ཐབས་ཀྱི་རྣམ་པ་ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ལ། རླུང་ཟས་དང་རླུང་སྐོམ་གྱི་གཉེན་པོ་བཅུ་བཞི། (2)མཁྲིས་ཟས་དང་མཁྲིས་སྐོམ་གྱི་གཉེན་པོ་བཅུ་གཉིས། (3)བད་ཀན་གྱི་ཟས་སྐོམ་གྱི་གཉེན་པོ་དགུ། (4)རླུང་མཁྲིས་བད་ཀན་གསུམ་གྱི་སྤྱོད་ལམ་གྱི་གཉེན་པོ་དྲུག། (5)རོ་ནུས་སྦྱོར་བ་དྲུག་ལ་རླུང་སྨན་རོ་ནུས་ཀྱི་གཉེན་པོ་དྲུག མཁྲིས་སྨན་རོ་ནུས་ཀྱི་གཉེན་པོ་དྲུག བད་ཀན་གྱི་སྨན་རོ་ནུས་ཀྱི་གཉེན་པོ་དྲུག་བཅས་བཅོ་བརྒྱད། (6)ཞི་བྱེད་ཀྱི་སྦྱོར་བ་དྲུག་ལ་རླུང་སེལ་བའི་གཉེན་པོ་བརྒྱུད། མཁྲིས་པ་སེལ་བའི་གཉེན་པོ་བརྒྱད། བད་ཀན་སེལ་བའི་བདུན་བཅས་ཉི་ཤུ་རྩ་གསུམ། (7)སྦྱོང་བྱེད་ཀྱི་སྦྱོར་བ་གསུམ་ལ་རླུང་འཇོམ་བྱེད་འཇམ་རྩིའི་གཉེན་པོ་གསུམ། མཁྲིས་པ་སྦྱོང་བྱེད་བཤལ་གྱི་གཉེན་པོ་བཞི། བད་ཀན་ནད་ཀྱི་གཉེན་པོ་གཉིས་བཅས་དགུ། (8)དཔྱད་ལ་རླུང་མཁྲིས་བད་ཀན་གསུམ་ལ་དཔྱད་ཀྱི་གཉེན་པོ་བདུན་བཅས་དགུ་བཅུ་རྩ་བརྒྱད་དོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་56.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number