560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བརྩི་བྱའི་ལོག་མིན་ལ་བརྟེན་ནས་བདུད་ཆད་དང་། བླ་འཁྱམས་གཉིས་སུ་གྱུར་ཚུལ་རེའུ་མིག།
Tibetan Alternate
Tibetan Definition དེ་ཡང་། བོད་ལྗོངས་སྨན་རྩིས་ཁང་གི་རྩིས་རམས་པ་ཡུམ་པས་བརྩམས་པ་རྩིས་རིག་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ།

ལོག་མིན་བརྩི་ཚུལ་ནི་ནག་རྩིས་ཉེར་མཁོ་བུམ་བཟང་ལས། སྐྱེས་པ་བུ་ཡིས་སྟག་ནས་སྤུབ། ། བུད་མེད་མ་ཡི་སྤྲེལ་ནས་བཀེན། ། རང་རང་ལོ་གྲངས་གང་ཡིན་བགྲང་། ། དཔེར་ན་ཤིང་ཕོ་བྱི་བ་ལ། ། ཕོ་ནི་མེ་སྟག་མོ་ཆུ་སྤེལ། ། སྐོར་མགོ་བྱས་ནས་གྱེན་ཐུར་བརྩི། ། ཞེས་འབྱུང་བ་ལྟར་བརྩི་སྟངས་རྩིས་གཞུང་ཚང་མ་མཐུན། དེ་ཡང་ཅུང་ཟད་གོ་བདེ་བར་འགྲེལ་ན། བརྩི་བྱ་སྐྱེས་པ་ཡིན་ན་དེའི་དབང་ཐང་གང་ཡིན་གྱི་བུའི་སྟག་ནས་སྦུབ་བམ་གཡས་སྐོར་དུ་བརྩི་བ་དང་། བུད་མེད་ཡིན་ན་དབང་ཐང་གང་ཡིན་གྱི་མའི་སྤྲེལ་ནས་གྱེན་དུའམ་གཡོན་སྐོར་རིམ་པར་ལོ་གྲངས་སོ་སོར་བགྲངས་པས་གར་བབས་ལོག་མེན་གྱི་ཁམས་དང་ལོ་རུ་ཤེས་པར་བྱའོ། ། དཔེར་ན་གནམ་ལོ་ས་ཡོས་ལ་བབས་པའི་ཤིང་བྱི་རང་ལོ་16སྟེང་སོན་པའི་ཕོ་མོ་གཉིས་ཀྱི་ལོག་མེན་བརྩི་ན། སྐྱེས་པ་ནི་ཤིང་བུ་མེ་སྟེ་སྟག་ནས་གཡས་སྐོར་ཏུ་ལོ་གྲངས་བརྩི་བ་དང་། བུད་མེད་ནི་ཤིང་མ་ཆུ་སྟེ་ཆུ་ཡི་སྤྲེལ་ནས་གཡོན་སྐོར་དུ་རིམ་པར་ལོ་གྲངས་16བརྩིས་ནས་གར་བབས་ལོག་མེན་ངོས་འཛིན་བྱེད་དགོས། དེ་ནས་ལོག་མེན་གྱི་ལོ་རྟགས་ནི་དཀྱུས་ལྟར་ལོ་སྐོར་བཅུ་གཉིས་སྟེང་ནས་གྱེན་ཐུར་དུ་ལག་རྩིས་བྱས་པས་རྟོགས་སླ་བ་དང་། ལོག་མེན་གྱི་ཁམས་བརྩི་ཚུལ་ལག་རྩིས་བྱེད་སྟངས་སྟབས་བདེ་ཞིག་བཀོད་ན་འདི་ལྟར། བརྩི་བྱ་སྐྱེས་པ་ཡིན་ན་དབང་ཐང་གི་བུ་གང་ཡིན་པ་འབྱུང་བ་དེའི་སྟེང་ནས་གཡས་སྐོར་རིམ་པར། གཅིག གཉིས། གསུམ་བཞི། ལྔ་དྲུག་བདུན་བརྒྱད། དགུ་བཅུ་ཞེས་དང་། བརྩི་བྱ་བུད་མེད་ཡིན་ན་དབང་ཐང་གི་མ་གང་ཡིན་པ་དེའི་སྟེང་ནས་གཡོན་སྐོར་རིམ་པར། གཅིག གཉིས་གསུམ། བཞི་ལྔ། དྲུག་བདུན། བརྒྱུད་དགུ། བཅུ་ཐམ་ཞེས་འབྱུང་བ་རེ་ལ་གཉིས་གཉིས་སྦྱར་ནས་བརྩི་བྱའི་ལོ་གྲངས་ཀྱི་གྲངས་གནས་དང་པོ་ཁོ་ན་སྦྱར་ཏེ་བརྩིས་པས་ལོག་ལེན་གྱི་ཁམས་བདེ་མྱུར་དུ་རྟོགས་པ་ཡིན་ནོ། ། དེ་ལྟར་རྩིས་པའི་ལོག་མེན་དེ་སྐྱེས་པ་ཡིན་ན་ཁྱི་ལ་བབས་ན་གནམ་སྒོ་དང་། ཕག་ལ་བབས་ན་ས་སྒོ་ཡིན། བུད་མེད་ལ་སྦྱར་ན་འབྲུག་ལ་བབས་ན་གནམ་སྒོ་དང་། སྦྲུལ་ལ་བབས་ན་ས་སྒོ་ཡིན། གླང་ལུག་གཉིས་ལ་བབས་ན་ཕུང་གྱོད་དང་། བྱ་སྤྲེལ་གཉིས་ལ་བབས་ན་བྱེ་བྲལ། བྱི་རྟ་གཉིས་ལ་བབས་ན་རུ་ཆོད། སྟག་ཡོས་གཉིས་ལ་བབས་ན་འབྱོར་པ་ཡིན་ནོ། །ལོག་མེན་དེ་ནས་ཡར་ལྔ་བགྲངས་པ་གནམ་གྱི་འཇུ་ཐག་དང་། མར་ལྔ་བགྲངས་པ་ས་ཡི་རྟེན་ཕུར་ཡིན། ཡར་བརྒྱད་བགྲངས་པ་གནམ་བརྒྱངས་དང་། མར་བརྒྱད་བགྲངས་པ་ས་བརྒྱངས་ཞེས་མིང་དུ་བཏགས་པ་དང་དེའི་ཁམས་བརྩི་སྟངས་ཀྱང་གོང་གི་ལོག་མེན་གྱི་ཁམས་བརྩི་སྟངས་ཀྱི་རིག་པ་དང་རིགས་འགྲེས་སྦྱར་བར་བྱའོ། ། གཞན་ཡང་བདུད་གཅོད་བླ་འཁྱམས་ཀྱི་ཚུལ་ནི། འབྱུང་རྩིས་ཟླ་ཟེར་ལས། རང་གི་ལོག་མེན་སྲོག་དབང་གཉིས། ། རང་ལོའི་སྲོག་དབང་གཉིས་ཀ་ཡི། ། དགྲ་རུ་གྱུར་ཚེ་ཕོ་ལོ་དང་། ། མོ་ལོ་སོ་སོར་ཕན་ཚུན་དུ། ། རང་བདུད་ཆད་ཅིང་གཞན་བླ་འཁྱམས། ། ཞེས་གསུངས་པའི་དོན་ནི། བརྩི་བྱ་སྲོག་དང་དབང་ཐག་གཅིག་པ་ཡིན་པ་གང་ཞིག་དེའི་དགྲ་རུ་གྱུར་པའི་ལོག་མེན་སྲོག་དང་དབང་ཐང་གཅིག་པ་ཡིན་པ་ཞིག་བབས་ན། ཕོ་ལོ་དང་ཕོ་ལོ། མོ་ལོ་དང་མོ་ལ་ཕན་ཚུན་ནང་མཐུན་དུ་འཕྲད་ན་བདུད་ཆད་ཡིན་པ་དང་། ཕོ་ལོ་དང་མོ་ལོ། མོ་ལོ་དང་ཕོ་ལོ་ཕན་ཚུན་མི་མཐུན་པ་གཞན་ལྟ་བུར་འཕྲད་ན་བླ་འཁྱམས་ཡིན་ཞེས་འི་དོན་ནོ། ། དེས་ན་བདུད་ཆད་བླ་འཁྱམས་དུ་འགྱུར་བའི་བརྩི་བྱའི་ལོ་ཁམས་དང་ལོག་མེན་ནི་གཤམ་གསལ་རེའུ་མིག་ཏུ་བཀོད་པ་ལས་ཤེས་པར་བྱའོ། ། ཞེས་སོ། །

Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་གཟུགས་ཤ་51.12ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number