7242
Tibetan | རྒྱུ་སྐར་འབྲས་བུ་ཕྱོགས་སྡེབས་སྐར་མ་དང་།དེའི་འབྲས་བཤད་བདུན། |
---|---|
Tibetan Alternate | |
Tibetan Definition | 1.མི་བརྟན་འགྱུར་བའི་སྐར་མ་བཞི་ནི།
(1)རྒྱལ། (2)མེ་བཞི། (3)ནམ་གྲུ། ། (4)ཐ་སྐར་རོ། ། སྐར་མ་འདི་དག་ལ། མཆོད་མཆོག་ཆོས་འཆད་སྡོམ་པ་འབོགས། ། གོང་མར་ཞུ་ནོར་འབུལ་བ་དང་། ། རང་དོན་མྱུར་པོ་སྒྲུབ་རྣམས་བཟང་། ། དེ་ལ་ཆར་བབས་ཐན་པ་འབྱུང་། ། འདི་ལ་སྐྱེས་པའི་ཁྱེའུ་དེ། ། ཚེ་ལོ་བརྒྱད་ཅུ་འཚོ་བ་སྟེ། ། ལྕེ་བདེ་གཟུགས་བཟང་ལག་པ་བཟོ། ། བློ་ལུས་མི་བརྟན་འདུག་མི་ཚུགས། ། རང་བཞིན་ཤིན་ཏུ་ངན་པའོ། ། ནད་ནི་ཆུང་ངུ་འབྱུང་འགྱུར་ཏེ། ། བཏབ་མ་ཐག་ཏུ་འཚོ་བར་འགྱུར། ། ཞེས་སོ། ། 2. རབ་ཏུ་བརྟན་པའི་སྐར་མ་བཞི་ནི། (1)སྣར་མ། (2)དབོ། (3)ཆུ་སྨད། (4)མོན་གྲུའོ། ། སྐར་མ་འདི་དག་ལ། ཡུལ་གསར་འཛིན་དང་དཔོན་གསར་བསྐོ། ། རབ་ཏུ་བརྟན་པའི་ཆོ་ག་བྱ། ། གཞན་དཔོན་ཤིང་དང་མེ་ཏོག་བསྐྲུན། ། ལྡུམ་ར་ཚལ་སོགས་བྱ་བ་དང་། ། ཀུན་དགའ་ར་བ་བརྩིག་པ་བཟང་། ། ཚེ་དེ་ཆར་བྱུང་ཚར་མང་འབབ། ། འདི་དག་ལ་ནི་གང་སྐྱེས་པ། ། ལོ་ནི་བརྒྱ་ཕྲག་གཅིག་ཏུ་འཚོ། ། ཕྱུག་ཅིང་སྦྱིན་ལ་དགའ་བ་སྟེ། ། རང་གཞན་ཟས་ལ་སྦྱོར་བ་དང་། རྒྱུན་དུ་རྫུན་བྲལ་དྲང་པོར་སྨྲ། ། གཤིས་ལུགས་ལྷག་པར་ཞན་ན་ཡང་། ། ནད་ཀྱིས་བཏབ་ན་མྱུར་དུ་འཚོ། ། ཞེས་སོ། 3. མྱུར་ལ་བཟང་བའི་སྐར་མ་བཞི་ནི། (1)མགོ (2)ནག་པ། (3)ལྷ་མཚམས། (4)ཁྲུམས་སྨད་དོ། ། སྐར་མ་འདི་དག་ལ། རྒྱན་དང་རྩེད་མོ་ཞིང་ལས་དང་། ། མྱུར་བའི་ལས་རྣམས་སྒྲུབ་པ་བཟང་། ། གལ་ཏེ་དེ་ལ་ཆར་བབས་ན། ། དེ་ནས་ཡང་ནི་མྱུར་འབབ་འགྱུར། ། དེ་སྐྱེས་ལོ་ནི་རྩ་བརྒྱད་དམ། ། ཡང་ན་དགུ་བཅུའི་བར་དུ་འཚོ། ། ལྕེ་བདེ་བློ་རྣོ་བཞིན་བཟང་ཞིང་། ། གཏམ་ནི་བདེན་པར་སྨྲ་བ་དང་། ། སྙན་གྲགས་ལྡན་ཞིང་སེམས་མྱུར་ལ། ། མོ་གཞན་དེ་ལ་དགའ་བ་དང་། ངག་བཙན་ཉི་ཤུ་སུམ་ཅུའི་བར། ། གཤིས་ལུགས་ངན་ཡང་སླར་འགྱུར་ནས། རབ་ཏུ་བཟང་སྟེ་དགེ་བར་འགྱུར། ། ནད་བཏབ་རིམ་གྱིས་ཞི་བར་འགྱུར། ། ཞེས་སོ། ། 4. འབྲས་བུ་ངན་པའི་སྐར་མ་བཞི་ནི། (1)ལག (2)སྐག (3)སྣྲོན། (4)སྣྲུབས་སོ། ། སྐར་མ་འདི་དག་ལ། ། འཇོམས་ཕྱོགས་དྲག་པོའི་ལས་རྣམས་བཟང་། ། གསོད་དང་རྐུ་བ་ལ་སོགས་པ། ། ངན་པར་སྤྱོད་པའི་ལས་རྣམས་བྱ། ། དེ་ལ་ཆར་བབས་ཕྱིས་ནས་ཆུང་། ། དེ་དག་ལ་ནི་སྐྱེས་པའི་མི། ། ཚེ་ལོ་སུམ་ཅུ་ལྔ་བཅུ་དང་། དྲུག་ཅུ་བདུན་ཅུའི་བར་དུ་འཚོ། ། བྱ་བ་བཟང་བ་མི་བྱེད་དེ། ། ངན་པའི་ལས་ལ་རབ་ཏུ་བརྩོན། ། མ་ཤིའི་བར་དུ་རང་བཞིན་ངན། ། ནད་ཀྱིས་བཏབ་ན་འཚོ་བ་སླ། ། ཞེས་སོ། ། 5. མྱུར་ལ་འགྱུར་བའི་སྐར་མ་ལྔ་ནི། ། (1)ནབས་སོ། (2)ས་རི། (3)གྲོ་བཞིན། (4)བྱི་བཞིན། (5)མོན་དྲེའོ། ། སྐར་མ་འདི་དག་ལ། གཞན་ཡུལ་ ཐག་རིང་བགྲོད་པ་དང་། ། ཚོང་སོགས་བརྟན་མིན་ཐམས་ཅད་དང་། ། མྱུར་བར་འགྲུབ་པའི་ལས་བྱའོ། ། དེའི་ཚེ་ཆར་བབས་མྱུར་མར་འབབ། ། དེ་ལ་སྐྱེས་པའི་མི་ཡིས་ནི། ། ལོ་ནི་དྲུག་ཅུའི་བར་དུ་འཚོ། ། སེམས་ནི་རབ་ཏུ་བཟང་བ་སྟེ། ། རང་བཞིན་མཉེན་ཞིང་དཔའ་བ་དང་། ། བགྲོད་པ་དང་ནི་རྩོམ་ལ་སྤྲོ། ། ན་ཚ་ཆུང་ངུ་ཆུང་ངུ་ལ། ། རང་བཞིན་གྱིས་ནི་ཞི་བར་འགྱུར། ། རྟག་ཏུ་རྫུན་སྨྲ་རང་བཞིན་ངན། ། ཞེས་སོ། ། 6. བརྟན་པའི་དོན་གྲུབ་སྐར་མ་བཞི་ནི། (1)མཆུ། (3)ཆུ་སྟོད། (4)ཁྲུམས་སྟོད་དོ། ། སྐར་མ་འདི་དག་ལ། གཉེན་སྦྱོར་བྱ་དང་ཕྱུགས་སོགས་ཉོ། ། འཁོར་བསྟེན་དབང་བསྐུར་རབ་གནས་ཚོང་། ། མཁར་ལས་རྨང་འདིང་དགེ་ལས་བཟོ། ། སྦྱིན་སྲེག་ལ་སོགས་བྱ་བ་བཟང་། ། དེ་ལ་ཆར་བབས་སླར་ཡང་འབབ། ། འདིར་སྐྱེས་ལོ་ནི་གོ་ལྔ་འཚོ། ། བཟོ་ཡི་རིག་བྱེད་མཁས་པ་དང་། ། མ་ཤིའི་བར་དུ་རང་བཞིན་ངན། ། ནད་ཀྱིས་བཏབ་ཚེ་ཉེས་མི་འབྱུང་། ། ཞེས་སོ། ། 7. བཏང་སྙོམས་བྱེད་པའི་སྐར་མ་གཉིས་ནི། (1)སྨིན་དྲུག (2)ས་གའོ། ། སྐར་མ་འདི་དག་ལ། དེ་ལ་དོན་གཉེར་བཏང་སྙོམས་བྱེད། ། རིན་ཆེན་ལྔ་དང་ས་ཡི་བཟོ། ། དེ་ལ་སོགས་པའི་བཟོ་རྣམས་དང་། སྦྱིན་སྲེག་ཆོ་ག་བྱ་བར་བཟང་། ། དེ་གཉིས་ལ་ནི་སྐྱེས་པའི་མི། ། དང་པོ་ངན་ཡང་ཚེ་སྨད་ལ། ། འགྱུར་ཞིང་བཟང་པོ་ཉིད་དུ་འགྱུར། ། ནད་ཀྱིས་བཏབ་ཀྱང་གསོ་བ་སླ། ། དེ་དག་གི་ནི་བརྟན་འགྱུར་སོགས། ། ཐུན་མོང་མཐུན་པའི་ཕྱོགས་བཤད་དོ། ། ཞེས་སོ། ། |
Tibetan Source | 《དཔྱད་གསུམ་འབྲས་རྩིས་རཏྣའི་བང་མཛོད》ཤ་34ན་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |