7413
Tibetan | སྤྱི་ལོ་དང་།རབ་ལོ།བརྩི་བྱའི་ལོ་གྲངས་དག་ལས་ཁམས་ལོ་བདེ་བླག་ཏུ་བརྩི་བ་ལ་སོགས་པའི་མན་ངག་དང་རེའུ་མིག་ཁག་བདུན། |
---|---|
Tibetan Alternate | |
Tibetan Definition | འཁྲུལ་མེད་རྟོགས་པར་འགྱུར། ། གྲངས་དེ་ཉི་མས་12དོར་བའི་ལྷག ། སྤྲེལ་ནས་གཡོན་སྐོར་ལག་རྩིས་ཀྱིས། ། ལོ་ཡི་འགྲོས་ཀྱང་རྟོགས་པར་འགྱུར། ། ཡང་ན་ལྷག་དེས་འདོད་པར་13སྦྱང་། ། དེ་ཡང་ལོངས་ན་ཉི་མས་དོར། ། ལྷག་མ་བྱ་ནས་གཡས་རིམ་བཞིན། ། རྩིས་ཀྱང་ལོ་རྟགས་ཤེས་པར་འགྱུར། །
ཡང་ན་རེའུ་མིག་ལ་བརྟེན་ནས། ། རྩིས་ཀྱང་གོང་བཞིན་འཆར་བ་ཡིན། འཁོར་རྒྱུད་འགྲེལ་བོད་དུ་དར། ། རབ་ལོའི་ལོ་མགོ་དེ་ནས་བརྩམས། ། དེ་ཕྱིར་མེ་ཡོས་སྐོར་མགོར་བྱ། ། རབ་ལོའི་གྲངས་ཀྱི་གཅིག་གི་གནས། ། གང་ཡིན་ཁོ་ནར་སྦྱར་དེ་བརྩི། ། གཡས་སྐོར་རིམ་བཞིན་གཅིག་(མེ་མོ་)དང་ནི། ། གཉིས་གསུམ་(ས་ཕོ་ས་མོ་)བཞི་ལྔ་(ལྕགས་ཕོ་ལྕགས་མོ་)དྲུག་བདུན་(ཆུ་ཕོ་ཆུ་མོ་)དང་། ། བརྒྱད་དགུ་(ཤིང་ཕོ་ཤིང་མོ་)བཅུ་ཐམ་མེ་ཕོར་འཁོར། ། གང་ 4. སྐྱེས་བུའི་ལོ་ཡི་གྲངས་ཉིད་ལས། ། ཁམས་ལ་རྟོགས་པའི་ཐབས་ཚུལ་ཡང་། །གནམ་ལོའི་དབང་ཐང་གང་ཡིན་དང་། ། ཕོ་ལོ་མོ་ལོའི་དབྱེ་བ་ཡིས། ། སྐོར་མགོ་གང་ཡིན་ངེས་བྱས་ཏེ། ། དེ་ནས་གཡོན་སྐོར་ཚུལ་གྱིས་བརྩི། ། བརྩི་ཚུལ་ཕོ་ལོ་གནམ་ལོར་ཤར། ། གཅིག་དང་གཉིས་གསུམ་བཞི་ལྔ་དང་། ། དྲུག་བདུན་བརྒྱད་དགུ་བཅུ་ཐམ་བརྗོད། ། མོ་ལོ་གནམ་ལོར་ཤར་བའི་སྐབས། ། གཅིག་གཉིས་གསུམ་བཞི་ལྔ་དྲུག་དང་། ། བདུན་བརྒྱད་དགུ་བཅུ་ཞེས་སུ་བགྲང་། ། འབྱུང་བ་རེ་སྟེང་གཉིས་གཉིས་སྡོད། ། དབང་ཐང་འཁྲུལ་མེད་རྟོགས་པར་འགྱུར། ། ལོ་འགྲོས་གནམ་ལོར་གང་ཤར་ནས། ། གཅིག་དང་བཅུ་གསུམ་ཉེར་ལྔ་སོགས། ། སྐབས་བསྟུན་སྦྱར་ཏེ་གྱེན་ལྡོག་རིམ། ། བརྩིས་པས་ལོ་རྟགས་གང་ཡིན་རྟོགས། ། 5. སྤྱི་ལོའི་གྲངས་ལས་རབ་བྱུང་དང་། ། ལོ་འགྲོས་གར་བབས་རྟོགས་འདོད་ན། ། རབ་བྱུང་དང་པོའི་མེ་ཡོས་ནི། ། སྤྱི་ལོ་སྐར་ཕྱོགས་1027གྲངས་ཉིད་ལ། ། བབས་ཕྱིར་འདི་ཡན་སྦྱར་དུ་མེད། ། འདི་མན་སྦྱོར་ཚུལ་སྤྱི་ལོའི་གྲངས། ། དུས་མིག་ཕྱོགས་1026ཀྱིས་སྦྱངས་པའི་ལྷག ། མཁའ་60བགོ་ཞིང་ལྷག་མེད་དུ། ། དག་གྱུར་ཐོབ་ནོར་རབ་བྱུང་གྲངས། ། ལོ་ཁམས་ཟད་པ་མེ་སྟག་ངེས། ། ལྷག་ཡོད་ནོར་དུ་གཟུགས་1ཀྱིས་བབས་དབང་ཐང་ཐེ་ཚོམ་མེད། ། གྲངས་དེ་ཉི་མས་12དོར་བའི་ལྷག ། གཅིག་བབས་ཡོས་དང་གཉིས་གསུམ་སོགས། ། འབྲུག་སྦྲུལ་རྣམས་ལ་རིམ་བཞིན་སྦྱར། ། ལོ་འགྲོས་འཁྲུལ་བ་མེད་པ་རྟོགས། ། གཞན་ཡང་རེའུ་མིག་ལ་བརྟེན་ནས། ། རྟོགས་པར་འདོད་ན་གཤམ་དུ་གསལ། ། བརྒྱན། ། རབ་བྱུང་གྲངས་འཆར་ལྷག་མ་ནི། ། མེ་ཡོས་ནས་བརྩམས་བགྲང་བྱའི་གྲངས། ། དེ་ཡང་ཁམས་ལོར་སྦྱོར་བའི་ཚུལ། མེ་མོ་ནས་བཟུང་གཡས་སྐོར་དུ། ། གཅིག་(མེ་མོ་)དང་གཉིས་གསུམ་(ས་ཕོ་ས་མོ་)བཞི་ལྔ་(ལྕགས་ཕོ་ལྕགས་མོ་)དང་། ། དྲུག་བདུན་(ཆུ་ཕོ་ཆུ་མོ་)བརྒྱད་དགུ་(ཤིང་ཕོ་ཤིང་མོ་)བཅུ་ཐམ་(མེ་ཕོ་)དུ། བརྩིས་པས་དབང་ཐང་གར་བབས་རྟོགས། ། བགྲང་བྱའི་གྲངས་དེ་ཉི་མས་དོར། ། ལྷག་མ་ཡོས་སོགས་གཡས་རིམ་སྦྱར། ། ལོ་ཡི་འགྲོས་ཀྱང་རྟོགས་པར་འགྱུར། ། དཔེར་ན་ལྷ་ ལྡན་སྨན་རྩིས་ཁང་། ། སྐྱེ་འགྲོའི་དཔལ་དུ་གསར་བཞད་པ། ། སྤྱི་ལོ་རྒྱལ་པོ་བུག་ཟླའི་1916གྲངས། ། རབ་བྱུང་ཁམས་ལོར་སྦྱར་བའི་ཚུལ། ། གྲངས་དེ་དུས་མིག་ཕྱོགས་1026ཀྱིས་སྦྱངས། ། མཁའ་བུག་ཀླུ་890འཆར་རབ་ལོ་ཡིན། ། ལྷག་དེ་མཁའ་རོས་60ཕྱེ་བ་ཡིས། ། ལྷག་ཡོད་ནོར་དུ་གཟུགས་1བརྒྱན་པས། ། རབ་བྱུང་ཚེས་15ཀྱི་གྲངས་སུ་རྟོགས། ། ལྷག་མ་མཁའ་དབང་50ཤར་བ་ནི། ། གོང་བཞིན་བརྩིས་པས་མེ་འབྲུག་འཆར། ། གཞན་ཡང་རབ་ལོའི་གྲངས་དག་ལས། ། ལྡོག་སྟེ་སྤྱི་ལོ་བརྩི་བའི་ཚུལ། ། རིགས་འགྲེས་རིགས་པ་འདི་དང་སྦྱོར། ། བདེ་བླག་རྟོགས་འགྱུར་ཐེ་ཚོམ་མེད། ། རྒྱ་ནག་ལུགས་དང་ནག་རྩིས་དང་། ། བོན་རྩིས་སོགས་ཀྱི་རྩིས་ལུགས་སུ། ། ཤིང་བྱི་ལོ་འཕྲུལ། ། སྦྱོར་ཤེས་རྩིས་མཁན་རྒྱལ་པོ་འདྲ། ། རྩིས་ཀྱི་ཡན་ལག་ཏུ་གྱུར་པའི། ། རིག་པའི་རོལ་རྩེད་ཆུང་ངུའང་། ། དཔེ་ཐོག་མ་ལུས་བློ་འབྱོངས་ན། ། འཕྲུལ་གྱི་ལྡེ་མིག་འཆང་དང་འདྲ། ། ལོ་གྲངས་ཁམས་ལོ་སྦྱོར་བའི་ཚུལ། ། རིགས་པ་འདི་ལ་གོམས་གྱུར་ན། ། ལག་རྩིས་ཁོ་ནས་འཐུས་པ་སྟེ། ། ལོགས་ཀྱི་རེའུ་མིག་དགོས་པ་མེད། ། བློ་འབྱོངས་ཡིད་གཉིས་ཐེ་མི་ཚོམ། ། གྲངས་རྩིས་འཕྲུལ་ལ་མགོ་མི་ཐོམ། ། རིགས་འདྲའི་རིགས་པ་དུ་མ་ཡང་། ། ཡིད་ཀྱི་མཁའ་ལ་འགོག་མེད་འཆར། ། 6. སྲོག་ལུས་དབང་ཀླུ་སྨེ་ཕྲེང་གསུམ་གྱི་རེའུ་མིག་སྤྱི་ལོ་དང་རབ་ལོ་གཉིས་ལ་སྦྱར་བའི་འཛིན་ཚུལ་བཞུགས། སྤྱི་ལོ་གང་དུ་སྐྱེས་པའི་གྲངས། ། དུས་དབང་56གིས་བརྒྱན་མཁའ་རོས་60བགོ ། ལྷག་གིས་བྱ་ར་བཟུང་བ་ཡིས། ། བརྩི་བྱའི་སྲོག་ལུས་དབང་ཀླུང་འཆར། ། ཐོབ་ནོར་གསུམ་གྱིས་དོར་ལྷག་གྲངས། ། ཟླ་བ་1སྨེ་ཕྲེང་གསུམ་པ་དང་། ། ཐབས་ཤེས་2སྨེ་ཕྲེང་དང་པོའི་ལ། ། ཐིག་བྱུང་0སྨེ་ཕྲེང་གཉིས་པ་ཡི། ། ནང་ཚན་སོ་སོའི་སྨེ་བ་རྣམས། ། འཁྲུལ་མེད་ངོས་བཟུང་གཏན་འབེབས་བྱ། ། སྤྱི་ལོའི་སྔོན་གྱི་ལོ་གྲངས་ལས། ། བརྩི་དགོས་བྱུང་ན་བརྩི་ཚུལ་འདིའི། ། རྗེས་མཐུན་རིགས་པའི་རོལ་རྩེད་གར། ། བློ་ཡི་གཏེར་ལས་བསྒྱུར་བར་རིགས། ། རབ་ལོའི་གྲངས་ལས་བརྩི་འདོད་ན། ། རབ་ལོའི་གྲངས་དེ་མིག་༢གིས་བརྒྱན། ། མཁའ་རོས་60བགོས་པའི་ལྷག་མ་ཡིས། ། བྱ་ར་བཟུང་བས་གོང་བཞིན་འཆར། ། ཐོབ་ནོར་གསུམ་ 3གྱིས་ཕྱེ་བའི་ལྷག ། ཐིག་0བྱུང་སྨེ་ཕྲེང་གསུམ་པ་དང་། ། བསེ་རུ་1སྨེ་ཕྲེང་དང་པོའི་གལ། ། ཐབས་ཤེས་2སྨེ་ཕྲེང་གཉིས་པ་ལས། འཁྲུལ་མེད་སྨེ་བ་ངོས་འཛིན་བྱ། ། དེ་ནི་ གནམ་ལོའི་སྨེ་བ་སྟེ། ། བརྩི་བྱར་སྦྱར་ན་སྐྱེས་སྨེ་ཡིན། ། བརྩི་བྱའི་སྲོག་ལུས་ (སྐྱེས་)དབང་སྨེ་གསུམ། ། སྨེ་ཕྲེང་གསུམ་ལས་འདའ་མི་སྲིད། ། ཞེས་པ་འདི་ས་ཡོས་ཟླ་8ཚེས་1ལ་སྤེལ་བའོ། ། 7. སྤྱི་ལོའི་སྔོན་རྗེས་གཉིས་ཀྱི་གྲངས། ། ཉེར་མཁོ་སྨེ་བའི་ཕྲེང་གསུམ་ལས། ། གང་དུ་གཏོགས་མིན་རེའུ་མིག་ཏུ། ། གསར་སྤེལ་འདི་ལས་མྱུར་རྟོགས་འགྱུར། ། ཚུལ་དེ་རི་མོའི་ཆོ་ག་ལ། ། བརྟེན་ནས་རྟོགས་འདོད་སྤྱི་ལོའི་གྲངས། ། མཚོ་དུས་64ཀྱིས་དམན་མཁའ་རོས་60བགོ ། ཐོབ་ནོར་གསུམ་3གྱིས་དོར་ལྷག་གིས། ། འདས་པའི་སྨེ་ཕྲེང་གང་ཡིན་མཚོན། ། ཐིག་ཤར་སྨེ་ཕྲེང་གསུམ་པར་གོ ། གཅིག་བརྒྱན་ད་ལྟའི་སྨེ་ཕྲེང་རྟོགས། ། ཡང་ན་སྤྱི་ལོ་མཚོ་4ཡིས་དམན། ། མཁའ་རོས་60བགོས་ཐོབ་གསུམ་3གྱིས་དོར། ། ལྷག་མས་ད་ལྟའི་སྨེ་ཕྲེང་མཚོན། ། ཐིག་ཤར་སྨེ་ཕྲེང་གསུམ་པ་ཡིན། ། དེ་ལྟར་མཁའ་རོས་བགོས་པའི་ལྷག ། ཤིང་བྱི་ནས་བརྩམས་བགྲང་བྱའི་གྲངས། གཞན་ཡང་སྤྱི་ལོའི་གྲངས་ཉིད་ལས། ། སྨེ་བ་བདེ་བླག་འཚོལ་འདོད་ན། ། སྤྱི་ལོའི་གྲངས་དེ་བུ་གས་9དོར། ། ལྷག་མས་དྲག་པོར་11བུ་ལོན་ལེན། ། ལྷག་ཡང་ཕྱོགས་10ལོངས་བུ་གས་9དོར། ། སྨེ་བ་འཁྲུལ་མེད་འཆར་བར་འགྱུར། ། འདི་ལྟར་བརྩི་བའི་རྒྱུ་མཚན་ཡང་། ། སྤྱི་ལོ་དང་པོ་ལྕགས་བྱ་དེ། ། ཕོ་བྲང་གླིང་དགུ་ལས་འཚོལ་ན། ། གཅིག་དཀར་ལ་འཁེལ་གནད་ཀྱིས་སོ། ། ཞེས་པའང་ས་ཡོས་ཟླ་8ཚེས་1སྤེལ་བའོ། ། སྨེ་ཕྲེང་གསུམ་པོ་སྤྱི་ལོ་གང་དུ་འཁེལ་བ་བལྟ་བདེའི་རེའུ་མིག་ |
Tibetan Source | |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |