7986

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣམ་པ་ཐམས་ཅད་རྫོགས་པའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་བའི་རྒྱུ་རྣམ་པ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1. ཚུལ་ཁྲིམས་ལ་གནས་པ་ཡིན་པ་ནི། རྒྱས་པར་སྔ་མ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྔམས་པ་དང་། དགེ་སྦྱོང་གི་ལམ་འདོད་པ་དང་། བྲམ་ཟེའི་ལམ་འདོད་པ་དང་། བདག་གདུལ་བར་བྱ་བ་དང་། བདག་ཞི་བར་བྱ་བ་དང་། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་ལྟར་ན་ཚུལ་ཁྲིམས་ལ་གནས་པ་ཡིན་ནོ། ། 2. མང་དུ་ཐོས་པ་ཡིན་པ་ནི། དེས་ཆོས་ཚངས་པར་སྤྱོད་པ་དང་། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་གང་དག་ཡིན་པ་དེ་དག་མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་དང་། དེ་ལྟ་བུའི་ཆོས་མང་པོ་དག་ལེགས་པར་བཟུང་ཞིང་བསྟན་པར་བྱས་པ་དང་། ཁ་ཏོན་བྱས་པ་དང་། ཡིད་ཀྱིས་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པ་ཡིན་ཏེ། དེ་ལྟར་ན་མང་དུ་ཐོས་པ་ཡིན་ནོ། ། 3. རྟོག་པ་དང་ལྡན་པ་ཡིན་པ་ནི། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་ལ་སོགས་པ་ཐོབ་པར་གྱུར་ཅིང་། བསམ་གཏན་དང་པོ་ནས་ཕྱིར་མི་འོང་བའི་བར་གྱི་འབྲས་བུ་ལ་སོགས་པ་ཐོབ་པ་དང་། ། དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་འགྱུར་བ་ནི་རྟོག་པ་དང་ལྡན་པ་ཡིན་ནོ། ། 4. རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་པ་ནི། གཞན་དག་ལ་སྙིང་རྗེ་བ་དང་ལྡན་ཞིང་། སྙིང་བརྩེ་བར་ཞུགས་པ་དང་། དོན་དུ་འདོད་པ་དང་། ཕན་པར་འདོད་པ་དང་། བདེ་བར་འདོད་པ་དང་། བདེ་བ་ལ་རེག་པར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་པ་ཡིན་ཏེ། དེ་ལྟར་ན་རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་ནོ། ། 5. ཡིད་ཡོངས་སུ་མི་སྐྱོ་བ་ཡིན་པ་ནི། ཡང་དག་པར་སྟོན་པ་དང་། ཡང་དག་པར་འཛིན་དུ་འཇུག་པར་བྱེད་པ་དང་། ཡང་དག་པར་གཟེངས་བསྟོད་པར་བྱེད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། འཁོར་བཞི་པོ་དག་ལ་ཆོས་སྟོན་པས་ངལ་བ་མེད་པ་དང་། མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་པ་དང་། བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་ན་ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ནོ། ། 6. བཟོད་པ་དང་ལྡན་པ་ཡིན་པ་ནི། གཤེ་ཡང་ཕྱིར་མི་གཤེ་བ་དང་། ཁྲོས་ཀྱང་ཕྱིར་མི་ཁྲོ་བ་དང་། བརྡེགས་ཀྱང་ཕྱིར་མི་བརྡེག་པ་དང་། མཚང་བྲུས་ཀྱང་ཕྱིར་མཚང་མི་འདྲུ་བ་ལ་སོགས་པ་གཞན་དག་ལ་འཁྲུག་པོར་མི་བྱེད་ཅིང་། ཁོན་དུ་འཛིན་པར་མི་བྱེད་པ་ལ་སོགས་པ་སྡུག་བསྔལ་དང་དུ་ལེན་པའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་ན་བཟོད་པ་དང་ལྡན་པ་ཡིན་ནོ། ། 7. མི་འཇིགས་པ་དང་ལྡན་པ་ཡིན་པ་ནི། སེམས་ཀུན་ཏུ་ཞུམ་པ་མེད་པ་དང་། སྐད་འདར་འདར་པོ་མེད་པ་དང་། བརྗེད་པ་མེད་པའི་སྤོབས་པས་འཁོར་རྣམས་ལ་ཆོས་སྟོན་པར་བྱེད་པ་དང་། འཇིགས་པའི་རྒྱུ་དང་། འཇིགས་པའི་གཞི་དེ་ལ་སྐྲག་པ་མི་འབྱུང་མི་སྐྱེ་ཞིང་། མཆན་ཁུང་དང་། སྤུའི་ཁུང་བུ་དག་ནས་ཀྱང་རྡུལ་འབྱུང་བར་མི་འགྱུར་བ་ཡིན་ཏེ། དེ་ལྟར་ན་མི་འཇིགས་པ་ཡིན་ནོ། ། 8. ཚིག་གི་བྱ་བ་དང་ལྡན་པ་ཡིན་པ་ནི། འཁོར་དུ་གྲགས་པ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་རིག་པར་བྱ་བ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། རྟེན་པ་མེད་པ་དང་། ཕྱིར་མི་ཟློགས་པའི་ཚིག་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་ཚིག་གི་བྱ་བ་དང་ལྡན་ཞིང་ཚིག་དགེ་བ་ཡིན་ནོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་52ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number