9287
Tibetan | བྱང་ཆུབ་སེམས་དཔའ་པདྨ་དང་འདྲ་བ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།
1. མ་གོས་པ་རྣམས་ཡིན། དཔེར་ན། པདྨ་ནི། ཆུའི་ནང་ནས་བྱུང་ཡང་མ་ཆགས་པར་སྐྱེའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཆོས་ཉིད་ཐོབ་པའི་ཕྱིར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཁོར་བའི་ཆུ་ལས་འབྱུང་ཡང་མི་ཆགས་པར་སྐྱེའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཐབས་དང་། ཤེས་རབ་ཀྱི་ཆོས་ཉིད་ཐབ་པའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། འཁོར་བ་ན་སྤྱོད་ཀྱང་འཁོར་བའི་ཉེས་པ་དག་གིས་མི་གོས་ཏེ། དེའི་ཐབས་དེ་ནི། ཤེས་རབ་ཀྱིས་ཡང་དག་པར་ཟིན་པ་ཡིན་ནོ། ། 2. སྡིག་པ་ཆུང་དུའང་ལྷན་ཅིག་མི་གནས་པ་རྣམས་ཡིན། དཔེར་ན། པདྨ་ལ་ནི། ཆུའི་ཐིགས་པ་ཆུང་ངུའང་མི་ཆགས་སོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་སྡེག་པ་ཆུང་ངུའང་མི་ཆགས་སོ། ། 3. ཚུལ་ཁྲིམས་ཀྱི་དྲི་ཞིམ་པ་རྣམས་ཡིན། དཔེར་ན། སའི་ཕྱོགས་གང་དུ་པདྨ་སྐྱེས་པར་གྱུར་པའི་སའི་ཕྱོགས་དེ་དྲིས་ཁྱབ་པར་འདུག་གོ ། དེ་བཞིན་དུ་ཡུལ་དང་ཡུལ་གྱི་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པ་དེ་ཐམས་ཅད་ཚུལ་ཁྲིམས་ཀྱི་དྲིས་ཁྱབ་པར་འདུག་གོ ། 4. གཙང་བ་རྣམས་ཡིན། དཔེར་ན། པདྨ་ནི། སའི་ཕོགས་གར་སྐྱེས་པའི་ས་ཕྱོགས་དེ་གཙང་ཞིང་བྲམ་ཟེ་དང་། རྒྱལ་རིགས་དང་། གྲོང་པ་དང་། ཡུལ་གྱི་མི་ཐམས་ཅད་ཀྱང་འདུ་བ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གར་སྐྱེས་ཀྱང་རུང་འདི་ལྟ་སྟེ། ཚུལ་ཁྲིམས་དང་། གཙང་སྦྲ་ཀུན་སྤྱོད་པས་གཙང་བ་ཡིན་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་འདུ་བ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་པ་ཡིན་ནོ། ། 5. བཞིན་འཛུམ་པ་རྣམས་ཡིན། དཔེར་ན། པདྨ་ནི། ཁ་བྱེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་ཡིད་དུ་འོང་བས་འཛུམ་པ་ལྟ་བུར་སྣང་ངོ་། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཁྲོ་གཉེར་མེད་ཅིང་དབང་པོ་ཤིན་ཏུ་དང་བས་བཞིན་རྟག་ཏུ་འཛུམ་པ་ཡིན་ནོ། ། 6. མི་རྩུབ་པ་རྣམས་ཡིན། དཔེར་ན། པདྨ་ནི། རང་བཞིན་གྱིས་འཇམ་ཞིང་མི་རྩུབ་པ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་བཞིན་གྱིས་འཇམ་ཞིང་དལ་གྱིས་སྨྲ་བ་ཡིན། མི་བརླང་ཞིང་མུ་ཅོར་མི་སྨྲ་བའི་རང་བཞིན་ཅན་ཡིན་ནོ། ། 7. མཐོང་ན་བཀྲ་ཤིས་པ་རྣམས་ཡིན། དཔེར་ན། པདྨ་ནི། རྨི་ལམ་དང་། ལྟས་དང་། ཡུད་ཙམ་དག་ལ་མཐོང་ནའང་འདི་ལྟ་སྟེ། དོན་འགྲུབ་པའི་ཕྱིར་བཀྲ་ཤིས་ཤིང་རབ་ཏུ་བསྔངས་པ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཐོང་བའང་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་དུས་ཐམས་ཅད་དུའང་བཀྲ་ཤིས་ཤིང་རབ་ཏུ་བསྔགས་པ་ཡིན་ནོ། ། 8. བློ་རྣམ་པར་བྱེ་བ་རྣམས་ཡིན། དཔེར་ན། པདྨ་ནི། ནམ་རྒྱས་པ་དེ་ན་རྣམ་པར་བྱེ་བ་ཞེས་བྱའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ནམ་ཤེས་རབ་དང་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་རྒྱས་པ་དེ་ན་བློ་རྣམ་པར་བྱེ་བ་ཞེས་བྱའོ། ། 9. བློ་ཡོངས་སུ་སྨིན་པ་རྣམས་ཡིན། དཔེར་ན། པདྨ་ནི། ནམ་ཡོངས་སུ་སྨིན་པར་གྱུར་པ་དེ་ནི་བལྟས་ན་མིག་གི་དཔང་པོ་ཆིམ་པར་བྱེད། མཉན་ན་རྣ་བའི་དབང་པོ་ཚིམ་པར་བྱེད། མྱངས་ན་ལྕེའི་དབང་པོ་ཚིམ་པར་བྱེད། རེག་ན་ལུས་ཀྱི་དབང་པོ་ཚིམ་པར་བྱེད། སེམས་རབ་ཏུ་དགའ་བས་ཡིད་ཀྱི་དབང་པོ་ཚིམ་པར་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ནམ་ཤེས་རབ་ཀྱི་སྣང་བ་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚོ་ན་བལྟས་ན་མིག་གི་དབང་པོ་རྣམ་པར་དག་པར་བྱེད། མཉན་ན་རྣ་བའི་དབང་པོ་རྣམ་པར་དག་པར་བྱེད། ཚུལ་ཁྲིམས་དང་ཡོན་ཏན་གྱི་དྲི་མནམས་ན་སྣའི་དབང་པོ་རྣམ་པར་དག་པར་བྱེད། མྱངས་ན་ལྕེའི་དབང་པོ་རྣམ་པར་དག་བྱེད། རེག་པ་དང་བསྙེན་བཀུར་བྱས་ན་ལུས་ཀྱི་དབང་པོ་རྣམ་པར་དག་པར་བྱེད། ཡོན་ཏན་བརྗོད་པ་རྣམ་པར་བསམ་པས་ཡིད་ཀྱི་དབང་པོ་རྣམ་པར་དག་པར་བྱེད་དོ། ། 10 .ཤིན་ཏུ་ཡོངས་སུ་བཟུང་བ་རྣམས་ཡིན། དཔེར་ན། པདྨ་ནི། སྐྱེ་བའི་ཚེ་འདི་ལྟ་སྟེ། མི་དང་། མི་མ་ཡིན་པ་དག་གིས་ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བའི་ཚེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་མ་ཡིན་པ་གཞན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དག་གིས་ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ནོ། ། |
Tibetan Source | 《མདོ་ཚ་པ་》ཤ་91ན་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |