9496
Tibetan | རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཆོས་གཅིག་ཚན་ནས་བཅུ་ཚན་བར་ཚན་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། དཀོན་བརྩེགས་བུ་མོ་རྣམ་དག་གིས་ཞུས་པའི་ལེའུ་ལས་བྱུང་བ་སྟེ།
1. གཅིག་ཚན་ནི། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ། ། 2. ཉིས་ཚན་ནི། (1)ཞི་གནས་ཡོངས་སུ་འཚོལ་བ། (2)ལྷག་མཐོང་ལ་མཁས་པའོ། ། 3. སུམ་ཚན་ནི། (1)སྙིང་རྗེ་ཆེན་པོ་ཐོབ་པ། (2)སྟོང་པ་ཉིད་ཀྱི་ཆོས་ངེས་པར་བསམ་པ། (3)དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། ། 4. བཞི་ཚན་ནི། (1)ཚུལ་ཁྲིམས་ལ་གནས་པ། (2)ཆོས་ཐམས་ཅད་ལ་སོམ་ཉི་མེད་པ། (3)དགོན་པ་ལ་མངོན་པར་དགའ་བ། (4)ཡང་དག་པར་ཞུགས་ཤིང་ཡང་དག་པར་བླངས་པ་ལས་མི་གཡོ་བའོ། ། 5. ལྔ་ཚན་ནི། (1)སྟོང་པ་ཉིད་ལ་གནས་པ། (2)གཞན་དག་གི་འཁྲུལ་པ་མི་ཚོལ་བ། (3)བདག་ལ་རྟོག་པ། (4)ཆོས་ལ་མངོན་པར་དགའ་བ། (5)གཞན་ལ་ཕན་འདོགས་པར་ཞུགས་པའོ། ། 6. དྲུག་ཚན་ནི། (1)བརྐམ་པ་མེད་པ། (2)སྡང་བ་མེད་པ། (3)རྨོངས་པ་མེད་པ། (4)དྲིས་མ་ཐག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལན་ལྡོན་པ། (5)བསྙེན་པར་དཀའ་བ་མེད་པ། (6)སྟོང་པ་ཉིད་ཀྱི་སྤྱོད་ཡུལ་བའོ། ། 7. བདུན་ཚན་ནི། (1)དྲན་པ་ལ་མཁས་པ། (2)ཆོས་ལ་མཁས་པ། (3)བརྩོན་འགྲུས་བརྩམ་པ། (4)དགའ་བ་ཐོབ་པ། (5)ཤིན་ཏུ་སྦྱངས་པ་དང་ལྡན་པ། (6)ཏིང་ངེ་འཛིན་ལ་མཁས་པ། (7)ཤེས་རབ་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པའོ། ། 8. བརྒྱད་ཚན་ནི། (1)ཡང་དག་པར་ལྟ་བ་ཅན་ཡིན། (2)ཡང་དག་པར་རྟོག་པ་ཅན་ཡིན། (3)ཡང་དག་པའི་མཐའ་ཅན་ཡིན། (4)ཡང་དག་པའི་ལས་ཀྱི་མཐའ་ཅན་ཡིན། (5)ཡང་དག་པའི་འཚོ་བ་ཅན་ཡིན། (6)ཡང་དག་པའི་རྩོལ་བ་ཅན་ཡིན། (7)ཡང་དག་དྲན་པ་ཅན་ཡིན། (8)ཡང་དག་པའི་ཏིང་འཛིན་ཅན་ཡིན་པའོ། ། 9. དགུ་ཚན་ནི། (1)བྱང་ཆུབ་སེམས་དཔའ་ནི་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། ། (2)རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་རབ་ཏུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ། ། (3)དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པས་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ། ། (4)བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ། ། (5)རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། ། (6)རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། ། (7)རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། ། (8)རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། ། (9)རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་དང་། ཚོར་བ་འགོག་པ་བསྒྲུབས་ཏེ་གནས་པའོ། ། 10 .བཅུ་ཚན་ནི། (1)རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (2)གནས་དང་གནས་མ་ཡིན་པ་ལ་མངོན་པར་བརྩོན་པའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (3)ཐབས་ཀྱིས་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (4)རྣམ་པར་སྣང་བྱེད་ཀྱི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (5)ཀུན་ནས་སྣང་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (6)ཀུན་ཏུ་གསལ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (7)རིན་ཆེན་ཟླ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (8)ཟླ་བའི་སྒྲོན་མའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (9)ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། (10)རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་ལྡན་པའོ། ། |
Tibetan Source | 《དཀོན་བརྩེགས་ཆ་པ་》ཤ་191ན་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |