9823
Tibetan | གསོ་སྦྱོང་འགོག་པ་ཆོས་བཞིན་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འདུལ་བོ་གཞུང་དམ་པ་ལས་བྱུང་བ་སྟེ།།
1. ཕས་ཕམ་པར་གྱུར་པར་ནི། གང་གི་རྣམ་པ་དང་། མཚན་མ་དང་། གང་གི་རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པ་བྱེད་པར་གྱུར་པ་དེ་ལྟ་བུའི་རྣམ་པ་དང་། མཚན་མ་དང་། རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པའི་ཉེས་པ་བྱེད་པར་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟར་ན། ཕས་ཕམ་པར་གྱུར་པའོ། ། 2. ཕས་ཕམ་པར་གཏམ་དུ་བརྗོད་པར་གྱུར་པ་ནི། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུ་ཡང་རུང་། དགེ་སློང་མང་པོ་དང་ལྷན་ཅིག་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་ངམ། དེའི་རང་བཞིན་ནམ། དེ་དང་མཐུན་པའི་གཏམ་དུའང་བརྗོད། དད་པ་ལས་ཐོས་པའང་ཡོད་དེ། དེ་རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་ཡིན། དེས་ཐོས་པའང་ཡིན། དོགས་པའང་ཡིན་བཞིན་དུ་གསོ་སྦྱོང་འགོག་པ་ཆོས་བཞིན་དུ་གསོ་སྦྱོང་འགོག་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི། ཕས་ཕམ་པར་གཏམ་དུ་བརྗོད་པ་ཞེས་བྱའོ། ། 3. བསླབ་པ་ཕུལ་བར་གྱུར་པ་ནི། དགེ་སློང་གིས་གང་གི་རྣམ་པ་དང། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་བསླབ་པ་ཕུལ་བ་དེའི་རྣམ་པ་དང་། མཚན་མ་དང་། རྟགས་ཀྱིས་དགེ་སློང་དེ་བསླབ་པ་ཕུལ་བར་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། བསླབ་པ་ཕུལ་བ་ཞེས་བྱའོ། ། 4. བསླབ་པ་ཕུལ་བར་གཏམ་དུ་བརྗོད་པར་གྱུར་པ་ནི། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུ་ཡང་རུང་། དགེ་སློང་མང་པོ་ལྷན་ཅིག་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བ་དང་། དེའི་རང་བཞིན་ནམ། དེ་དང་མཐུན་པའི་གཏམ་དུའང་བརྗོད། དད་པ་ལས་ཐོས་པའང་ཡིན། རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་ཡིན། དེས་ཐོས་པའང་ཡིན། དོགས་པའང་ཡིན་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་ཞེས་བྱའོ། ། 5. དགེ་འདུན་ལ་སྨོད་པར་གྱུར་པ་ནི། དགེ་སློང་གིས་གང་གི་རྣམ་པ་དང། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་གྱུར་པ་དེ་ལྟ་བུའི་རྣམ་པ་དང་། དེའི་མཚན་མ་དང་། དེའི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་བྱེད་པ་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་ལ་སྨོད་པར་གྱུར་པ་ཞེས་བྱའོ། ། 6. དགེ་འདུན་ལ་སྨོད་པ་གཏམ་དུ་བརྗོད་པར་གྱུར་པ་ནི། འདི་ལྟ་སྟེ། གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུ་ཡང་རུང་། དགེ་སློང་མང་པོ་དང་ལྷན་ཅིག་ཏུ་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། དེ་ལས་མཐུན་པའི་གཏམ་དུ་བརྗོད་པའང་ཡིན། དད་པ་ལས་ཐོས་པའང་ཡིན། རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་ཡིན། དེ་ཐོས་པའང་ཡིན། དོགས་པའང་ཡིན་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པར་གྱུར་པ་ཞེས་བྱའོ། ། 7. ཚུལ་ཁྲིམས་ཉམས་པར་གྱུར་པ་ནི། ཕས་ཕམ་པའི་ཆོས་བཞི་ལས་གང་ཡང་རུང་བའི་ཕས་ཕམ་པའི་ཆོས་ཤིག་བྱུང་བར་གྱུར་པ་དེ་ལྟ་བུ་ནི། ཚུལ་ཁྲིམས་ཉམས་པ་ཞེས་བྱའོ། ། 8. ལྟ་བ་ཉམས་པར་གྱུར་པ་ནི། ལྟ་བ་དྲུག་ཅུ་རྩ་གཉིས་སུ་གཏོགས་པའི་ལྟ་བ་ལས་ལྟ་བ་གང་ཡང་རུང་། ལྟ་བར་གྱུར་པ་དེ་ལྟ་བུ་ནི། །ལྟ་བ་ཉམས་པ་ཞེས་བྱའོ། ། 9. སྤྱོད་པ་ཉམས་པར་གྱུར་པ་ནི། མི་སྤྱོད་པ་སྤྱོད་ཅིང་། དགེ་སློང་གིས་བསླབ་པ་ལ་མི་སློབ་པ་སྟེ། དེ་ལྟ་བུ་ནི། སྤྱོད་པ་ཉམས་པ་ཞེས་བྱའོ། ། 10. འཚོ་བ་ཉམས་པར་གྱུར་པ་ནི། འཚོ་བ་ཡོངས་སུ་མ་དག་པ་ཡིན་ཏེ། དེ་ལྟ་བུ་ནི། འཚོ་བ་ཉམས་པ་ཞེས་བྱ་བའོ། ། |
Tibetan Source | 《འདུལ་བ་པ་པ་》ཤ་354བ་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |