9103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་དགུ
Tibetan Definition མངོན་པ་མཛོད་ནས་བཤད་པའི་རི་དགུ་ནི། ༡ རི་རྒྱལ་ལྷུན་པོ། (རིའི་རྒྱལ་པོ་རི་རབ་དང་དོན་གཅིག) ༢ གཉའ་ཤིང་འཛིན། ༣ གཤོལ་མདའ་འཛིན། ༤ སེང་ལྡེང་ཅན། ༥ བལྟ་ན་སྡུག ༦ རྟ་རྣ། ༧ རྣམ་འདུད། ༨ མུ་ཁྱུད་འཛིན། ༩ ཁོར་ཡུག་གི་རི་དང་དགུའོ། །རིའི་རྒྱལ་པོ་རི་རབ་དབུས་སུ་ཆགས། དེའི་ཕྱི་རོལ་ཏུ་གཉའ་ཤིང་འཛིན་ལ་སོགས་པའི་རི་བདུན། རི་རྒྱལ་དང་གླིང་བཞིའི་མཐའ་སྐོར་དུ་ལྕགས་རིའི་ཚུལ་དུ་བསྐོར་ནས་ཡོད་པ་ནི་ཕྱི་ལྕགས་རི་ཁོར་ཡུག་གི་རིའོ། །