9132

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་དྭགས་སིལ་སྙན
Tibetan Definition རི་དྭགས་འདི་གངས་དང་གཡའི་མཚམས་སུ་སྡོད་པ། སྟོབས་ཀྱི་ངོས་ནས་སུས་ཀྱང་ཐུབ་པ་མེད་པ་ཞིག་ཡིན་ཀྱང་སྙིང་རྗེ་ཧ་ཅང་ཆེ་བས། འདི་གསོད་ཙ་ན་སོང་ནས་མི་རྣམས་རལ་ཁ་བཀྱེ་བ་མི་བཟོད་པར་བར་དུ་འཚང་ཡོང་བའི་ཚེ་གསོད་པ་ཡིན། འདིའི་པགས་པ་ལ་རྐང་པ་རེག་པ་ཙམ་གྱིས་ཀྱང་སེམས་བྱམས་ཏིང་ངེ་འགྲོ་བས་ཇོ་བོས་ཀྱང་གདན་དུ་བཏིང་བ་ཡིན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ཀྱང་ཁྱེད་ཅག་བོད་རྣམས་ལ་ཐུགས་རྗེ་ཆེན་པོ་རང་ཉིད་བཀའ་དྲིན་ཆེ་བར་མཚོན་བྱེད་དུ་རི་དྭགས་སིལ་སྙན་གྱི་པགས་པས་ནུ་མ་གཡོན་པ་བཀབ་པ་ཡིན། ཞེས་རྗེ་གུང་ཐང་པའི་ལྟ་ཁྲིད་ཟིན་བྲིས་ན་གསལ། རི་དྭགས་ཁྲི་སྙན་དང་འདི་གཉིས་དོན་གཅིག་ཡིན་མིན་དཔྱད།