9153

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་སྐྱེས
Tibetan Definition (མངོན་བརྗོད) ལྷ་དབང་ཕྱུག་ཆེན་པོའི་བཙུན་མོ་ལྷ་མོ་ཨུ་མའི་མིང༌། གངས་རི་ལས་སྐྱེས་པའི་ཕྱིར་རི་སྐྱེས་ཞེས་བྱའོ། །མངོན་བརྗོད་མཁས་པའི་རྣ་རྒྱན་ལས། (བཀྲ་ཤིས་ཐམས་ཅད་འདི་ལ་ཡོད་པ་སྟེ་གསལ་བར་བྱེད་པས་ན) ཀུན་ལ་བཀྲ་ཤིས་མ་དངདབང་ལྡན་མ། །གངས་རིའི་བུ་མོ་ས་ག་སྐྱེས། །དབྱིག་མ་དབང་ཕྱུག་དབང་མོ་དང༌། །གཽ་རིའ་མ་ལ་ཡར་གནས་མོ། །ཀཱ་ཏྱ་བུ་མོ་ལེགས་ལྡན་མ། །ཞི་བའི་བུ་མོ་ཤེས་གསལ་མོ། །རི་ཡི་སྲས་མོ་མཐའ་ཡས་མ། །ཁྱབ་འཇུག་སྲིང་མོ་ཚོགས་གཙོ་མོ། །གངས་ལྡན་བུ་མོ་རིགས་བྱེད་འདོན། །སེང་གེའི་ཤིང་རྟ་མ་དྲག་མོ། ། (ལྷ་དབང་ཕྱུག་གི་དཀའ་ཐུབ་ཀྱི་གེགས་བྱས་པས) དཀའ་བཟློག་ (མ་དང) འབྱུང་པོའི་དགའ་མ་དང༌། ། (གངས་རིའི་བུ་མོ་ཡིན་པའི་ཕྱིར) རི་སྐྱེས་ (སོ) དཀར་མོ་གོས་གཅིག་མ། །དྲུག་ལྡན་སྲིད་པ་མ་གཏུམ་མོ། །ནུས་མ་རྨ་བྱའི་རྒྱལ་མཚན་ཅན། །ཞི་བའི་སྲིང་མོ་མཆོད་ལྡན་མ། ། (འདིས་དབང་ཕྱུག་གི་དཀའ་ཐུབ་ལ་མ་རངས་པའི་ཚིག་ཨུ་ཞེས་བརྗོད་པས) ཨུ་མ (ར་གྲགས་སོ) དབང་ཕྱུག་བཙུན་མོའོ། །ཞེས་འབྱུང་བ་ལྟར་རོ། །