From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན
|
| Tibetan Definition
|
རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན་ཞེས་པའི་རིན་ཆེན་བདུན་ནི། སྤྱིར་བཏང་གི་རིན་པོ་ཆེ་སྣ་བདུན་ལ་གོ་རྒྱུ་མིན་པར། མཆོག་གི་རིན་ཆེན་བདུན་ཏེ་རྒྱལ་སྲིད་སྣ་བདུན་ལ་གོ་དགོས་པ་ཡིན་ཏེ། ཚིག་འོག་མ་ཉེ་བའི་རིན་ཆེན་ཞེས་པས་ཚིག་གི་ནུས་པས་གོ་བར་ཟད་དེ། རལ་གྲི་ལ་སོགས་པའི་ཉེ་བའི་རིན་ཆེན་བདུན་ནི། འཁོར་ལོ་ལ་སོགས་པའི་རྒྱལ་སྲིད་སྣ་བདུན་པོ་རྣམས་དང་ཉེ་བ་སྟེ་ཆ་འདྲ་བའི་རིན་པོ་ཆེ་ཡིན་པའི་ཕྱིར་རོ། །མདོ་དྲན་པ་ཉེར་གཞག་ལས་ཀྱང་དེ་ལྟར་གསུངས་སོ། །མདོ་དྲན་པ་ཉེར་གཞག་སྡེ་དགེ་སྤར་མའི་མདོ་སྡེ་གླེགས་བམ་༼ ཡ་པ ༽༡༠༠བ༥ན་གསལ་ལོ། །
|