15500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་བོ་དབྱེར་མེད་པའི་གཞི་ལམ་འབྲས་གསུམ་ (1)
Part of speech མིང་ཚིག
Definition རྒྱུ་དུས་ཀྱི་བདེ་གཤེགས་སྙིང་པོ་དེ་གཞི་ལམ་འབྲས་གསུམ་ངོ་བོ་དབྱེར་མེད་ཡིན་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་གཞིའི་ཆོས་ཐམས་ཅད་མཚན་ཉིད་ཀྱི་ཚུལ་གྱིས་ཚང་བ་དང་། ལམ་གྱི་ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་གྱིས་ཚང་བ་དང་། འབྲས་བུའི་ཆོས་ཐམས་ཅད་ནུས་མཐུའི་ཚུལ་གྱིས་ཚང་བས་ན། འདི་ལ་གཞི་ལམ་འབྲས་གསུམ་ངོ་བོ་དབྱེར་མེད་པའི་སྙིང་པོ་ཞེས་ཀྱང་བྱ། གཞི་ལམ་འབྲས་བུའི་ཡོན་ཏན་གྱི་ལྡོག་པ་མ་ལུས་པ་ཚང་བའི་སྙིང་པོ་ཞེས་ཀྱང་བྱའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྒྱན་གྱི་མེ་ཏོག་ལས་སོ། །
Domain ཆོས་ལུགས།