Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་མིང་ཚིགགསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་འཆད་ཉན་མཛད་པའི་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོའི་མིང་སྟེ། དེའི་ངོས་འཛིན་ཐད་འོག་མིན་གནས་དང༌། ཨོ་རྒྱན་ཡུལ། རྡོ་རྗེ་གདན། རྣམ་སྣང་གངས་ཅན་ཞིང༌། སྨན་གྱི་ནགས། རང་ལུས་ཀྱི་གནས་བཅས་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད།
ཨ་སྡུག་རྒྱན་ཚིགཐ་ཤལ་ལམ་ཐབས་སྡུགཨ་སྡུག་གི་ལས་མ་བྱེད་ལྟ་བུ།
གྲང་བའི་སྡུག་བསྔལ་མིང་ཚིགའཁྱག་པའི་དབང་གིས་བྱུང་བའི་ལུས་སེམས་ཀྱི་མི་བདེ་བའི་ཚོར་བ་ལ་ཟེར།
གྲོགས་མེད་པའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་དྲུག་གི་ནང་གསེས་ཤིག
གྲོང་ཁྱེར་ལྟ་ན་སྡུག་མིང་ཚིགམདོ། མངོན་པ། རི་རབ་ཀྱི་རྩེ་མོ་དེའི་དབུས་ན་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ངོས་རེ་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱ་པ་མཐའ་སྐོར་ན་དཔག་ཚད་ཁྲིས་འཁོར་བ་ཡོད་དོ། །དེའི་འཕང་དུ་དཔག་ཚད་ཕྱེད་དང་གཉིས་གྱེན་དུ་འཕགས་པ་གསེར་གྱི་རང་བཞིན་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེའི་ཀ་བ་དྲུག་ཁྲི་ཡོད་པ་གསེར་གྱི་རྭ་བ་འཕང་དུ་དཔག་ཚད་ཕྱེད་དང་གསུམ་པས་བསྐོར་བ་དང་། རྭ་བ་དེ་ལ་གསེར་དངུལ་བཻཌཱུརྻ་ཤེལ་བཞི་ལས་བྱས་པའི་རྩིག་སྐྱབས་དང་། གྱེན་དུ་འཕང་བ་དང་ཐུར་དུ་འཕང་བའི་མདའ་ཡབ་དང་། རིན་པོ་ཆེ་སྣ་བཞིའི་ཟམ་པ་བརྒྱུད་མ་བཞི་དང་། ནང་གི་ས་གཞི་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པ་མནན་ན་ནོམས་ཞེས་བྱེད་པ་བཏེག་ན་སྤར་ཞེས་བྱེད་པའི་མཉེན་པ་དང་ལྡན་པ་མེ་ཏོག་མན་ད་ར་བས་པུས་ནུབ་ཙམ་དུ་ཁེབས་ཤིང་དེ་དག་རླུང་གིས་རྙིང་པ་འདོར་ཞིང་གསར་པ་འགྲེམས་པར་བྱེད་པ་ཡོད་དོ། །གཞན་ཡང་ལྷའི་གྲོང་ཁྱེར་ལ་རིན་པོ་ཆེ་སྣ་བཞིའི་སྐར་མའི་གཟུགས་དང་ཟླ་བ་ཕྱེད་པ་དང་མེ་ལོང་ལ་སོགས་པས་བརྒྱན་ཅིང་འཕང་དུ་དཔག་ཚད་ཕྱེད་དང་གསུམ་ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པའི་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་ལ། སྒོ་རེ་རེ་ལའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བསྲུང་བའི་ཕྱིར་སྲུང་མ་གོ་ཆ་བགོས་ཤིང་མཚོན་ཆ་ཐོགས་པའི་གནོད་སྦྱིན་གོས་སྔོན་པོ་ཅན་ལྔ་བརྒྱ་ལྔ་བརྒྱ་བཀོད་དེ་གནས་སོ། །དེའི་ལམ་སྲང་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཞེང་དུ་དཔག་ཚད་བཅུ་གཉིས་པ་གསེར་གྱི་བྱེ་མ་བདལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཡོད་ལ། དེའི་གཡས་གཡོན་ན་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་ཞིང་མེ་ཏོག་དང་སྐད་སྙན་པ་འབྱིན་པའི་བྱ་སྣ་ཚོགས་དང་ལྡན་པའི་རྫིང་བུ་རིན་པོ་ཆེ་སྣ་བཞིའི་ཕ་གུ་བརྩིགས་ཤིང་ཐེམ་སྐས་དང་ལྡན་པ་དང་། རྫིང་བུའི་ཉེ་འཁོར་ན་སེམས་བསྐྱེད་མ་ཐག་ཏུ་གང་འདོད་པའི་མེ་ཏོག་དང་འབྲས་བུ་དང་གོས་དང་རྒྱན་དང་རོལ་མོ་དང་བདུད་རྩི་ཁ་དོག་བཞི་པ་སྦྲང་རྩི་དང་སྦྲང་ཆང་ལ་སོགས་པ་འབྱུང་བའི་ཤིང་སྣ་ཚོགས་སྐྱེས་ཤིང་ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་འབྱིན་པ་ཡོད་དོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་གསུངས།
གྲོང་ཁྱེར་ལྟ་ན་སྡུག་གི་ཚལ་བཞི་མིང་ཚིགམདོ། མངོན་པ། གྲོང་ཁྱེར་བལྟ་ན་སྡུག་དེའི་ཕྱི་རོལ་དཔག་ཚད་ཉི་ཤུ་ཉི་ཤུའི་ཤར་ན་ཤིང་རྟ་སྣ་ཚོགས་ཅན་དང་། ལྷོ་ན་རྩུབ་འགྱུར་དང་། ནུབ་ན་འདྲེས་པའི་ཚལ་དང་། བྱང་ན་དགའ་བའི་ཚལ་ཞེས་བྱ་བས་བརྒྱན་ཏེ། རེ་རེའང་ཆུ་ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་པ་མཐའ་སྟོང་གིས་འཁོར་བའི་གྲུ་བཞི་པ་གསེར་གྱི་རྭ་བ་འཕང་དུ་དཔག་ཚད་རེས་བསྐོར་བ། དེའི་རྩིག་སྐྱབས་དང་མདའ་ཡབ་དང་ནང་གི་ས་གཞི་ལ་སོགས་པ་སྔར་བཤད་པ་འདྲ་བར་ཡོད་དེ། དེ་དག་གི་དང་པོ་ན་རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་ཡོད་དོ། །གཉིས་པར་ནི་ལྷའི་བུ་དག་དེར་ཞུགས་པ་ན་ཤེས་པ་རྩུབ་པར་འགྱུར་རོ། །གསུམ་པར་ནི་ལྷའི་བུ་དང་བུ་མོ་དག་འདྲེས་ནས་སྤྱོད་ལམ་སྣ་ཚོགས་ལ་འཇུག་གོ ། བཞི་པར་ནི་ལྷའི་བུ་དང་བུ་མོ་དག་འདོད་པའི་ཡོན་ཏན་ལ་དགའ་ཞིང་རྩེ་བར་བྱེད་དོ། །གཞན་ཡང་ཚལ་བཞི་པོ་དེ་དག་ན་རིམ་པ་ལྟར་སྔར་བཤད་པའི་ཁྱད་པར་དང་ལྡན་པའི་རྫིང་བུ་སྣ་ཚོགས་དང་། རྩུབ་འགྱུར་དང་འདྲེས་པ་དང་། དགའ་བ་ཞེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་མཐའ་ཉིས་བརྒྱས་འཁོར་བ་ཡོད་དོ། །ཚལ་དེ་དག་གི་ཕྱི་རོལ་གྱི་ཕྱོགས་བཞི་ན་དཔག་ཚད་ཉི་ཤུ་ཉི་ཤུས་བཅད་པ་ན་ཤར་ཕྱོགས་ན་ས་གཞི་བཟང་པོ་སྣ་ཚོགས་ཅན་དང་། ལྷོ་ན་རྩུབ་འགྱུར་དང་། ནུབ་ན་འདྲེས་པ་ཅན་དང་། བྱང་ན་དགའ་བ་ཞེས་བྱ་བ་ཚལ་གྱི་ཚད་དང་མཉམ་པ་ཕན་ཚུན་འགྲན་པ་ལྟ་བུ་བཞིའང་ཡོད་དེ། དེ་དག་ན་ལྷའི་དྲང་སྲོང་རྣམས་ཀྱང་རང་དགར་ཚངས་པར་སྤྱད་པ་སྤྱོད་པ་ཡོད་དོ། །ལྷའི་གྲོང་ཁྱེར་དང་སྐྱེད་མོས་ཚལ་དང་། སྐྱེད་མོས་ཚལ་ནས་ས་གཞིའི་བར་དག་ན་གྲོང་ཁྱེར་ནས་ཚལ་དང་། ཚལ་ནས་ས་གཞིར་འགྲོ་བའི་ལམ་སྔར་བཤད་པའི་ཁྱད་པར་དང་ལྡན་པ་ཚུར་དཔག་ཚད་ཉི་ཤུ་ཉི་ཤུ་ཞེང་དུ་དཔག་ཚད་ཕྱེད་དང་གཉིས་གཉིས་ཡོད་པ་དག་ན་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་ཁྱོགས་ཀྱི་བཞོན་པ་བཀོད་པ་དག་ཡོད་པ་ལ་ལྷ་རྣམས་ཞོན་ཏེ་ཚལ་དང་ས་གཞིར་འགྲོ་ཞིང་འདོད་ཡོན་གྱི་དགའ་བ་མྱོང་བར་བྱེད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་གསུངས།
གླང་སྒུར་མིང་ཚིགམཆིན་ནད་དབྱེ་བ་བཅོ་བརྒྱད་ཀྱི་ནང་གསེས་རིགས་ཤིག་སྟེ། ནད་རྟགས་སུ་ལུས་པོ་ཀུན་སྐྲང་ལ་ཁྱད་པར་བྱད་སྦོས་ཤིང་ལྕེ་མཆུ་གཉིས་ཀྱི་མདོག་སྐྱ་ལ་མགོ་བོ་འཁོར་ཞིང་སྐྲ་དང་སྨིན་མ་ཟ་བ་དང་སྣ་ལ་ཤུ་བ་འབྱུང་བ་ཞིག་ཡིན།
ངན་འགྲོའི་སྡུག་བསྔལ་མིང་ཚིགངན་སོང་གསུམ་གྱི་སྡུག་བསྔལ་ཏེ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་དང༌། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ་བཅས་སོ། །
ངེས་པ་མེད་པའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་དྲུག་གི་ཡ་གྱལ་ཞིག་སྟེ། སྡུག་བསྔལ་གྱི་ཆེ་ཆུང་དང༌། གནས་དང༌། ཚད་ལ་ངེས་པ་མེད་པ།
ངོམས་པ་མེད་པའི་སྡུག་བསྔལ་མིང་ཚིགའདོད་ཡོན་གྱིས་ངོམས་མི་ཤེས་པའི་སྡུག་བསྔལ་ཏེ་སྡུག་བསྔལ་དྲུག་གི་ཡ་གྱལ་ཞིག
ཇོ་མོ་སྒུར་མོ་མིང་ཚིགམ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་ལ་སྟོད་ཤྲཱི་རི་ཆུ་བཟང་དུ་འཁྲུངས། གཞོན་དུས་ནས་ཆོས་ལ་དད། ལ་སྟོད་དིང་རིར་ཕེབས། ཕ་དམ་པ་དང་མཇལ། ཞི་བྱེད་ཀྱི་གདམས་པ་རྣམས་ཞུས། བྱང་ཆུབ་སེམས་དཔའ་ཀུན་དགའ་ཡང་བསྟེན། མན་ངག་མང་དུ་ཞུས། ལོ་བཅུའི་རིང་གླང་འཁོར་དུ་ཉམས་ལེན་མཛད། སྤུར་སྦྱངས་སྐབས་རིང་བསྲེལ་མང་དུ་བྱོན།
ཉེ་བར་ལེན་པའི་ཕུང་པོ་ལྔའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་བརྒྱད་ཀྱི་ནང་གསེས། ཉེར་ལེན་གྱི་ཕུང་པོ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་རྣམས་འདྲེན་པ་དང༌། ད་ལྟ་ན་རྒ་སོགས་ཀྱི་རྟེན་དུ་གྱུར་པ་དང༌། སྡུག་བསྔལ་གསུམ་གྱི་སྣོད་དང་རང་བཞིན་དུ་གྱུར་པའོ། །
ཉེ་བར་ལེན་པའི་སྡུག་བསྔལ་བ་ཉིད་རྣམ་པ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་ཉིད་ཀྱི་སྣོད་ཡིན་པའི་ཕྱིར་སྡུག་བསྔལ་བ། མངོན་པར་འགྲུབ་པ་ལ་བརྟེན་པའི་སྡུག་བསྔལ་ཉིད་ཀྱི་སྣོད་ཡིན་པའི་ཕྱིར་སྡུག་བསྔལ་བ། སྡུག་བསྔལ་བའི་སྡུག་བསྔལ་ཉིད་ཀྱི་སྣོད་ཡིན་པའི་ཕྱིར་སྡུག་བསྔལ་བ། འགྱུར་བའི་སྡུག་བསྔལ་ཉིད་ཀྱི་སྣོད་ཡིན་པའི་ཕྱིར་སྡུག་བསྔལ་བ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །
ཏ་སྒུར་མིང་ཚིགཏ་ཡིག་དང་ད་ཡིག་གཉིས་ཀྱི་ཁྱད་པར་འབྱེད་དེ། ཏ་ཡིག་གི་མིང་དུ་འབོད་པ་ཡིན།
ཀུན་ནས་ལྟ་ན་སྡུག་པའི་དཔེ་བྱད་མིང་ཚིགདཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་སྟེ། འཁོར་ཀུན་ནས་མཛེས་པར་གྱུར་པ་ཉིད་ཀྱིས་སྤྱོད་ལམ་ཐམས་ཅད་མཐོང་ན་མི་མཐུན་པ་མེད་པས་ཀུན་ནས་ལྟ་ན་སྡུག་པ།
ཐབས་སྡུག་པ་མིང་ཚིགབསམ་གནག་ཁྲེལ་མེད་ཀྱི་ལས་ཀ་ལ་གོ་སྟེ།མི་ངན་གྱིས་ཐབས་སྡུག་པ་དྲན་ལྟ་བུ།
དཀའ་སྡུག་མིང་ཚིགདཀའ་ངལ་དང་སྡུག་བསྔལ་གྱི་བསྡུས་མིང་།
དཀའ་སྡུག་རྒྱན་ཚིགབཟོད་མི་ནུས་པའི་སྡུག་བསྔལ་གྱི་དོན་ཏེ།དཀའ་སྡུག་མིག་ཆུ་མཉམ་དུ་བཏང་། །སྐྱོ་སྡུག་གླུ་ཆུང་མཉམ་དུ་བླངས། །ལྟ་བུ།
དགའ་བ་དང་བྲལ་བའི་སྡུག་བསྔལ་མིང་ཚིགལམ་རིམ་སོགས་ཆོས་གཞུང་དུ་བཤད་པའི་སྡུག་བསྔལ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། ཡིད་དུ་འོང་བའི་གཉེན་སྙིང་ལ་སྡུག་པའམ། ཡིད་ལ་འཐད་པ་དང་ཁ་གྱེས་པའི་སྡུག་བསྔལ་གྱི་མིང་།
ཀེར་ལེབ་སྒུར་གསུམ་མིང་ཚིགཀེར་ཀེར་མི་དང༌། ལེབ་ལེབ་ས། སྒུར་སྒུར་ཕྱུགས་ཡིན། སྔོན་རབས་སྤྱི་ཚོགས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་སྐབས་ཁྲལ་འུ་ལག་འགེལ་སའི་ཡུལ་གསུམ་ཏེ། ཀེར་ལེབ་སྒུར་གསུམ་གྱི་ཁྲལ་རིགས་ཟེར།
དགྲ་དགའ་གཉེན་སྡུག་མིང་ཚིགབྱ་བ་གང་ཞིག་སྒྲུབ་ཚེ། རང་གི་ཕྱོགས་ལ་གནོད་ཅིང་དགྲ་ཡི་ཕྱོགས་ལ་ཕན་པའི་དོན།དགྲ་དགའ་གཉེན་སྡུག་གི་ལས་མ་བྱེད་ལྟ་བུ།
ཀོ་ལོང་སྡུག་ཡུས་མིང་ཚིགརྐྱེན་ཆུང་ངུ་ཙམ་ལའང་ཁོང་ཁྲོ་བ་དང་བྱས་ཡུས་ལ་སྨོད་པའི་སེམས།
དབུ་སྐྲ་སྡུག་པའི་དཔེ་བྱད་མིང་ཚིགསངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་སྟེ། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པའི་ཕྱིར་དབུ་སྐྲ་སྡུག་པ་སྟེ་ཡིད་དུ་འོང་བ།
དབྱིབས་སྡུག་པ་མིང་ཚིགབཟོ་ལྟ་མི་མཛེས་པ།
དབྱིབས་སྡུག་པ་མིང་ཚིགབཟོ་ལྟ་མཛེས་པ།ལྷ་ཁང་གི་དབྱིབས་སྡུག་པ་ཞིག་ཏུ་ཕྱིན་ལྟ་བུ།
ན་བའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་བརྒྱད་ཀྱི་ཡ་གྱལ་ཞིག ལུས་ཀྱི་འབྱུང་བའི་ཁམས་རྣམས་ཆ་མི་མཉམ་པར་ཤས་ཆེ་ཆུང་དུ་འཁྲུགས་པས་ཤ་ཞུ་པགས་སྐམ་སོགས་ལུས་ལ་གདུང་བ་བསྐྱེད་ཅིང་སེམས་ལ་མི་བདེ་བ་བསྐྱེད་པས་ཤིན་ཏུ་བཟོད་དཀའ་བའི་སྡུག་བསྔལ།
ན་བའི་སྡུག་བསྔལ་བ་ཉིད་རྣམ་པ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ལུས་ཀྱི་རང་བཞིན་འགྱུར་བའི་ཕྱིར་སྡུག་བསྔལ་བ། སྡུག་བསྔལ་དང་ཡིད་མི་བདེ་བ་མངོན་པར་འཕེལ་ཞིང་དེ་ལ་ཤས་ཆེ་བར་གནས་པའི་ཕྱིར་སྡུག་བསྔལ་བ། ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་འདོད་པའི་ཕྱིར་སྡུག་བསྔལ་བ། ཡུལ་གྱི་ལོངས་སྤྱོད་ཡིད་དུ་མི་འོང་བ་ལ་མི་འདོད་བཞིན་དུ་ཡོངས་སུ་སྤྱོད་དགོས་པའི་ཕྱིར་སྡུག་བསྔལ་བ། སྲོག་གི་དབང་པོ་དང་འབྲལ་བར་འགྱུར་བའི་ཕྱིར་སྡུག་བསྔལ་བའོ། །
ན་རྒ་འཆི་བའི་སྡུག་བསྔལ་མིང་ཚིགན་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་དང་གསུམ་སྟེ། རྒྱ་ཆེ་རོལ་བའི་མདོ་ལས། དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། རྩྭ་ཤིང་གེལ་བ་ནགས་སྨན་མདངས་ཀྱང་འཕྲོག དེ་ལྟར་ནད་འདིས་འགྲོ་བའི་མདངས་འཕྲོག་ཅིང་། དབང་པོ་ཟུངས་དང་སྟོབས་ནི་ཉམས་པར་བྱེད། ཅེས་ན་བའི་སྡུག་བསྔལ་དང་། རྒ་བས་གཟུགས་སྡུག་གཟུགས་མི་སྡུག་པར་བྱེད། རྒ་བའི་གཟི་བརྗིད་འཕྲོག་ཅིང་ཐུབ་སྟོབས་འཕྲོག རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྱེད། རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག ཅེས་རྒ་བའི་སྡུག་བསྔལ་དང་། འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། ཕངས་ཤིང་སྡུག་པའི་སྡུག་བསྔལ་སྐྱེ་བོ་རྟག་ཏུ་འབྲལ། ཕྱིར་མི་འོང་ཞིང་འཕྲད་པར་འགྱུར་མ་ཡིན། ཤིང་ལས་ལོ་འབྲུལ་འདྲ་ཞིང་ཀླུང་རྒྱུན་མཚུངས། ཞེས་འཆི་བའི་སྡུག་བསྔལ་སྟོན་པའོ། །
ནང་གི་སྡུག་བསྔལ་མིང་ཚིགནང་སེམས་ཁམས་དང་འབྲེལ་བའི་མི་བདེ་བའི་མྱོང་ཚོར་ཏེ།ཁོང་ལ་རྒྱུ་ནོར་འབེལ་པོ་ཡོད་ཀྱང་ནང་གི་སྡུག་བསྔལ་ཧ་ཅང་ཆེ་ལྟ་བུ།
ནང་གི་སྡུག་བསྔལ་མིང་ཚིགརང་ཁྱིམ་དུ་མི་འདོད་པའི་སྡུག་བསྔལ་བྱུང་བའི་དོན་ཏེ།ནང་གི་སྡུག་བསྔལ་གྱིས་ལས་ཀ་ལ་ཤུགས་རྐྱེན་ངན་པ་བཟོས་ལྟ་བུ།
ཁམས་གསུམ་དུ་སྡུག་བསྔལ་གྱི་བསྡུས་པའི་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། དང་པོ་འདོད་པའི་ཁམས་སུ་སྡུག་བསྔལ་གྱིས་ཐོབ་པ་བཅུ་ནི། ༡ འདོད་ཆགས། ༢ ཁོང་ཁྲོ་བ། ༣ ང་རྒྱལ། ༤ མ་རིག་པ། ༥ འཇིག་ཚོགས་ལ་ལྟ་བ། ༦ ལོག་པར་ལྟ་བ། ༧ མཐར་འཛིན་པར་ལྟ་བ། ༨ ལྟ་བ་མཆོག་ཏུ་འཛིན་པ། ༩ ཚུལ་ཁྲིམས་མཆོག་ཏུ་འཛིན་པ། ༡༠ བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །གཉིས་པ། ཁོང་ཁྲོ་བ་སྤངས་པའི་གཟུགས་ཁམས་སུ་བསྡུས་པ་དགུ། གསུམ་པ། གཟུགས་མེད་ཁམས་སུ་ཡང་ཁོང་ཁྲོ་མ་གཏོགས་པ་སྡུག་བསྔལ་གྱིས་བསྡུས་པ་དགུ་བཅས་སོ། །
ཕུང་པོ་ལྔའི་སྡུག་བསྔལ་ལྔ་མིང་ཚིགམྱང་འདས་ལེའུ་ལྔ་པ་འཕགས་པ་སྤྱོད་པ་ཞེས་བྱ་བའི་ལེའུ་ལས་བྱུང་བ་སྟེ། སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། ཤི་བའི་སྡུག་བསྔལ། འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་དང་། དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ལོ། །
ཕུང་པོའི་སྡུག་བསྔལ་ལྔ་མིང་ཚིགམངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད། འགྱུར་བའི་སྡུག་བསྔལ་གྱི་སྣོད། ཁྱབ་པ་འདུ་ཤེས་ཀྱི་སྡུག་བསྔལ་གྱི་རང་བཞིན་ནོ། །
ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མིང་ཚིགད་ལྟ་སྡུག་བསྔལ་མངོན་གྱུར་དུ་མེད་ཀྱང་རྐྱེན་དང་ཕྲད་མ་ཐག་སྡུག་བསྔལ་སྐྱེ་རུང་དང་སྡུག་བསྔལ་མྱོང་ངེས་ཀྱི་ནུས་པ་མ་ཉམས་པར་ཡོད་པ་དེ་ལ་ཟེར་ཞིང༌། དེ་འདྲའི་ནུས་པ་ནི་ཁམས་གསུམ་ཀའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁྱབ་ནས་ཡོད་པས་ན་ཁྱབ་པ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བརྗོད་དེ། མཛོད་རང་འགྲེལ་ལས། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་རྐྱེན་གྱིས་མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་ཁོ་ནས་སྡུག་བསྔལ་བ་ཉིད་དེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་འབྱུང་ངོ་། །
བདེ་སྡུག་མིང་ཚིགབདེ་བ་དང་སྡུག་བསྔལ་ཞེས་པའི་བསྡུས་ཚིགསེམས་ཅན་བདེ་སྡུག་རང་རང་ལས་ལ་རག་ལྟ་བུ།
བདེ་སྡུག་གཉིས་བྲལ་གྱི་ལྟ་བ་མིང་ཚིགསློབ་དཔོན་ཤཱནྟི་པས་མཛད་པའི་བདེ་སྡུག་གཉིས་བྲལ་གྱི་ལྟ་བ། བསྟན་འགྱུར་རྒྱུད་ཟི་པར་བཞུགས།
བདེན་པ་སྡུག་བསྔལ་ལ་ཡོངས་སུ་རྟོགས་པར་བྱེད་པ་རྣམ་པ་བཅུ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། འགྱུར་བའི་རྣམ་པ། འཇིག་པའི་རྣམ་པ། བྲལ་བའི་རྣམ་པ། ཆོས་ཉིད་ཀྱི་རྣམ་པ། ཉེ་བའི་རྣམ་པ། ཀུན་ཏུ་སྦྱོར་བ་དང་འཆིང་བའི་རྣམ་པ། མི་སྡུག་པའི་རྣམ་པ། གྲུབ་པ་དང་བདེ་བ་མེད་པའི་རྣམ་པ། དམིགས་སུ་མེད་པའི་རྣམ་པ། རང་དབང་མེད་པའི་རྣམ་པའོ། །
བཙལ་ཀྱང་མ་རྙེད་པའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། འདོད་པའི་དངོས་པོ་བཙལ་ཀྱང་མ་རྙེད་པའི་སྡུག་བསྔལ།
བུ་སྡུག་མིང་ཚིགཡིད་དུ་འོང་བའི་བུ།མཐོང་བ་ཙམ་གྱིས་ཡིད་འཕྲོག་པའི་བུ་སྡུག་ཅིག་སྐྱེས་ལྟ་བུ།
བུད་མེད་ལ་ཡོད་པའི་སྡུག་པའི་རྣམ་པ་བརྒྱད་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། གར། གླུ། བགད་པ། བལྟས་པ། ཁ་དོག།རེག་པ། ཆ་བྱད། རྨ་བྱེད་པའོ། །
མགོ་སྒུར་བ་མིང་ཚིགམགོ་བོ་ཐུར་དུ་དུད་པ་སྟེ།མགོ་སྒུར་བ་ནི་སྐྲག་ནས་མ་ཡིན་གྱི་གུས་པས་ཡིན་ལྟ་བུ།
མགོ་སྒུར་བ་མིང་ཚིགམགོ་འདོགས་ཞུས་པའི་དོན་ཏེ།ཕམ་དམག་རྣམས་མགོ་སྒུར་བ་རེད་ལྟ་བུ།
མདོག་མི་སྡུག་པར་འགྱུར་བའི་ཆོས་བཅུ་མིང་ཚིགལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ཁྲོ་བ། འཆབ་པ། ཁོན་དུ་འཛིན་པ། འཚིག་པ། ཕ་མའི་བསྔགས་པ་མ་ཡིན་པ་སྨྲ་བ། འཕགས་པ་རྣམས་ཀྱི་བསྔགས་པ་མ་ཡིན་པ་སྨྲ་བ། འཕགས་པའི་ཡོངས་སུ་སྤྱད་པ་མ་རུང་བར་བྱེད་པ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་མར་མེའི་འོད་གྱི་བར་དུ་གཅོད་པ། གང་ཟག་མདོག་མི་སྡུག་པ་རྣམས་ལ་དབང་ཟ་བ། གཙང་སྦྲ་མེད་པར་སྤྱོད་པའོ། །
མཚར་སྡུག་མིང་ཚིགམཛེས་ཤིང་ཡིད་དུ་འོངས་པ།མཚར་སྡུག་འོད་སྟོང་འབར་བའི་རིག་གནས་ལྟ་བུ།
མཚེར་སྡུག་མིང་ཚིགམཚེར་སྣང་དང་འདྲ། ལས་ཀར་མཚེར་སྣང་ཧ་ཅང་ཆེ་བས་སྒྱིད་ལུག་གིས་ལས་ལ་མི་སྤྲོ་བ།དར་མ་ཡིན་ཡང་མཚེར་སྡུག་གིས་ལས་མི་བྱེད་ལྟ་བུ།
མཛེས་སྡུག་མིང་ཚིགམཛེས་ཤིང་ཡིད་དུ་འོང་བའི་དོན་ཏེ།མཛེས་སྡུག་ལྡན་པའི་ས་ཆ་ཞེས་པ་ལྟ་བུ།
མཛེས་སྡུག་ཡིད་འོང་མིང་ཚིགཡིད་འཕྲོག་ཅིང་བློ་ལ་འབབ་པའི་དོན།མཛེས་སྡུག་ཡིད་འོང་གི་སྨན་ཆུང་བུ་མོ། །ཞལ་རས་འཛུམ་འཛུམ་གྱིས་ཚུར་ལ་ཕེབས་ཤོག། །བརྩེ་སེམས་མཚོ་མོ་ཡི་རླབས་ཕྲེང་རྩེ་ནས། །དུང་སེམས་ཟེགས་མ་ཞིག་ཁྱོད་ཕྱོགས་ཡར་སོང་། །ཞེས་པ་ལྟ་བུ།
མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམ་པ་དྲུག་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་ཐོག་མ་བསྐྱེད་པ་ལ་སྙོམ་ལས་བྱེད་པ། དགེ་བའི་ཆོས་སྐྱེས་པ་རྣམ་པ་གནས་པར་བྱ་བ་དང༌། ཉམས་པར་མི་འགྱུར་བ་དང༌། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཕྱིར་ཞིང་འཕེལ་བར་བྱ་བ་དང༌། རྒྱས་པར་བྱ་བ་ལ་ལེ་ལོ་བྱེད་པ། བླ་མ་ལ་སྲི་ཞུ་བྱེད་དུ་འགྲོ་བ་དང༌། ཡོངས་སུ་དྲི་བ་དག་ལ་རྟག་འགྲུས་སུ་མི་བྱེད་པ། དགེ་བའི་ཆོས་རྟག་ཏུ་བསྒོམ་པ་ལ་རྟག་འགྲུས་མི་བྱེད་པ། བླ་མ་ལ་ཡིད་མི་ཆེས་ཤིང་ཡིད་མི་ཆེས་པ་དེ་ལ་བརྟེན་པས་རྟག་འགྲུས་མི་བྱེད་པ། ནང་ལ་བག་མེད་ཅིང་བག་མེད་པ་དེ་ལ་བརྟེན་པས་དགེ་བའི་ཆོས་རྟག་ཏུ་བསྒོམ་པ་ལ་རྟག་འགྲུས་མི་བྱེད་པ་དང་དྲུག་གོ །
མི་སྡུག་པ་མིང་ཚིགམི་མཛེས་པ་དང་། ཡིད་དུ་མི་འོང་བ།མི་སྡུག་པའི་གཟུགས། རྒན་མོ་མི་སྡུག་པའི་ཆ་བྱད་ཅན་ལྟ་བུ།
མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་བ་ཉིད་རྣམ་པ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་ཉིད་ཀྱི་ཕྱིར་སྡུག་བསྔལ་བ། ཆད་པས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་སྡུག་བསྔལ་བ། ཚིགས་སུ་བཅད་པ་མེད་པས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་སྡུག་བསྔལ་བ། ཉམ་ང་བཞིན་དུ་འཆི་བའི་འཇིགས་པའི་གནས་ཉིད་ཀྱི་ཕྱིར་སྡུག་བསྔལ་བ། ཆོས་ལས་འགལ་བས་ངན་འགྲོས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་སྡུག་བསྔལ་བའོ། །