Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
སྡུག་བསྔལ་གསུམ་མིང་ཚིགསྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། མཚན་མའི་སྡུག་བསྔལ་དང་གསུམ་མོ། །
སྡུག་བསྔལ་གསུམ་སེལ་གྱི་ཁྲིད་མིང་ཚིགཇོ་ནང་། སྡུག་བསྔལ་གསུམ་སེལ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ང་ལྔ་བ་ཡིན། བརྗོད་བྱ། སྐྱབས་སེམས་དང་། སེམས་གཉུག་མའི་དོན། ཟབ་གནད་ལྔའི་སྒོ་ནས་སྒོམ་ཚུལ་བསྟན་ཡོད། བརྒྱུད་རིམ་ནི། སྤྱན་རས་གཟིགས་དབང་ནཱ་རོ་བླ་ཆེན་འབྲོག ། སེ་རོག་རྣམ་གཉིས་གཉོས་ཡེར་སྒོམ་སེས་དང་། །གྲུབ་ཐོབ་ལྷ་འབར་ཁ་རག་སྒོམ་པ་དང་། །ལུང་ཕུ་གཞོན་གྲུབ་བྱང་ཡེ་བསོད་རྒྱལ་དང་། །དཔལ་ཚུལ་བུདྡྷ་ཤྲཱི་ངོར་ཆེན་པ། །དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་ཞབས། །ཞེས་སོགས་དང། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
སྡུག་བསྔལ་གྱི་གནས་གསུམ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཕྲད་པ་ལས་དེ་དག་བྱུང་བ། བྲལ་བ་ལས་བྱུང་བ། རྟག་ཏུ་ཡོད་པའོ། །
སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་མིང་ཚིགསྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་ཏེ། སྡུག་བསྔལ་ཆུ་བོའི་གཟུགས་སུ་བཀོད་པ།
སྡུག་བསྔལ་གྱི་དབང་པོ་མིང་ཚིགམདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ནང་གསེས་ཤིག ཀུན་ནས་ཉོན་མོངས་པ་ཁོང་ཁྲོ་རྒྱས་འགྱུར་ལ་དབང་བྱེད་པས་ན་དབང་པོ་སྟེ། ལུས་ཀྱི་ཚོར་བ་སིམ་པ་མ་ཡིན་པ་གང་ཡིན་པ་ནི་གནོད་པ་བྱེད་པ་སྟེ་སྡུག་བསྔལ་གྱི་དབང་པོའོ། །ཞེས་ཀུན་མཁྱེན་ཆེན་པོ་པདྨ་དཀར་པོས་གསུངས་སོ། །
སྡུག་བསྔལ་གྱི་དབྱེ་བ་བརྒྱད་མིང་ཚིགསྡུག་བསྔལ་ཤིན་ཏུ་རྒྱས་ལ་མ་བསྲབས་པ། བསྲབས་པ། གཉིས་ཀ་ཡིན་པ། བར་མ་མ་བསྲབས་པ། སྲབ་ལ་མ་བསྲབས་པ། ཆེས་སྲབ་ལ་མ་བསྲབས་པ། ཆེས་སྲབ་ལ་བསྲབས་པ། ཤིན་ཏུ་སྲབ་ལ་བསྲབས་པ། བསྲབས་པ་ཆེན་པོས་ཉེ་བར་གནས་པའོ། །
སྡུག་བསྔལ་གྱི་བདེན་པ་མིང་ཚིགཟག་པ་དང་བཅས་པའི་འདུ་བྱེད་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར། ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་ལ་དེ་ལས་མ་གཏོགས་པའི་ཆོས་གཞན་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་ཏེ། ཕུང་པོ་ལྔ་སྡུག་བསྔལ་གསུམ་དང་ལྡན་པས་ན་སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ། །
སྡུག་བསྔལ་གྱི་ཚོར་བ་མིང་ཚིགཡིད་དུ་མི་འོང་བའི་ཡུལ་དང་འཕྲད་པ་ལས་བྱུང་བའི་ཉམས་སུ་མྱོང་བའི་ཚོར་ཤེས།
སྡུག་བསྔལ་གྱི་རྒྱུ་གསུམ་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་བྱུང་བ་སྟེ། རྒྱུན་གྱུར་པ་ཉེ་བར་ལེན་པའི་ཕུང་པོ། མ་རིག་པ་སྲེད་པ་ཉེ་བར་ལེན་པའི་མཚན་ཉིད་ནི་ཉོན་མོངས་པ། འདུ་བྱེད་དང་སྲིད་པའི་མཚན་ཉིད་ཀྱི་ལས་ནི་ཀུན་འབྱུང་བདེན་པའོ། །
སྡུག་བསྔལ་གྱི་རྟགས་ལྔ་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། མྱ་ངན། སྨེ་སྔགས་འདོན་པ། སྡུག་བསྔལ། ཡིད་མི་བདེ་བ། ཉེ་བར་འཁྲུག་པའོ། །
སྡུག་བསྔལ་གྱི་རྣམ་པ་ཡང་དག་པར་བསྡུས་པ་རྣམ་པ་གསུམ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ ཀུན་ཏུ་སྦྱོར་བ་དང་འཆིང་བའི་རྣམ་པས་ཡང་དག་པར་བསྡུས་པ། ༢ མི་སྡུག་པའི་རྣམ་པས་ཡང་དག་པར་བསྡུས་པ། ༣ གྲུབ་པ་དང་། བདེ་བ་མེད་པའི་རྣམ་པས་ཡང་དག་པར་བསྡུས་པའོ། །
སྡུག་བསྔལ་གྱི་སྡུག་བསྔལ་མིང་ཚིགམདོ། མངོན་པ། སྡུག་བསྔལ་གསུམ་གྱི་ཡ་གྱལ་ཞིག་སྟེ། ནམ་སྐྱེས་ཙམ་ནས་ལུས་སེམས་གདུང་བར་བྱེད་པའི་རིགས་ཅན་གྱི་ཟག་བཅས་ཤིག་སྟེ། དཔེར་ན་ཚོར་བ་སྡུག་བསྔལ་དང། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་། དེའི་བདག་རྐྱེན། དེ་གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་རྣམས་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་ཏེ། མཆིམས་མཛོད་ལས། འགྲེལ་པ་ལས་དེའི་དབང་གིས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་འདུ་བྱེད་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་འཐོབ་བོ་ཞེས་འབྱུང་བས་ཚོར་བ་དེ་དག་གི་དབང་གིས་དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་གཞན་རྣམས་དང༌། མཚུངས་ལྡན་མ་ཡིན་པ་བདག་རྐྱེན་དང༌། དམིགས་རྐྱེན་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་དུ་བརྗོད་དོ། །ཞེས་གསུངས།
སྡུག་བསྔལ་ཅན་མིང་ཚིགནད་པ་སྟེ། ནད་གྱི་སྡུག་བསྔལ་དང་ལྡན་པས་ནའོ། །
སྡུག་བསྔལ་ཆོས་བཟོད་མིང་ཚིགམདོ། མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་ཡ་གྱལ་ཞིག་སྟེ། འཇིག་རྟེན་པའི་ཆོས་མཆོག་གི་མཇུག་ཐོགས་སུ་སྐྱེས་ཤིང་འདོད་པའི་སྡུག་བསྔལ་མཐོང་སྤོང་གི་དངོས་གཉེན་ཟག་མེད་བར་ཆད་མེད་ལམ་གྱི་ཡེ་ཤེས་སོ། །
སྡུག་བསྔལ་ཆོས་ཤེས་མིང་ཚིགམདོ། ཉན་ཐོས་ལུགས་ཀྱི་མཐོང་ལམ་ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་ཡ་གྱལ་ཞིག་སྟེ། སྡུག་བསྔལ་ཆོས་བཟོད་ཀྱི་མཇུག་དེ་མ་ཐག་ཏུ་སྤང་བྱ་སྡུག་བསྔལ་མཐོང་སྤང་ལས་རྣམ་པར་གྲོལ་བ་ཐོབ་པའི་མཐོང་ལམ་རྣམ་གྲོལ་ལམ་གྱི་ཡེ་ཤེས་སོ། །
སྡུག་བསྔལ་ཉིད་རྣམ་པ་གསུམ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད། འདུ་བྱེད་ཀྱི་སྡུག་བསྔལ་ཉིད། འགྱུར་བའི་སྡུག་བསྔལ་ཉིད་དོ། །
སྡུག་བསྔལ་ཉིད་རྣམ་པ་གསུམ་མིང་ཚིགདབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་ལས་བྱུང་བ་སྟེ། ཉེ་བར་ལེན་པས་སྡུག་བསྔལ་ཉིད། མཚན་ཉིད་ཀྱིས་སྡུག་བསྔལ་ཉིད། འབྲེལ་པས་སྡུག་བསྔལ་ཉིད་དོ། །
སྡུག་བསྔལ་ཉིད་རྣམ་པ་གསུམ་མིང་ཚིགརྣམ་པར་བཤད་པ་རིགས་པའི་བཤད་པ་ལས་བྱུང་བ་སྟེ། ༡ སྡུག་བསྔལ་གྱི་སྡུག་བསྔལ་ནི། འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ནི་སྡུག་བསྔལ་ཡིན་པས་ན་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། བསྐ་བའི་བསྐ་བ་བཞིན་ནོ། །༢ འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི། སྤྱིའི་མཚན་ཉིད་འབྱུང་བ་དང་འཇིག་པ་མི་མཐུན་པ་ཉིད་ནི་སྤྱིའི་མཚན་ཉིད་འབྱུང་བ་དང་འཇིག་པ་མི་མཐུན་པ་ཉིད་དེ། དེ་ནི་སྤྱིའི་མཚན་ཉིད་འབྱུང་བ་དང་འཇིག་པ་མི་མཐུན་པ་ཉིད་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ། འདུ་བྱེད་སྡུག་བསྔལ་ཡིན་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དེའི་དངོས་པོ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་ནོ། །༣ འགྱུར་བའི་སྡུག་བསྔལ་ནི། དེ་བཞིན་དུ་གཞན་དུ་གྱུར་པའི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་འགྱུར་བའི་སྡུག་བསྔལ་ཉིད་དེ། འགྱུར་བ་ཉིད་སྡུག་བསྔལ་ཡིན་པས་ན་འགྱུར་བའི་སྡུག་བསྔལ་ཉིད་ཡིན་ནོ། །
སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝྃ་པར་བཞུགས།
སྡུག་བསྔལ་ཐམས་ཅད་ལས་འདོན་པའི་རྒྱུད་མིང་ཚིགདཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
སྡུག་བསྔལ་དང་ལེན་གྱི་བཟོད་པ་མིང་ཚིགམདོ། ཕར་ཕྱིན། བདག་གཞན་གྱི་ལུས་ངག་གི་ལས་ཕྱིན་ཅི་ལོག་ཐམས་ཅད་སྤོང་བ་དང། དགེ་བའི་ཕྱོགས་ཐམས་ཅད་བསྒྲུབ་པའི་དོན་དུ་ལུས་ངག་ཡིད་གསུམ་གྱི་དཀའ་སྤྱོད་ཐམས་ཅད་དང། ཚ་གྲང་བཀྲེས་སྐོམ་དང་། ནད་དང་གདོན་ལ་སོགས་པའི་སྡུག་བསྔལ་རྣམས་ཁྱད་དུ་བསད་ནས། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱ་དཀའ་བ་འདི་ལྟ་བུ་སྤྱད་ནས་སངས་རྒྱས་པ་ཡིན་པས། བདག་ཀྱང་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་གཞན་དོན་དུ་དམྱལ་བའང་བཟོད་དགོས་ན་འདི་ལྟ་བུའི་སྡུག་བསྔལ་བཟོད་དགོས་པ་སྨོས་ཅི་དགོས་ཞེས་སྡུག་བསྔལ་དྭང་དུ་བླངས་ནས་བཟོད་པ་བསྒོམ་པ་སྟེ། མདོ་ལས། ཆོས་བྱེད་པ་འབྲོག་དགོན་པར་སྡོད་པའི་ཚེ་གཅན་གཟན་ཁྲོ་བོས་ཟ་བ་འམ་ཆོམ་རྐུན་གྱིས་གནོད་པ་བྱས་པ་ལ། བདག་གི་ལས་ཀྱི་སྒྲིབ་པ་ཐམས་ཅད་འདིས་དག་པར་གྱུར་ཅིག བདག་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་འདི་ལྟ་བུའི་གནོད་པ་མི་འབྱུང་བར་གྱུར་ཅིག ཞེས་སོགས་གསུངས་སོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། །
སྡུག་བསྔལ་དྲུག་མིང་ཚིགངེས་པ་མེད་པའི་སྡུག་བསྔལ། ངོམས་པ་མེད་པའི་སྡུག་བསྔལ། ལུས་ཡང་ཡང་འདོར་བའི་སྡུག་བསྔལ། ཡང་ཡང་ཉིང་མཚམས་སྦྱོར་བའི་སྡུག་བསྔལ། ཡང་ཡང་མཐོ་དམན་དུ་འགྱུར་བའི་སྡུག་བསྔལ། གྲོགས་མེད་པའི་སྡུག་བསྔལ།
སྡུག་བསྔལ་དྲུག་མིང་ཚིགསྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། དགའ་བ་དང་རྣམ་པར་འབྲལ་བའི་སྡུག་བསྔལ། མི་དགའ་བ་དང་ཕྲད་པའི་སྡུག་བསྔལ། འདོད་པ་རྣམ་པར་ཉམས་པའི་སྡུག་བསྔལ།
སྡུག་བསྔལ་ཕྲ་མོ་མིང་ཚིགགཞན་སྟོང་དབུ་མ། ཡིད་ལུས་དང། དབང་བསྒྱུར་གྱི་སྐྱེ་བ་དང། བསམ་གྱིས་མི་ཁྱབ་ཀྱི་འཆི་འཕོ་བ་དང། དག་པའི་ཞིང་ཁམས་རྣམས་ནི་རྣམ་པར་བྱང་བའི་ལམ་གྱི་བསྡུས་ཤིང་སྡུག་བསྔལ་ཕྲ་མོ་ཞེས་བརྗོད་དོ། །
སྡུག་བསྔལ་བ་མིང་ཚིགམདོ། སྡུག་བདེན་གྱི་ཁྱད་ཆོས་སུ་གྱུར་བའི་སྡུག་བསྔལ་བ་ཞེས་པ་ནི་ཁྱད་གཞི་སྡུག་བསྔལ་བདེན་པ་ལ་བརྟེན་པའི་རང་རྒྱུ་ལས་ཉོན་གྱི་གཞན་དབང་ཅན་དུ་གྱུར་བའི་མཐོ་སྲིད་རྩེ་ནས་མར་མནར་མེད་ཀྱི་བར་དུ་ཁྱབ་པའི་རིགས་སུ་གནས་པའི་ཟག་བཅས་ཀྱི་ཆོས་གང་ཞིག རང་འབྲས་ཉེས་པའི་ཚོགས་ཀྱི་རྟེན་དུ་གྱུར་བ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ལས། གཉིས་པ་སྡུག་བསྔལ་བའི་རྣམ་པ་ནི། ཉེར་ལེན་གྱི་ཕུང་པོ་དེ་ཆོས་ཅན། སྡུག་བསྔལ་ཡིན་ཏེ། ད་ལྟ་ཉེས་པའི་ཚོགས་ཀྱི་རྟེན་བྱེད་པའི་ཕྱིར་དང། སྔོན་གྱི་རྒྱུ་ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར་ཡང་ངོ་།། ཞེས་གསུངས།
སྡུག་བསྔལ་བདེན་པ་མིང་ཚིགཟག་བཅས་འབྲས་བསྡུས་ཀྱི་ཆར་གྱུར་པའི་རབ་ཏུ་ཕྱེ་བའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པར་དམིགས་པ། དེ་ལ་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ་བདེན་པ། འགྱུར་པའི་སྡུག་བསྔལ་བདེན་པ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བདེན་པ་དང་གསུམ། དང་པོ་ནི། མཁལ་མའི་ཟུག་གཟེར་ན་བའི་སྡུག་བསྔལ་ལྟ་བུ། གཉིས་པ་ནི། ཟག་བཅས་ཀྱི་ཚོར་བ་བདེ་བ་ལྟ་བུ། གསུམ་པ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོའི་སྟེང་གི་འགྱུར་བ་ཕྲ་མོ་ལྟ་བུ། ཡང་དེ་ལ་དབྱེ་ན། སྣོད་ཀྱི་སྡུག་བསྔལ་བདེན་པ་དང། བཅུད་ཀྱི་སྡུག་བསྔལ་བདེན་པ་གཉིས་སུ་ཡོད། དང་པོ་ནི། མ་དག་པའི་སྣོད་ཀྱི་འཇིག་རྟེན་ལྟ་བུ། གཉིས་པ་ནི། དེའི་བཅུད་ཀྱི་སེམས་ཅན་ལྟ་བུའོ། །དེ་ལྟར་ཡང་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ནི་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱི་ཡང་རིག་པར་བྱའོ། །ཞེས་དང་སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་ལས་དང་པོ་ཉོན་མོངས་པས་བསྐྱེད་པ་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་དག་ནི་སྡུག་བསྔལ་གྱི་བདེན་པའོ། །ཞེས་གསུངས་སོ། །
སྡུག་བསྔལ་བདེན་པ་མིང་ཚིགམདོ། ཟག་བཅས་ལས་དང་ཉོན་མོངས་གང་རུང་གིས་བསྡུས་ཤིང་འཕགས་པ་རྣམས་ཀྱིས་སྡུག་བསྔལ་གཟིགས་པ་ལྟར་བདེན་པས་ན་སྡུག་བསྔལ་བདེན་པའོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྡུག་བསྔལ་བདེན་པའི་ངོ་བོ་ཡོད་དེ། ཟག་བཅས་འབྲས་དུས་ཀྱི་ཆར་གྱུར་པའི་ཉོན་མོངས་ཕྱོགས་ཀྱི་བདེན་པ་ཞིག་ལ་འཇོག་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རྣམས་སུ་ཡོད་པའི་ཕྱིར། ཟག་བཅས་གྱི་ཚོར་བ་སྡུག་བསྔལ་མཐའ་དག་དང་། ཟག་བཅས་ཀྱི་ཚོར་བ་བདེ་བ་མཐའ་དག་དང་། དེ་གཉིས་ལས་གཞན་པའི་ལས་ཉོན་གྱིས་ལག་རྗེས་བཞག་པའི་ཟག་བཅས་ཀྱི་ཕུང་པོ་མཐའ་དག་རིམ་པ་བཞིན་དེ་གསུམ་གྱི་མཚན་གཞི་ཡིན་པའི་ཕྱིར། ཡང་རྣམ་པའི་སྒོ་ནས་དབྱེ་ན་བཞི་ཡོད་དེ། སྟོང་པ་དང། སྡུག་བསྔལ་བ་དང། མི་རྟག་པ་དང། བདག་མེད་པའི་རྣམ་པ་དང་བཞི་ཡོད་པའི་ཕྱིར་རོ། །
སྡུག་བསྔལ་བདེན་པ་མིང་ཚིགགཞན་སྟོང་དབུ་མ། སྤྱིར་ཉེར་ལེན་གྱི་ཕུང་པོ་ཐམས་ཅད་སྡུག་བསྔལ་གྱི་བདེན་པ་ཡིན་ཀྱང་སྡུག་བདེན་གྱི་གཙོ་བོ་ནི་སྐྱེ་བའི་སྲིད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་སྐྱེ་བ་ལས་ནི་འཆི་བ་དང། བར་དོའི་སྲིད་པ་སོགས་སྡུག་བསྔལ་གཞན་ཐམས་ཅད་འདི་ལས་འབྱུང་བས་སོ། །དབྱེ་ན་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་དང། འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་མམ། ཡང་ན་སྐྱེ་བ་དང་རྒས་པ་དང་། ན་བ་དང་འཆི་བ་དང་འདོད་པ་བཙལ་གྱི་མི་རྙེད་པ་དང། དགྲ་སྡང་བ་དང་འཕྲད་པ་དང། གཉེན་བྱམས་པ་དང་བྲལ་བ་དང། མདོར་ན་ཉེ་བར་ལེན་པའི་སྡུག་བསྔལ་བ་དང་བརྒྱད་དུ་ཡང་འགྱུར་རོ། །
སྡུག་བསྔལ་བདེན་པ་མིང་ཚིགམཚན་གཞི་ནི། ལས་ཉོན་གྱི་རྣམ་སྨིན་གྱི་འབྲས་བུ་སེམས་ཅན་གྱི་རྒྱུད་ཀྱི་ཕུང་པོ་དང་། བདག་པོའི་འབྲས་བུ་སྣོད་ཀྱི་འཇིག་རྟེན་ནོ། །མཚན་ཉིད། མི་རྟག་ལ་སོགས་བཞི་སྟེ། འཇིག་ཅིང་རབ་ཏུ་འཇིག་པས་ན་མི་རྟག་པ་དང། གནོད་པའི་བདག་ཉིད་ཡིན་པས་ན་སྡུག་བསྔལ་དང། དོན་གཞན་གྱི་བདག་གིས་སྟོང་པས་ན་སྟོང་པ་དང། ངོ་བོར་གྱུར་པའི་བདག་མེད་པས་ན་བདག་མེད་པའོ། །དེ་ལ་སྡུག་བསྔལ་ནི། སྡུག་བདེན་ཁོ་ནའི་ཆོས་ཡིན་པས་རང་གི་མཚན་ཉིད་ཡིན་ལ། མི་རྟག་སོགས་ལྷག་མ་གསུམ་ནི། བདེན་པ་གཞན་རྣམས་ལའང་རྗེས་སུ་འགྲོ་བས་སྤྱིའི་མཚན་ཉིད་དོ། །ཅེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། རང་རྒྱུ་ལས་ཉོན་གང་རུང་གི་འབྲས་བུར་གྱུར་པའི་འཁོར་བས་བསྡུས་པའི་ཕུང་པོའོ། །མ་དག་པའི་སྣོད་ཀྱི་འཇིག་རྟེན་ནི་སྡུག་བསྔལ་བདེན་པའི་མཚན་གཞི་ཏེ། ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ་ཞེས་སོ། ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཡང་སྡུག་བསྔལ་བདེན་པ་ཡིན་ཏེ། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་སོ། །བདེ་བ་ཅན་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་ནི་སྡུག་བསྔལ་བདེན་པ་མིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་བྱུང་བའི་དག་པའི་འཇིག་རྟེན་གྱི་ཁམས་ཡིན་པའི་ཕྱིར་རོ། །འོན་ཀྱང་དེར་གནས་པའི་སོ་སོ་སྐྱེ་བོ་རྣམས་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ནི་དེ་ཡིན་ཏེ། གང་ཟག་དེས་སྡུག་བདེན་མ་སྤངས་ཤིང། ཕུང་པོ་དེ་འཕེན་བྱེད་ཀྱི་ལས་དེ་ཟག་བཅས་ཀྱི་ལས་ཡིན་པའི་ཕྱིར་རོ། །ཞེས་རྣམ་བཤད་ཡུམ་དོན་རབ་གསལ་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། སྡུག་བསྔལ་འཕགས་པའི་བདེན་པའི་མཚན་ཉིད། རང་རྒྱུ་ཀུན་འབྱུང་གི་འབྲས་བུ་གང་ཞིག། མི་རྟག་སོགས་མཚན་ཉིད་བཞིའི་སྒོ་ནས་ཤེས་པར་བྱ་བའོ། །འོ་ན་མཚན་ཉིད་ཟུར་བཞི་པོ་འདི། ཐུན་མོང་མ་ཡིན་པར་མཚོན་པ་རང་གི་མཚན་ཉིད་དམ། གཞན་དང་ཐུན་མོང་དུ་མཚོན་པ་གཉིས་ལས་གང་བཟུང་ཞེ་ན། འགྲེལ་པ་དོན་གསལ་ལས་བཞི་པོ་རང་གི་མཚན་ཉིད་དུ་གསུངས་ལ། ཆོས་མངོན་པ་ལྟར་ན་གཅིག་ནི་རང་གི་མཚན་ཉིད་ཡིན་ལ། གསུམ་ནི་སྤྱིའི་མཚན་ཉིད་དོ། ། སྒྲ་དོན། འཕགས་པས་སྡུག་བསྔལ་དུ་གཟིགས་པ་དང་མཐུན་པར་དེར་གནས་པས་ན། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །འདི་ཡང་གཙོ་བོར་འདུ་བྱེད་ཀྱི་སྡུག་བསྔལ་ལ་བསམ་པ་ཡིན་ཏེ། །ཇི་སྐད་དུ། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །
སྡུག་བསྔལ་བདེན་པ་མིང་ཚིགསྡུག་བསྔལ་བདེན་པ་ཞེས་པ་ནི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པ་བཞིས་ཁྱད་པར་དུ་བྱས་པའི་ཟག་བཅས་ཀྱི་ཆོས་ཞིག་ལ་ཟེར། དེ་ལྟར་ཡང་མཁས་མཆོག་བྱམས་པ་བཀྲ་ཤིས་ཀྱིས་མཛད་པའི་དགའ་བྱང་ཕར་ཕྱིན་མཐའ་དཔྱོད་ལས། གཉིས་པ་རང་ལུགས་ནི། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་གང་ཞིག མི་རྟག་པ་དང། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བ་དང་དོན་གཞན་གྱི་བདག་གིས་སྟོང་བ་དང་རང་གི་ངོ་བོར་གྱུར་པའི་གང་ཟག་གི་བདག་མེད་པ་བཞིའི་ཁྱད་ཆོས་དང་ལྡན་པའི་རབ་ཏུ་ཕྱེ་བ་དེ། སྡུག་བསྔལ་བདེན་པའི་མཚན་ཉིད་ཅེས་གསུངས།
སྡུག་བསྔལ་བདེན་པ་རྣམ་པ་བཞི་མིང་ཚིགའདུས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། སྟོང་པ།
སྡུག་བསྔལ་བདེན་པ་ལ་འདོམས་པའི་གདམས་ངག་མིང་ཚིགམདོ། ཕར་ཕྱིན། མཚན་ཉིད་ནི། ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་སྡུག་བསྔལ་བདེན་པའི་སྟོང་ཉིད་དང་ཡུལ་ཅན་ཤེར་ཕྱིན་གཉིས་དེ་བཞིན་ཉིད་ཀྱི་ངོ་བོ་རང་བཞིན་གཅིག་པ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
སྡུག་བསྔལ་བདེན་པའི་མཚན་ཉིད་མིང་ཚིགམདོ། གཉགས་ཕུ་བས་མཛད་པའི་གཏན་ཚིགས་རིགས་པའི་བསྡུས་དོན་ལས། ཉོན་མོངས་པའི་ཟག་བཅས་འབྲས་བསྡུས་དང་། ཞེས་བྱུང་།
སྡུག་བསྔལ་བདེན་པའི་མཚན་ཉིད་རྣམ་པ་བཞི་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། མི་རྟག་པའི་རྣམ་པ། སྡུག་བསྔལ་བའི་རྣམ་པ། སྟོང་པའི་རྣམ་པ། བདག་མེད་པའི་རྣམ་པ།
སྡུག་བསྔལ་བདེན་པའི་མི་མཐུན་ཕྱོགས་དང་དེའི་གཉེན་པོ་བཞི་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ རྟག་པར་སྒྲོ་འདོགས་པ་དང་། དེའི་གཉེན་པོ་མི་རྟག་པ། ༢ བདེ་བར་སྒྲོ་འདོགས་པ་དང་། དེའི་གཉེན་པོ་སྡུག་བསྔལ་བ། ༣ བདག་ཏུ་སྒྲོ་འདོགས་པ་དང། དེའི་གཉེན་པོ་བདག་མེད་པ། ༤ བདག་གི་བར་སྒྲོ་འདོགས་པ་དང། དེའི་གཉེན་པོ་སྟོང་པའོ། །
སྡུག་བསྔལ་བདེན་པའི་རྣམ་པ་གསུམ་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། སྡུག་བསྔལ་རང་བཞིན། ཡོངས་སུ་ཤེས་པར་བྱ་བ་ཉིད། ཡོངས་སུ་ཤེས་པ་ཉིད་དོ། །
སྡུག་བསྔལ་བདེན་པའི་རྣམ་པ་བཞི་མིང་ཚིགབདེན་བཞིའི་རྣམ་པ་བཅུ་དྲུག་གི་ནང་ཚན་ཞིག་སྟེ། སྐད་ཅིག་རེ་རེ་ནས་སྐྱེ་ཞིང་འཇུག་པའི་ཆོས་ཅན་ཡིན་པས་མི་རྟག་པ་དང༌། སྡུག་བསྔལ་གསུམ་གྱིས་རྒྱུན་མི་འཆད་པར་འཚེ་བས་སྡུག་བསྔལ་བ་དང༌། ཕུང་པོ་ལྔའི་ནང་ན་རྟག་གཅིག་རང་དབང་གི་བདག་མེད་པས་ཁང་པའི་ནང་མི་མེད་པ་ལྟ་བུ་སྟོང་པ་དང༌། ཕུང་པོ་ལྔ་པོ་ཉིད་ཀྱང་རྟག་གཅིག་རང་དབང་ཅན་གྱི་བདག་མ་ཡིན་པས་ཁང་པ་མི་མ་ཡིན་པ་ལྟ་བུ་བདག་མེད་པ་བཅས་བཞིའོ། །
སྡུག་བསྔལ་བཞི་མིང་ཚིགསྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ།
སྡུག་བསྔལ་བརྒྱད་མིང་ཚིགབཅོམ་ལྡན་འདས་ཀྱིས་སྡུག་བདེན་འཁོར་བའི་ཉེས་དམིགས་སྟོན་སྐབས་སུ་གསུངས་པའི་སྡུག་བསྔལ་བརྒྱད་དེ། སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། སྡུག་པ་དང་བྲལ་བའི་སྡུག་བསྔལ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། འདོད་པ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ། ཉེ་བར་ལེན་པའི་ཕུང་པོའི་སྡུག་བསྔལ།
སྡུག་བསྔལ་མྱོང་འགྱུར་གྱི་ལས་མིང་ཚིགམྱོང་འགྱུར་ལས་གསུམ་གྱི་ནང་གསེས་ཤིག འདོད་པའི་ཁམས་ཀྱི་མི་དགེ་བ་ལས་ཏེ། །དེར་ཁོ་ན་སྡུག་བསྔལ་མྱོང་བ་ཡོད་པར་བསྟན་པའི་ཕྱིར་རོ། །དེ་དག་གི་འབྲས་བུ་ཚོར་བ་འབའ་ཞིག་ཏུ་མ་ཟད་དེ། རྣམ་ཤེས་ཚོགས་ལྔའི་སྡུག་བསྔལ་གྱི་དབང་པོ་དང་བཅས་པ་ཡིན་ནོ། །
སྡུག་བསྔལ་འགོག་པ་རྣམ་པ་གཉིས་མིང་ཚིགམི་སྡུག་པའི་ལས་ཀྱི་འབྲས་བུའི་སྡུག་བསྔལ་འགོག་པ། སྡུག་པའི་ལས་ཀྱི་འབྲས་བུའི་སྡུག་བསྔལ་འགོག་པ།
སྡུག་བསྔལ་འགོག་པ་རྣམ་པ་གཉིས་མིང་ཚིགསེམས་ལས་བྱུང་བའི་སྡུག་བསྔལ་འགོག་པ། ལུས་ལས་བྱུང་བའི་སྡུག་བསྔལ་འགོག་པ།
སྡུག་བསྔལ་འགོག་པ་རྣམ་པ་གཉིས་མིང་ཚིགའགྱུར་བའི་སྡུག་བསྔལ་བ་དང་སྡུག་བསྔལ་གྱི་སྡུག་བསྔལ་བའི་སྡུག་བསྔལ་འགོག་པ། འདུ་བྱེད་ཀྱི་སྡུག་བསྔལ་བའི་སྡུག་བསྔལ་འགོག་པ།
སྡུག་བསྔལ་འགོག་པ་རྣམ་པ་གཉིས་མིང་ཚིགད་ལྟར་གྱི་རྒྱུ་ཅན་མ་འོངས་པའི་སྡུག་བསྔལ་འགོག་པ། འདས་པའི་རྒྱུ་ཅན་ད་ལྟར་གྱི་སྡུག་བསྔལ་འགོག་པ།
སྡུག་བསྔལ་འབྱུང་གནས་མིང་ཚིགའཁོར་བ་སྟེ། སྡུག་བསྔལ་སྣ་ཚོགས་ཀྱི་འབྱུང་གནས་ཡིན་པས་ནའོ། །
སྡུག་བསྔལ་རྒྱ་ལས་ཐར་པའི་ཆོས་དྲུག་མིང་ཚིགརྙེད་དཀའི་མི་ལུས་ཐོབ་ནས་ཆོས་དང་འཕྲད། །མཚན་ལྡན་བླ་མ་མཇལ་ནས་མོས་གུས་ཐོབ། །འཁོར་བའི་བྱ་བ་སྤངས་པས་འདུ་འཛི་མེད། །ཟབ་མོའི་གདམས་པ་འཆང་བས་གོལ་སྒྲིབ་མེད། །སྤྱོད་ལམ་དགེ་བ་འདའ་བས་སྙོམ་ལས་མེད། །བདེ་ཆེན་ལྷུན་གྱིས་གྲུབ་པས་དམིགས་འཛིན་བྲལ། །དེ་དྲུག་ལྡན་ན་ཟུག་རྔུ་ལྡང་མི་ནུས། །ཞེས་གསུངས།
སྡུག་བསྔལ་རྗེས་བཟོད་མིང་ཚིགམདོ། ཉན་ཐོས་ལུགས་ཀྱི་མཐོང་ལམ་ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་ཡ་གྱལ་ཞིག་སྟེ། ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་བདེན་པའི་ཆོས་ཉིད་ལ་མི་སྐྲག་པའི་བཟོད་པ་ཐོབ་ཅིང་། གོང་མའི་སྡུག་བསྔལ་མཐོང་སྤང་གི་དངོས་གཉེན་བར་ཆད་མེད་ལམ་གྱི་ཡེ་ཤེས་སོ། །
སྡུག་བསྔལ་རྗེས་ཤེས་མིང་ཚིགཉན་ཐོས་ཀྱི་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་ཡ་གྱལ་ཞིག་སྟེ། སྡུག་བསྔལ་རྗེས་བཟོད་ཀྱི་མཇུག་ཐོག་ཏུ་ཁམས་གོང་མ་ལ་དམིགས་པའི་སྤང་བྱ་སྤངས་པའི་མཐོང་ལམ་རྣམ་གྲོལ་ལམ་གྱི་ཡེ་ཤེས།
སྡུག་བསྔལ་རྣམ་པ་དགུ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། འཆི་འཕོ་བ་དང་རྗེས་སུ་འབྲེལ་བ། ངན་སོང་བའི་རྒྱུ་ཀུན་ནས་སློང་བ་དང་རྗེས་སུ་འབྲེལ་པ། ངན་སོང་དུ་སྐྱེ་བ་དང་རྗེས་སུ་འབྲེལ་བ། མི་རྟག་པའི་ཆོས་ཉིད་ཀྱིས་མི་རྟག་པ་དང་རྗེས་སུ་འབྲེལ་བ། སྡུག་བསྔལ་ཀྱི་ཆོས་ཉིད་ཀྱིས་སྡུག་བསྔལ་དང་རྗེས་སུ་འབྲེལ་བ། བདག་མེད་པའི་ཆོས་ཉིད་ཀྱིས་བདག་མེད་པ་དང་རྗེས་སུ་འབྲེལ་བ། རོ་མྱང་བའི་གནས་ལྟ་བུའི་འདུ་བྱེད་རྣམས་ཀྱིས་བདེ་བ་འབྱུང་བ་དང༌། གནས་པ་དང་རྗེས་སུ་འབྲེལ་བ། འགྱུར་བའི་སྡུག་བསྔལ་ཉིད་དང་རྗེས་སུ་འབྲེལ་བ། འགྱུར་བའི་སྡུག་བསྔལ་ཉིད་ལ་བརྟེན་ནས་མཁས་པ་རྣམས་ཀྱིས་ཀྱང་ངེས་པར་འབྱུང་བ་ཡོངས་སུ་མ་ཟིན་པ་དང་རྗེས་སུ་འབྲེལ་བའོ། །
སྡུག་བསྔལ་རྣམ་པ་བཅུ་གཉིས་མིང་ཚིགརྣམ་པར་བཤད་པའི་རིགས་པ་ལས་བྱུང་བ་སྟེ། ༡ ཉོན་མོངས་པས་ཡོངས་སུ་གདུང་བའི་སྡུག་བསྔལ། ༢ ཀུན་ཏུ་ཚོལ་བའི་སྡུག་བསྔལ། ༣ གནོད་པའི་སྡུག་བསྔལ། ༤ འདོད་པས་ཕོངས་པའི་སྡུག་བསྔལ། ༥ དོགས་པའི་སྡུག་བསྔལ། ༦ གླེང་བའི་སྡུག་བསྔལ། ༧ ཀུན་ཏུ་སྤོང་བའི་སྡུག་བསྔལ། ༨ བཀུར་སྟི་མེད་པའི་སྡུག་བསྔལ། ༩ རྣམ་པར་སྨད་པའི་སྡུག་བསྔལ། ༡༠ ཡིད་ལ་གཅགས་པའི་སྡུག་བསྔལ། ༡༡ ཚེ་ཕྱི་མ་ལ་ངན་སོང་རྣམས་སུ་རྣམ་པར་སྨིན་པའི་སྡུག་བསྔལ། ༡༢ བདེ་འགྲོ་དག་ཏུ་ཡང་ཉོན་མོངས་པ་མང་བ་ཉིད་ཀྱི་ཕྱིར་ཚངས་པར་སྤྱོད་པ་དཀའ་བ་ཉིད་ཀྱི་རྒྱུ་མཐུན་པའི་སྡུག་བསྔལ་བཅས་སོ། །