Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
འདུལ་བ་འཛིན་པ་ལ་ཡོན་ཏན་ལྔ་མིང་ཚིགཉེས་པ་ཤེས་པ། ཉེས་པ་མེད་པ་ཤེས་པ། ལྕི་བ་ཤེས་པ། ཡང་བ་ཤེས་པ། དེས་སོ་སོར་ཐར་པའི་མདོ་ཀློག་ཅིང་རྒྱས་པར་བསྒྲགས་པའོ། ། 6 བར་ཆད་དུ་འགྱུར་བ་ཤེས་པ། བར་ཆད་མ་ཡིན་པ་ཤེས་པ། ལུང་བསྒོ་བ། རྗེས་སུ་སྟོན་པ། གནས་བཅུར་འཇུག་ནུས་པའོ། །
འདུལ་བ་འཛིན་པ་ལ་ཡོན་ཏན་ལྔ་མིང་ཚིགབྱུང་བ་ཤེས་པ། བཅས་པ་ཤེས་པ། རྗེས་སུ་བཅས་པ་ཤེས་པ། སྤངས་པ་ཤེས་པ། རྗེས་སུ་གདང་བ་ཤེས་པའོ།
འདུལ་བ་འཛིན་པའི་གང་ཟག་གི་ཕན་ཡོན་ལྔ་མིང་ཚིགའདིའི་རང་གི་ཚུལ་ཁྲིམས་ཀྱི་ཕུང་པོས་ལེགས་པར་བསྲུབས་ཤིང་ལེགས་པར་སྦས་པ་ཡིན། འཁོར་བཞིས་མངོན་སུམ་དུ་བསུ་བར་བྱ་བ་ཡིན། གང་ཟག་འགྱོད་པ་སྐྱེས་པ་རྣམས་ཀྱི་སྟོན་པར་གྱུར་པ་ཡིན། དགེ་འདུན་གྱི་ནང་ན་བག་ཚ་བ་མེད་པས་གནས་པ་ཡིན། ཆོས་དང་མཐུན་པས་ཕྱིར་རྒོལ་བ་ཚར་གཅོད་པ་ཡིན་པའོ། །
འདུལ་བ་འཛིན་པའི་གང་ཟག་གི་ཕན་ཡོན་ལྔ་མིང་ཚིགཕྱོགས་གང་ན་གང་ཟག་འདུལ་བ་འཛིན་པ་གནས་པའི་ཕྱོགས་དེ་ངས་སྣང་བ་སྐྱེས་པ། གསལ་བ་སྐྱེས་པ། འོད་སྐྱེས་པར་མཐོང་བ། ཕྱོགས་དེར་ང་ཐུགས་ཁྲལ་ཆུང་ངུར་གནས། ཕྱོགས་དེར་ངས་སྟོང་པ་མ་ཡིན་པར་མཐོང་བའོ། ། 5 བྱུང་བ་ཤེས་པ། བཅས་པ་ཤེས་པ། རྗེས་སུ་བཅས་པར་ཤེས་པ། བཀག་པ་ཤེས་པ། རྗེས་སུ་གནང་བ་ཤེས་པའོ། ། 6 བར་དུ་གཅོད་པ་རྣམས་ཤེས། བར་དུ་གཅོད་པ་མ་ཡིན་པ་རྣམས་ཤེས། འདོམས་པར་བྱེད། རྗེས་སུ་སྟོན་པར་བྱེད། ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱི་གནས་འཆར་འཇུག་ནུས་པའོ། ། 7 ལྟུང་བ་བྱུང་བ་ཤེས། ལྟུང་བ་མ་བྱུང་བ་ཤེས། ལྕི་བ་ཤེས། ཡང་བ་ཤེས། དེ་སོ་སོར་ཐར་པའི་མདོ་གདོན་པ་ལ་རྒྱས་པར་ཞུགས་པ་ཡིན་པའོ། །
འདུལ་བ་འཛིན་པའི་གང་ཟག་གི་ཕན་ཡོན་ལྔ་མིང་ཚིགའདུལ་བ་གཞི་ལས་བྱུང་བ་སྟེ། འཁོར་བཞིས་མདུན་དུ་བདར་བ་ཡིན། གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན། འདས་པ་དང་། མ་འོངས་པ་དང། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནང་གི་མཛོད་སྲུང་བ་ཡིན། དགེ་སྦྱོང་དང་བྲམ་ཟེ་གཞན་རྣམས་ཀྱི་སྤྱི་བོ་ལ་འདུག་པ་ཡིན། དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་དང་། བསླབ་པའི་ཆེད་ཀྱི་ཕྱིར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བ་མང་པོ་ལ་བདེ་བར་ཞུགས་པ་ཡིན་པའོ། །
འདུལ་བ་འཛིན་པའི་གང་ཟག་གི་ཕན་ཡོན་ལྔ་མིང་ཚིགདོན་མ་འདྲེས་པར་བསྲེལ་བ་ཡིན། དོན་རྣམ་པར་གཏནལ་དབབ་པར་བྱ་བ་ལ་ཤིན་ཏུ་ངེས་པ་ཡིན། དེའི་བསླབ་པའི་གཞི་རྣམས་ལེགས་པར་བཟུང་བ་ཡིན། སེམས་ཀྱི་སྣང་བ་སྐྱེས་པས་མང་དུ་གནས་པ་ཡིན། སྐྱེ་བོ་ཕྱི་མ་རྣམས་ཀྱི་སྣང་བ་བྱེད་པ་ཡིན་པའོ། །
འདུལ་བ་འཛིན་པའི་གང་ཟག་གི་ཡོན་ཏན་བདུན་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། རྒྱལ་བའི་ནང་གི་མཛོད་སྲུང་བ། རང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་བསྲུངས་ཤིང་ཤིན་ཏུ་སྦས་པ། ལུང་ནོད་ཅིང་སྟོན་པའི་རང་གཞན་མ་ལུས་པ། འཁོར་བཞི་འདུ་བར་གྱུར་པ། ཐེ་ཚོམ་སྐྱེས་པའི་གང་ཟག་རྣམས་ཀྱི་སྐྱབས་སུ་གྱུར་པ། དགེ་འདུན་གྱི་ནང་ན་འཇིགས་པ་མེད་པར་སྤྱོད་པ། སེམས་ལ་སྣང་བ་མང་དུ་སྤྱོད་པའོ། །
འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་བཅུ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། བྱུང་བ་ཤེས་པ། བཅས་པ་ཤེས་པ། རྗེས་སུ་བཅས་པ་ཤེས་པ། མི་གནང་བར་ཤེས་པ། རྗེས་སུ་གནང་བར་ཤེས་པ། ངའི་ཕྱོགས་དེར་སྣང་བར་གྲགས་པ། སྣང་བར་གྱུར་པ། རབ་ཏུ་སྣང་བར་གྱུར་པ། ངའི་ཕྱོགས་དེར་མ་སྟོངས་པར་གྲགས་པ། འདུལ་བ་འཛིན་པའི་གང་ཟག་དེ་ལྟ་བུ་ཕྱོགས་གང་ན་གནས་པ་དེའི་ཕྱོགས་སུ་དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུར་འགྱུར་བའོ། །
འདུལ་བ་འཛིན་པས་ལྟུང་བ་བརྟགས་ནས་ལྟུང་བ་སྦྱིན་པར་བྱ་བ་རྣམ་པ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ གཅིག་ཏུ་ཀུན་ནས་ཉོན་མོངས་པ། ༢ གཅིག་ཏུ་ལྷག་པར་མ་སྤྱད་པ། ༣ གཞི་ལས་བཅའ་བ། ༤ དེ་ལ་ཉེས་པ་བྱུང་བ་དང་། ཉེས་པ་མ་བྱུང་བ་བསྟན་པ། ༥ གཅིག་ཏུ་ཀུན་ཏུ་སྤྱོད་པ་མ་ཡིན་པའོ། །དེ་ལ་གཅིག་ཏུ་ཀུན་ནས་ཉོན་མོངས་པ་ཅན་གྱི་ལྟུང་བ་ནི་འདི་ལྟ་སྟེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའོ། །དེ་ལ་གཅིག་ཏུ་ལྟུང་བ་ལྷག་པར་མ་སྦྱད་པ་ལ་ནི་བསྟན་པར་བྱའོ། །ལྟུང་བ་བྱུང་བ་ལ་ནི་ལྟུང་བ་ཕྱིར་གསོ་བའི་ལས་ཅི་རིགས་པར་ཡོངས་སུ་བསྟན་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་གང་ཟག་གང་ལ་བརྟེན་པ་དང༌། ཡུལ་གང་དང་དུས་གང་ལ་བརྟེན་ནས། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་བསླབ་པའི་གཞི་བཅས་པ་ལས། གལ་ཏེ་གང་ཟག་གཞན་ཞིག་ཡུལ་གཞན་དང༌། དུས་གཞན་དུ་ཉེས་པ་དེ་ཉིད་ལ་རྟེན་པར་བྱེད་ན། དེས་དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཉེས་པ་གང་གཟིགས་ནས་བཅས་པ་དེ་ཁོ་ན་བཞིན་དུ་ལྟུང་པ་ཕྱིར་གསོ་བའི་ལས་ཡོངས་སུ་བསྟན་པར་བྱའོ། །གལ་ཏེ་ཉེས་པ་དེ་ལ་རྟེན་པར་མི་བྱེད་ན་ནི་དེ་ལ་ལྟུང་བ་སྦྱིན་པར་མི་བྱ་སྟེ། ཕྱིར་གསོ་བའི་ལས་ཀྱང་ཡོངས་སུ་བསྟན་པར་མི་བྱའོ། །དེ་ལྟར་དེ་ནི་ལྟུང་བ་ཡོངས་སུ་བརྟག་པ་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །
འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད་མིང་ཚིགའདུལ་བ་རྒྱུད་དྲུག་གི་ནང་གསེས་(འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད་) ཅེས་པའི་གཞུང་འདི། མཛད་པ་པོ། གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་དེ་ཉིད་ཡིན། མཛད་པའི་དུས། ཕྱི་ལོའི་སྔོན་གཤེན་ལོ་སུམ་ཅུ་སོ་གཅིག་སྟེ་སྟོན་པ་རབ་ཏུ་བྱུང་བའི་དུས་སུ་གསུངས་པའོ། །གཞུང་འདིའི་བརྗོད་བྱ་ནི། སྡེ་སྣོད་གསུམ་གྱི་ནང་ཚན་འདུལ་བའི་སྡེ་སྣོད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཁོངས་སུ་གཏོགས་པའི་རྣམ་དག་འདུལ་བའི་སྡོམ་པ་མཆོག་ཏུ་འཛིན་པའི་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོས་ཁྱིམ་སྤངས་རབ་བྱུང་གི་ཚུལ་མཛད་པ་ལྟར། སྲས་འཆི་མེད་གཙུག་ཕུད་ཀྱིས་འགྲོ་བའི་དོན་ལ་རབ་ཏུ་དགོངས་ནས་སྤང་པ་བདུན་བོར་རབ་ཏུ་བྱུང་ཞེས་པ། ཡུལ་དང་། གནས་དང་། ཁྱིམ་དང་། སྲས་དང་། འཁོར་དང་། ཉེ་དྲུང་དང་། ནོར་དང་བདུན་རོ་བཞིན་དུ་སྤངས་ནས་སྟོན་པ་དེ་ཉིད་རབ་ཏུ་བྱུང་བའི་ཚུལ་སྤྱི་བསྟན་པ་དང་། བྱེ་བྲག་ཏུ་གཞུང་འདིར་སྡེ་ཚན་ལ་སོགས་མི་འདྲ་བའི་ལེའུ་གྲངས་སུ་བགྲང་ན་ལེའུ་བཞི་བཅུ་ཞེ་དྲུག་ཡོད་དེ། སྦོམ་པོར་མི་གནས་ཕམ་ལྟུང་རྩི་བླར་ཕྱེ་བའིི་ལེའུ་སྟེ་དང་པོའོ། །འདུལ་བ་བྱ་བའི་རྒྱུད། གླད་དོན་གསུམ་པའི་ལེའུ་སྟེ་གཉིས་པའོ། །འདུལ་བ་བྱ་བའི་རྒྱུད། འགྱོད་ཚངས་བཤགས་པའི་ལེའུ་སྟེ་གསུམ་པའོ། །སྐྱབས་ཡུལ་སྐྱོབས་བཞི་ལེའུ་སྟེ་བཞི་པའོ། །དམ་བཅའ་བ་གཉིས་གསོལ་བའི་ལེའུ་སྟེ་ལྔ་པའོ། །གཉིས་མེད་བྱང་སེམས་མཐའ་རྒྱས་ལེའུ་སྟེ་དྲུག་པའོ། །བདེ་གསལ་མི་རྟོག་མདུན་པའི་ལེའུ་སྟེ་བརྒྱད་པའོ། །ཞུ་གནང་དྲིན་ཆེན་ལེའུ་སྟེ་དགུ་པའོ། །སྲངས་འཇུད་ལམ་གཅོད་པའི་ལེའུ་སྟེ་བཅུ་པའོ། །འབྱུང་བ་སྔོན་ཕྱུངས་ལྷ་མཆོད་ལེའུ་སྟེ་བཅུ་གཅིག་པའོ། །མི་མཆོད་མཉེས་པ་དབུལ་བའི་ལེའུ་སྟེ་བཅུ་གཉིས་པའོ། །གོ་ཕུབ་ཧ་ར། འགྲོ་བ་སྤྱི་མཉེས་ལེའུ་སྟེ་བཅུ་གསུམ་པའོ། །དམིགས་པ་དམིགས་བཏང་སྟོན་པའི་ལེའུ་སྟེ་བཅུ་བཞི་པའོ། །གྲལ་གདན་ཞུ་གསོལ་ལེའུ་སྟེ་བཅོ་ལྔ་པའོ། །གསས་གདན་གནང་བཀག་ལེའུ་སྟེ་བཅུ་དྲུག་པའོ། །པད་ལྷམ་པད་རྩེགས་གཉིས་སྦྱོར་ལེའུ་སྟེ་བཅུ་བདུན་པའོ། །སྨད་གོས་ཤམ་ཐབས་ལེགས་སྒྲུབ་ལེའུ་སྟེ་བཅོ་བརྒྱད་པའོ། །སྟོད་གོས་སིལ་བུ་རྩ་ལྔ་ལྷ་བྲན་བསྒྲིགས་པའི་ལེའུ་སྟེ་བཅུ་དགུ་པའོ། །སྟོད་སྨད་བླ་གོས་ཚད་མའིི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །ནས། སྔོན་ལས་སྐྱེས་ངན་སྤང་བྱའི་ལེའུ་སྟེ་སོ་དགུ་པའོ། །ཡན་ལག་བྱ་བྱེད་ཚུལ་ཁྲིམས་ལེའུ་སྟེ་བཞི་བཅུ་ཐམ་པའོ། །སྤང་བྱ་ཚུལ་ཁྲིམས་སྲོག་དོན་ལེའུ་སྟེ་ཞེ་གཅིག་པའོ། །བྱ་བཞག་དམ་ཁྲིམས་དང་ལེན་ལེའུ་སྟེ་ཞེ་གཉིས་པའོ། །བཀྲ་ཤིས་མཐར་རྒྱས་ལེའུ་སྟེ་ཞེ་གསུམ་པའོ། །སྨོན་ལམ་དོན་དང་འཚམས་པའི་ལེའུ་སྟེ་ཞེ་བཞི་པའོ། །བསྔོ་བ་རྣམ་དག་ལེའུ་སྟེ་ཞེ་ལྔ་པའོ། །མཐའ་བྲལ་དམིགས་མེད་ལེའུ་སྟེ་ཞེ་དྲུག་པའོ། །ཞེས་གསུངས་སོ། །
འདུལ་བ་རྒྱུད་དྲུག་མིང་ཚིགམདོ། འདུལ་བ། བོན། ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད། དུས་ཆེན་དུས་བརྩན་སྡོམ་བྱེད་རྒྱུད། ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད། སོ་སོར་ཐར་པ་བྱེ་བྲག་འབྱེད་སྡོམ་རྒྱུད། གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད། སྤྱི་སྡོམ་འགོག་པ་ཕྱོགས་སྡོམ་རྒྱུད་དང་དྲུག་གོ །
འདུལ་བ་རྣམ་པ་གསུམ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། འདོད་ཆགས་འདུལ་བ། ཞེ་སྡང་འདུལ་བ། གཏི་མུག་འདུལ་བའོ། །
འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པ་མིང་ཚིགབམ་པོ་གཉིས་པ། ཤོ་ལོ་ཀ་དྲུག་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ།
འདུལ་བ་རྣམ་པར་འབྱེད་པ་མིང་ཚིགབཀའ་འགྱུར་འདུལ་བ་ཇ་པར་བཞུགས།
འདུལ་བ་རྣམ་པར་འབྱེད་པ་མིང་ཚིགའཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བཀའ་འགྱུར་འདུལ་བ་ཉ་པར་བཞུགས།
འདུལ་བ་རྣམ་བཞི་མིང་ཚིགསྔགས། རྙིང་མ། དེ་བཞིན་གཤེགས་པས་འགྲོ་བའི་དོན་མཛད་ཚུལ་སྟེ། ཡིད་ཀྱི་མུན་སེལ་ལས། སྐུ་བསོད་ནམས་ཆེན་པོས་འདུལ་བ། ཐུགས་མངོན་པར་ཤེས་པ་ཆེན་པོས་འདུལ་བ། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་གདུལ་བ། གསུང་རིག་པས་འདུལ་བ་བཅས་བཞིར་གསུངས་སོ། །དཔལ་གསང་བའི་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། རིག་པ་དང་། བསོད་ནམས་དང་། ཆོ་འཕྲུལ་དང་། མངོན་སུམ་པའི་འདུལ་བ་རྣམ་བཞིས་འགྲོ་བ་རྣམ་པ་ལྔའི་དོན་མཛད་དོ། །ཞེས་དང་། སྤར་ཁབ་ལས་ཀྱང་། སྐུས་འདུལ་བ། ཐུགས་ཀྱིས་འདུལ་བ། བསམ་གྱིས་མི་ཁྱབ་པས་འདུལ་བ། གསུང་གིས་འདུལ་བ་བཅས་བཞིར་གསུངས་པ་དང་། དཀོན་ཅོག་འགྲེལ་ལས། འདུལ་བ་རྣམ་པ་བཞིས་འགྲོ་བ་རྣམ་ལྔའི་དོན་མཛད་དེ་ཞེས་བྱ་བ་ལ། འདུལ་བ་རྣམ་པ་བཞི་ནི། བསོད་ནམས་ཀྱིས་འདུལ་བ་དང་། རྫུ་འཕྲུལ་གྱིས་འདུལ་བ་དང་། རིག་པས་འདུལ་བ་དང་། མངོན་སུམ་པས་འདུལ་བ་ཞེས་སྤྱིར་གྲགས་སོ། །འདི་ཉིད་ལས་ནི། མཛད་པ་ཆེན་པོ་བརྒྱད་དང་། མངོན་པར་ཤེས་པ་ཆེན་པོ་དྲུག་དང་། བསམ་གྱིས་མི་ཁྱབ་པ་བཞི་དང་། ཐེག་པ་ལྔའི་སྒོ་ནས་འདུལ་བར་གསུངས་ཏེ། དེ་ཡང་སྤྱིར་དོན་མཐུན་པར་སྣང་སྟེ། མཛད་པ་བརྒྱད་ཀྱིས་འདུལ་བ་ནི་བསོད་ནམས་ཐུན་མོང་མ་ཡིན་པར་འཕགས་པར་བསྟན་པ་ཡིན་ནོ། །མངོན་པར་ཤེས་པ་དྲུག་ནི་དོན་ཐམས་ཅད་མངོན་སུམ་པར་གྱུར་པས་འདུལ་བའོ། །བསམ་གྱིས་མི་ཁྱབ་པ་བཞི་ནི་རྫུ་འཕྲུལ་སྣ་ཚོགས་སུ་བསྟན་པས་འདུལ་བའོ། །ཐེག་པ་ལྔ་ནི་རིག་པ་དང་ལྡན་པའི་ཆོས་བསྟན་པ་སྟེ། དེ་བས་ན་དེ་དག་ཀྱང་གཞི་མཐུན་པར་འགྱུར་རོ། །ཞེས་གསུངས།
འདུལ་བ་རྣམ་འབྱེད་མིང་ཚིགསངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་འདུལ་བ་ལུང་སྡེ་བཞིའི་ནང་གསེས། སོ་ཐར་གྱི་དོན་ཞིབ་ཏུ་རྣམ་པར་འབྱེད་པ་དགེ་སློང་ཕའི་རྣམ་འབྱེད་ཀྱི་སོ་ཐར་དུ་ལྟུང་རྐང་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་རེ་རེ་ལ། བསླབ་པ་འཆའ་བའི་རྒྱུ་གླེང་གཞི། བསླབ་པ་བཅས་པའི་ཕན་ཡོན། བསླབ་པ་འཆའ་བའི་ཚུལ། ལྟུང་བའི་རྣམ་གཞག་ལྟུང་མེད། བསླབ་བྱ་སྟེ་དོན་ཚན་དྲུག་དྲུག་གི་སྒོ་ནས་ཕལ་ཆེ་བར་བཤད་པ་དང༌། རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་རྒྱས་པར་བཤད་པ་དང༌། དགེ་སློང་མའི་རྣམ་འབྱེད་ལྟུང་རྐང་སུམ་བརྒྱ་དྲུག་ཅུ་རྩ་བཞིའི་སྐོར་རྣམས་རྒྱས་པར་སྟོན་པའི་གཞུང༌།
འདུལ་བ་ལ་དངོས་པོའི་ལོངས་སྤྱོད་རུང་བ་མ་ཡིན་པའི་རྒྱུ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ནི། བླུགས་གཞལ་ལ་སྒྱུ་བྱེད་པ་དང༌། སྲང་ལ་སྒྱུ་བྱེད་པ་དང༌། གཞལ་བ་ལ་སྒྱུ་བྱེད་པ་དང༌། བསད་པ་དང༌། བཅིང་བ་དང༌། བཅད་པ་དང་། བརྡེག་པ་དང༌། ནན་གྱིས་གནོད་པ་མཆོག་ཏུ་འཛིན་པ་ལ་སོགས་པ་ལ་བརྟེན་ནས་དངོས་པོའི་ལོངས་སྤྱོད་ཐོབ་པ་གང་ཡིན་པ་དེ་ནི་རུང་བ་མ་ཡིན་ནོ། །༢ རྐྱེན་དུ་འབབ་པ་མ་ཡིན་པ་ནི། ཞིང་གི་དངོས་པོ་དང༌། ཁང་ཁྱིམ་གྱི་དངོས་པོ་དང༌། ཚོང་ཁང་གི་དངོས་པོ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང༌། རྟ་དང༌། གླང་པོ་ཆེ་དང༌། བ་ལང་དང༌། ལུག་དང༌། བྱ་གག་དང༌། ཕག་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང༌། བུད་མེད་དང༌། སྐྱེས་པ་དང༌། ཁེའུ་དང༌། བུ་མོ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང༌། བྲན་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང༌། གསེར་དང་དངུལ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང༌། འབྲུ་དང་རྩམ་པ་ཡོངས་སུ་འཛིན་པའི་ལོངས་སྤྱོད་ལ་སོགས་པའོ། །༣ ལོངས་སྤྱོད་པར་འོས་པ་མ་ཡིན་པ་ནི། བཤང་བ་ལས་བྱས་པ་འམ། གཅི་བ་ལས་བྱས་པའམ། མཆིལ་མ་ལས་བྱས་པའམ། སྣབས་ལས་བྱས་པའམ། ཁྲག་གིས་གོས་པའམ། རྣག་གིས་གོས་པའམ། རྣག་ཁྲག་གིས་གོས་པའམ། ཞག་དང་ཆུ་སེར་ལ་སོགས་པས་གོས་པའམ། གཞན་ཡང་གང་དེ་ལྟ་བུ་དང་མཐུན་པ་དང༌། བཅོམ་ལྡན་འདས་ཀྱིས་བཤང་གཅི་ལ་སོགས་པའི་བུམ་པ་ནི་ལོངས་སྤྱོད་པར་རུང་བ་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་དག་གོ ། ༤ གཏོགས་པ་མ་ཡིན་པ་ནི། དགེ་འདུན་གྱི་ལོངས་སྤྱོད་མི་བསྒོ་བ་དང༌། ལྷུང་བཟེད་དུ་མ་ཆུད་ཅིང༌། ལྟུང་བཟེད་དུ་མ་གཏོགས་པ་དང༌། གང་ཟག་གི་ལོངས་སྤྱོད་མ་བྱིན་པ་དང༌། མ་བཏང་བ་དང༌། ལྷུག་པར་མ་བྱས་པ་དང༌། ཡིད་གཅུགས་པའི་གནས་མ་ཡིན་པ་དང༌། ཆོད་མ་ཟིན་པས་སོ། །༥ རུང་བར་མ་བྱས་པ་ནི། རུང་བ་རྣམ་པ་ལྔས་རུང་བར་མ་བྱས་པ་སྟེ། བྱིན་ལེན་གྱིས་རུང་བ། ཉམས་པར་བྱས་པས་རུང་བ། གཞག་པས་རུང་བ། དུས་ཀྱི་ཆོ་གས་རུང་བ། རྣམ་པར་རྟོག་པ་གཏན་སྤངས་པས་རུང་བའོ། །དེ་ལས་བཟློག་པ་ནི་རུང་བ་མ་ཡིན་ནོ། །
འདུལ་བ་ལ་བརྟག་པར་བྱ་བ་བཅུ་དྲུག་མིང་ཚིགའདུལ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ ལུང༌། ༢ ལུང་བསྒོ་བ། ༣ དངོས་པོ། ༤ རྣམ་པར་འབྱེད་པ། ༥ སྤྱོད་པ། ༦ སྤྱོད་ཡུལ། ༧ ཉུང་ངུ་འདོད་པ། ༨ མང་དུ་འདོད་པ། ༩ མགུ་བ། ༡༠ མི་མགུ་བ། ༡༡ དགང་དཀའ་བ། ༡༢ དགང་སླ་བ། ༡༣ གསོ་དཀའ་བ། ༡༤ གསོ་སླ་བ། ༡༥ རབ་ཏུ་ཤེས་པ། ༡༦ ཆོག་ཤེས་པ་བཅས་སོ། །
འདུལ་བ་ལ་བསྟོད་པ་མིང་ཚིགབཙུན་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པའི་འདུལ་བ་ལ་བསྟོད་པ། སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་གྱི་འདུལ་བ་སུ་པར་བཞུགས།
འདུལ་བ་ལ་བསྟོད་པ་མིང་ཚིགའདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཅ་པར་བཞུགས།
འདུལ་བ་ལ་བསྟོད་པའི་ཚིག་གི་རྣམ་པར་བཤད་པ་མིང་ཚིགསློབ་དཔོན་དུལ་བའི་ལྷས་མཛད་པའི་འདུལ་བ་ལ་བསྟོད་པའི་ཚིག་གི་རྣམ་པར་བཤད་པ། མཛད་བྱང་དུ་འདུལ་བ་ལ་བསྟོད་པ་བཙུན་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པ། སློབ་དཔོན་དུལ་བའི་ལྷས་བཤད་པ་རྫོགས་སོ། །ཞེས་དང་། པེ་ཅིང་པར་མ་དང་། སྣར་ཐང་པར་མའི་མཚན་བྱང་འཕར་མ་ལ་འདུལ་བ་ལ་བསྟོད་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པའི་བཤད་པ་སློབ་དཔོན་དུལ་བའི་ལྷས་མཛད་པ་བཞུགས་སོ། ། ཞེས་དང་། འདི་དང་གོང་དུ་པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་བཞུགས་པའི་ཆོས་ཚན་ ༣༣༤༡ པ་གཉིས་བསྐྱར་ཟློས་སུ་འཁོད། འདིའི་འགྱུར་བྱང་སྡེ་དགེ་པར་མ་དང་། ཅོ་ནེ་ལ་མི་བཞུགས་ཀྱང་། པེ་ཅིང་པར་མ་དང་། སྣར་ཐང་གི་མཇུག་ཏུ་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ཞེས་འཁོད། བསྟན་འགྱུར་འདུལ་བར་སུ་པར་བཞུགས།
འདུལ་བ་ལ་བླང་བ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ བདག་གིར་བྱ་བ་བླང་བ་ནི། དེ་ལ་བདག་གིར་བྱ་བ་བླང་བ་ནི་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། ལྷག་པར་ཆགས་པ་དང༌། གསོག་འཇོག་བྱེད་པ་ལ་གདུ་བའོ། །དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ། ། ༢ བྱིན་ལེན་བླང་བ་ནི། བྱིན་ལེན་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། གནས་མ་ཡིན་པ་ལས་ལེན་པ་དང༌། ཚོད་མ་ཟིན་པ་དང༌། ཆོས་བཞིན་མ་ཡིན་པར་ལེན་པས་སོ། །དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ། ། ༣ གཏམས་པ་བླང་པ་ནི། གཏམས་པ་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། གང་ཟག་མ་བརྟགས་པ་ལ་གཏམས་པ་དང༌། རུང་བ་མ་ཡིན་པའི་དངོས་པོ་དང༌། འབྲེལ་པའི་སེམས་ཀྱིས་སོ། །དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ། ། ༤ དབུལ་པ་བླང་བ་ནི། དབུལ་བ་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། ཞིང་ངན་པ་ལ་དབུལ་བ་བླང་བ་དང༌། མི་ལྟོས་པ་མ་ཡིན་པར་དབུལ་བ་བླང་བས་སོ། ། ༥ གཞན་གྱི་ཕྱིར་བླང་བ་ནི། གཞན་གྱི་ཕྱིར་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། མ་འདྲིས་པའམ་མ་བཅོལ་བའམ། ངོ་མི་ཤེས་པའི་ཕྱིར་ལེན་པ་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་ལེན་པས་སོ། །དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ། །
འདུལ་བ་ལས་བྱུང་བ་རྣམ་པ་བཅུ་དྲུག་བཤད་པ་མིང་ཚིགའདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་པ་པར་བཞུགས།
འདུལ་བ་ལུགས་ཀྱི་ཉི་མའི་ཆ་ཤས་བཅུ་བཞི་མིང་ཚིག༡ སྐྱ་རེངས་ཤར་བ། ༢ ཉི་མ་མ་ཤར་བ། ༣ ཉི་མ་ཤར་བ། ༤ ཉི་མའི་བརྒྱད་ཆ་ཤར་བ། ༥ ཉི་མའི་བཞི་ཆ་ཤར་བ། ༦ སྔ་དྲོའི་དུས། ༧ གུང་ཚིགས་མ་ཡོལ་བ། ༨ ཉིན་གུང༌། ༩ ཕྱི་དྲོའི་དུས། ༡༠ ཉི་མའི་བཞི་ཆ་ལུས་པ། ༡༡ ཉི་མའི་བརྒྱད་ཆ་ལུས་པ། ༡༢ ཉི་མ་མ་ནུབ་པ། ༡༣ ཉི་མ་ནུབ་པ། ༡༤ ནུབ་ནས་རྒྱུ་སྐར་མ་ཤར་བ་ཙམ་དང་བཅུ་བཞིའོ། །
འདུལ་བ་ལུང་མིང་ཚིགའདུལ་བ་ལུང་སྡེ་བཞི་སྟེ། འདུལ་བ་རྣམ་འབྱེད་དང་། འདུལ་བ་ལུང་གཞི་དང་། འདུལ་བ་ཕྲན་ཚེགས་དང་། འདུལ་བ་གཞུང་དམ་པ་བཅས་བཞིའོ། །
འདུལ་བ་ལུང་གཞི་མིང་ཚིགསངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་འདུལ་བ་ལུང་སྡེ་བཞིའི་ནང་གསེས། གཞི་བཅུ་བདུན་གྱི་རྣམ་གཞག་གཏན་ལ་འབེབས་པའི་གཞུང་ངོ་།
འདུལ་བ་ལུང་ཕྲན་ཚེགས་མིང་ཚིགསངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་འདུལ་བ་ལུང་སྡེ་བཞིའི་ནང་གསེས། པུ་ཏི་གཉིས་ཀྱི་ཚད་དུ་ལོངས་པའི་ཤོ་ལོ་ཀ་སྟོང་ཕྲག་བཅུ་བདུན་དང་བདུན་བརྒྱ་ཡོད་པ་དང༌། སྒོ་རྣམ་པ་བརྒྱད་ཡོད་ཅིང༌། སྒོ་རེ་རེ་ལ་སྤྱིའི་སྡོམ་རེ་རེ། དེ་རེ་རེའང་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་བཅུའི་སྒོ་ནས་སྟོན་པའི་གཞུང༌།
འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་མིང་ཚིགསློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བུངྔྷ་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། བསྟན་འགྱུར་འདུལ་བ་ཛུ་པར་བཞུགས།
འདུལ་བ་ལུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་པ་མིང་ཚིགཆོས་ཚན་འདི་མགོ་མཇུག་གཉིས་ཀ་ནས་མི་ཚང་ལ། འདིའི་མཛད་པ་པོ་གཞུང་དངོས་ལ་མི་གསལ་ཡང་བུ་སྟོན་དང་པེ་ཅིང་སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་མདོ་སྡེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་མཛད་ཅེས་འཁོད། བསྟན་འགྱུར་འདུལ་བ་ཛུ་པར་བཞུགས།
འདུལ་བ་ལུང་ཞུ་བ་མིང་ཚིགའདུལ་བ་གཞུང་དམ་པ་དང་དོན་གཅིག
འདུལ་བ་ལུང་རིགས་ཉི་མའི་བཤད་ལུང་གི་ཁུངས་མིང་ཚིགམདོ། འདུལ་བ། འདུལ་བ་ལུང་རིགས་ཉི་མའི་བཤད་ལུང་གི་ཁུངས་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འདུལ་བའི་དཀའ་འགྲེལ་ལེགས་བཤད་ལུང་རིགས་ཀྱི་ཉི་མ་ཞེས་བྱ་བ་འདི་ནི། དང་པོར་ཡོངས་འཛིན་དམ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པའི་ཞལ་སྔ་ནས་འདུལ་བ་མདོ་རྩ་བའི་བཤད་པ་ཅི་རིགས་དང་བསླབ་བྱ་ཆེན་མོ་དང་། གཞི་གསུམ་ཆོ་ག་སོགས་ཐོས་ཤིང་། ཕྱིས་སུ་སློབ་དཔོན་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པའི་ཞལ་སྔ་ནས་གཙང་ཊཱིཀྐ་གི་སྟེང་ནས་མདོ་རྩ་བའི་ཞིབ་བཤད་དང་། མེ་ཏོག་ཕྲེང་རྒྱུད་ཀྱི་བཤད་ལུང་དང་། དཔལ་ལྡན་བླ་མ་དམ་པ་པྲཛྙཱའི་མཚན་ཅན་གྱི་དྲུང་དུ། ཀརྨ་ཤ་ཏམ་གྱི་བཤད་པ་ཉན་པ་སོགས་ལས་ཆོས་འདི་ལ་བག་ཆགས་ཅུང་ཟད་ཞིག་སད་པ། ཤཱཀྱའི་དགེ་སློང་འདུལ་བ་འཛིན་པ་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས། ལྕགས་ཕོ་སྟག་གི་ལོ་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་ནུས་པར་གྱུར་ཅིག །ཅེས་གསུངས།
འདུལ་བ་ལུང་རིགས་ཉི་མའི་མཇུག་བྱང་མིང་ཚིགམདོ། འདུལ་བ། འདུལ་བ་ལུང་རིགས་ཉི་མའི་མཇུག་གི་ཐུགས་བསྐྱེད་བསྔོ་སྨོན་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སྨྲས་པ། མཚན་དཔེའི་དཔལ་འབར་ཐུབ་དབང་མགུར་ནས་མཆོག་ཏུ་བཀའ་སྩལ་ཉེ་བར་འཁོར་གྱིས་གདུལ་བྱའི་དོན་དུ་བསྡུས་གྱུར་པ། །འབུམ་ཕྲག་འདུལ་བའི་ལུང་ཚིག་མདོར་བསྡུས་བམ་པོ་དགུ་ཡི་བདག་ཉིད་ཅན་གང་ས་གསུམ་བརྙེས་པས་མཛད་གྱུར་ཅིང་། །མདོ་ཡི་རྣམ་འགྲེལ་འགྲེལ་པ་དྲུག་ལས་སར་ཚོགས་དབུས་ན་མཚན་མོའི་མགོན་བཞིན་ཟླ་མེད་རྒྱ་ཆེར་འགྲེལ་པ་འདི། །ཐོད་ཀར་བྱེ་སྨྲའི་འདུལ་བ་འཛིན་པ་ཆོས་ཀྱི་བཤེས་གཉེན་ཆོས་ཀྱི་རྗེ་བོ་མཁས་པའི་དབང་པོས་བཀའ་དྲིན་སྩལ། །ཅོག་རོ་ལཽ་ཙྪ་ཀླུ་ཡི་རྒྱལ་མཚན་དེད་དཔོན་མཆོག་གི་རྣམ་དཔྱོད་གྲུ་ཆེན་བརྩོན་པའི་རླུང་གིས་རབ་བསྐྱོད་དེ། །འཕགས་ཡུལ་རྒྱ་མཚོའི་ཀློང་འཁོར་ནང་ནས་རྩ་འགྲེལ་ནོར་བུ་མྱུར་དུ་བླངས་ཏེ་བོད་ཁམས་དཔལ་དུ་བྱིན་པ་ན། །བློ་གྲོས་རྒྱལ་མཚན་རྩེ་མོར་བཀོད་ནས་འཆད་རྩོད་རྩོམ་པའི་བྱི་དོར་བགྱིས་ཏེ་འགྲོ་ལ་དགེ་ལེགས་ཆར་འབེབས་པ། །ཀླུ་མེས་གྲུ་མེར་སྐྱོགས་ནས་བཟུང་སྟེ་རྒྱ་འདུལ་ཤ་མི་ལ་སོགས་སྔོན་དུས་འཆད་པོ་བགྲང་ཡས་བྱོན། །སླར་ཡང་དགྲ་བཅོམ་ཉེ་བར་འཁོར་བཞིན་འདུལ་བ་སྨྲ་བ་མཚོ་སྣ་པ་དང་བུ་སྟོན་དམར་སྟོན་ཁུ་དབོན་པ། །འདུལ་བ་འཛིན་ཞེས་སྙན་གྲགས་རྒྱལ་མཚན་མཐོན་པར་སྒྲེངས་དང་པཎ་ཆེན་དགེ་འདུན་གྲུབ་པ་ལ་སོགས་མཁས་རྣམས་ལས། །ཕྱི་མ་གཉིས་ཀྱི་གསུང་རབ་ལེགས་བཤད་ཉིད་ལ་བརྟེན་ནས་མདོ་ཡི་དཀའ་འགྲེལ་ལུང་རིགས་རྒྱན་གྱིས་བརྒྱན་པ་འདི། །སྔོན་ཆད་བསོད་ནམས་ཆོས་སུ་བསགས་པས་དགེ་སློང་འདུལ་བ་འཛིན་པར་རབ་གྲགས་རྣམ་དཔྱོད་མཆོག་གི་སྡེ་དེས་སྦྱར། །གཞན་དང་མི་མཉམ་ཤེས་རབ་བརྩོན་འགྲུས་ཀྱིས། །མདོ་དང་འགྲེལ་པའི་དགོངས་པ་བཙལ་བ་ལས། །འདི་ལྟའི་ལེགས་བཤད་འབྱུང་གི་ཅི་དགར་ནི། །མཁས་རློམ་ལྕེ་རྩེ་རྒྱུད་ལས་དེ་ལྟ་མིན། །གཞུང་དང་ཊཱིཀྐའི་བརྗོད་བྱ་པདྨོའི་ཚལ། །ལུང་རིགས་ཉི་མའི་འོད་ཀྱིས་གསལ་བ་ལས། །བྱུང་བའི་རྣམ་དཀར་དགེ་ཚོགས་ཅི་མཆིས་པ། །ཀུན་ཀྱང་འགྲོ་འདིས་བྱང་ཆུབ་ཐོབ་ཕྱིར་བསྔོ། །རྣམ་དཔྱོད་ཆུ་མཚོ་ལས་འོངས་བསྟན་བཅོས་ཀྱི། །ཆུ་འཛིན་སྤེལ་ལེགས་གློག་གིས་འཁྱུད་པ་ལས། །ལེགས་བཤད་འབྲུག་སྒྲ་ཅིར་ཡང་བསྒྲགས་པ་འདིས། །ཐུབ་བསྟན་དཔྱིད་ཀྱི་པད་མོ་རྒྱས་གྱུར་ཅིག ། བདག་ཀྱང་ཚེ་རབས་ཀུན་ཏུ་སངས་རྒྱས་ཀྱི། །བསྟན་པ་ཡིད་བཞིན་ནོར་བུ་འབར་བ་ལ། །འཆད་རྩོད་རྩོམ་པའི་བྱི་དོར་བགྱི་བ་ཡི། །འཕྲིན་ལས་རྒྱུན་མི་འཆད་པ་ཉིད་གྱུར་ཅིག ། ཅེས་གསུངས།
འདུལ་བ་ལུང་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་མིང་ཚིགའདུལ་བ་ལུང་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ། བསྟན་འགྱུར་འདུལ་བ་ཚུ་པར་བཞུགས།
འདུལ་བ་ལུང་རྣམ་འབྱེད་མིང་ཚིགའདུལ་བ་རྣམས་འབྱེད་དང་དོན་གཅིག
འདུལ་བ་ལུང་སྡེ་བཞི་མིང་ཚིགལུང་རྣམ་འབྱེད། ལུང་གཞི། ལུང་ཞུ་བ། ལུང་ཕྲན་ཚེགས།
འདུལ་བ་ལྔ་མིང་ཚིགཡུལ་འདུལ་བ། དུས་འདུལ་བ། གནས་འདུལ་བ། གང་ཟག་འདུལ་བ། འཁྲུག་པ་འདུལ་བའོ། །
འདུལ་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། སངས་རྒྱས་ཀྱི་ཚེ། རྟག་པ། ཕྱོགས་གཅིག་པ། ཐམས་ཅད་དུ་འགྲོ་བ། ཉོན་མོངས་པ་འདུལ་བའོ། །
འདུལ་བ་ལྷད་ཅན་མིང་ཚིགརུང་མིན་གཞི་བཅུ་སོགས་སངས་རྒྱས་ཀྱིས་བཅས་པའི་རྣམ་གཞག་དང་འགལ་ཞིང་རང་འདོད་ལྟར་བསྲེ་ལྷད་ཞུགས་པའི་འདུལ་བ།
འདུལ་བ་ལྷད་ཅན་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ བསླབ་པའི་གཞི་བཅའ་བ་ལྷད་ཅན་ནི། བསླབ་པའི་གཞི་བཅའ་བ་མདོ་སྡེ་ལ་ཡང་མི་འཇུག འདུལ་བ་ལ་ཡང་མི་སྣང་ཆོས་ཉིད་དང་ཡང་མི་མཐུན་པའོ། །དེ་ལ་ཆོས་ཉིད་དང་མི་མཐུན་པ་ནི་འདི་ཡིན་ཏེ། མི་དགེ་བའི་ཆོས་རྣམས་ནི་མངོན་པར་འཕེལ་བར་བྱེད་ལ། དགེ་བའི་ཆོས་རྣམས་ནི་ཡོངས་སུ་ཉམས་པར་བྱེད་པ་གང་ཡིན་པའོ། ། ༢ ལྟུང་བ་བཅའ་བ་ལྷད་ཅན་ནི། འདི་ལྟར་འདི་ན་ལ་ལ་ལྟུང་བ་ནི་ལྟུང་བ་མ་ཡིན་པར་འཆའ་བར་བྱེད་ལ། ལྟུང་བ་མ་ཡིན་པ་ནི་ལྟུང་བར་འཆའ་བར་བྱེད་པའོ། ། ༣ ངེས་པར་འབྱུང་བ་བཅའ་བ་ལྷད་ཅན་ནི། འདི་ལྟར་འདི་ན་ལ་ལ་ངེས་པར་འབྱུང་བ་མ་ཡིན་པ་ནི་ངེས་པར་འབྱུང་བར་འཆའ་བར་བྱེད་ལ་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་མ་ཡིན་པར་འཆའ་བར་བྱེད་པའོ། ། ༤ བག་ཡངས་བཅའ་བ་ལྷད་ཅན་ནི། འདི་ལྟར་འདི་ན་ལ་ལ་བག་ཡངས་མ་ཡིན་པ་ནི་བག་ཡངས་སུ་འཆའ་བར་བྱེད་ལ། བག་ཡངས་ནི་བག་ཡངས་མ་ཡིན་པར་འཆའ་བར་བྱེད་པའོ། ། ༥ ལས་བཅའ་བ་ལྷད་ཅན་ནི། འདི་ལྟར་འདི་ན་ལ་ལ་ཆོས་མ་ཡིན་པའི་ལས་ནི་ཆོས་ཀྱི་ལས་སུ་འཆའ་བར་བྱེད་ལ། ཆོས་ཀྱི་ལས་ནི་ཆོས་མ་ཡིན་པའི་ལས་སུ་འཆའ་བར་བྱེད་པའོ། །
འདུལ་བ་སུམ་བརྒྱ་པ་མིང་ཚིགརྒྱ་གར་གྱི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་བསླབ་བྱ། ཤོ་ལོ་ཀ་སུམ་བརྒྱ་ཡོད་པའི་བསྟན་བཅོས་ཤིག
འདུལ་བ་སོ་སོར་ཐར་པའི་བྱེ་བྲག་འབྱེད་སྡོམ་རྒྱུད་མིང་ཚིགའདུལ་བ་རྒྱུད་དྲུག་གི་ནང་གསེས་(སོ་སོ་ཐར་པའི་བྱེ་བྲག་འབྱེད་སྡོམ་རྒྱུད)་ཅེས་པའི་གཞུང་འདི། མཛད་པ་པོ། གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་དེ་ཉིད་ཡིན། མཛད་པའི་དུས། ཕྱི་ལོའི་སྔོན་གཤེན་ལོ་སུམ་ཅུ་སོ་གཅིག་སྟེ་སྟོན་པ་རབ་ཏུ་བྱུང་བའི་དུས་སུ་གསུངས་པའོ། །གཞུང་འདིའི་བརྗོད་བྱ་ནི། སྡེ་སྣོད་གསུམ་གྱི་ནང་གསེས་འདུལ་བའི་སྡེ་སྣོད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཁོངས་སུ་གཏོགས་པའི་ཕྱིའི་ཚུལ་དང་ནང་གི་ཁྲིམས་དང་འབྲེལ་བའི་དྲང་སྲོང་ཕོ་མོ་གཉིས་ཀྱི་བསྲུང་ཁྲིམས་བསྟན་པའོ། །(གཞུང་འདིར་སྡེ་ཚན་སོགས་མི་འདྲ་᪠འི་ལེའུ་གྲངས་སུ་བགྲང་ན་ཉེར་གཅིག་ཡོད་དེ།)འདུལ་བ་སོ་སོ་ཐར་པའི་བྱེ་བྲག་རྒྱུད་ལས་དང་པོའི་ལེའུ་སྟེ་གཅིག་པའོ། །འདུལ་བ་སོ་སོ་ཐར་པའི་བྱེ་བྲག་རྒྱུད་ལས། པར་པ་གྲངས་བྱེད་ལེའུ་སྟེ་གཉིས་པའོ། །འདུལ་བ་སོ་སོ་ཐར་པའི་བྱེ་བྲག་རྒྱུད་ལས། ཕུན་སུམ་ཚོགས་ལྡན་རྒྱུད་འབྱུང་ལེའུ་སྟེ་གསུམ་པའོ། །རབ་བྱུང་འདུལ་ཞུ་གསོལ་བའི་ལེའུ་སྟེ་བཞི་པའོ། །འདུལ་བ་ཐོབ་པ་བསྙེན་རྫོགས་ཀྱི་ལེའུ་སྟེ་ལྔ་པའོ། །སྲུང་ཐུབ་གཉེན་པོའི་ལེའུ་སྟེ་དྲུག་པའོ། །སྡོམ་ཉམས་གསོ་བྱེད་སྒྱུ་མའི་ལེའུ་སྟེ་བདུན་པའོ། །ཤེས་འབྱུང་དྲུག་ལྡན་ལེའུ་སྟེ་བརྒྱད་པའོ། །མཁས་པ་ཤེས་རིག་སྦྱངས་པའི་ལེའུ་སྟེ་དགུ་པའོ། །དགེ་སྤེལ་རིག་སྲུང་བརྟན་པར་བྱ་བའི་ལེའུ་སྟེ་བཅུ་པའོ། །ཁྱིམ་སྤངས་འཁོར་བ་བྱ་སྤུར་གྱི་ལེའུ་སྟེ་བཅུ་གཅིག་པའོ། །ཡུལ་སྤངས་ཐར་པ་ཐོབ་པའི་ལེའུ་སྟེ་བཅུ་གཉིས་པའོ། །དགེ་སྡིག་གྲོགས་ཀའི་སྤང་བླང་ལེའུ་སྟེ་བཅུ་གསུམ་པའོ། །སྨིན་པ་བྱང་ཆུབ་སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ། །རྐྱེན་དྲག་འགྱུར་མེད་པ་རྡོ་རྗེ་སྲ་བྱེད་ལེའུ་སྟེ་བཅོ་ལྔ་པའོ། །ཆགས་སྲེད་ནོར་རྫས་རྐྱེན་བྲལ་ལེའུ་སྟེ་བཅུ་དྲུག་པའོ། །རྗེ་དཔོན་དབང་རྐྱེན་གྱིས་མི་ཟློག་པའི་ལེའུ་སྟེ་བཅུ་བདུན་པའོ། །བཅད་རིགས་སྲིད་ལུགས་ཀྱིས་མི་ཟློག་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །ནད་གདོན་རྐྱེན་དབང་གི་མི་ཟློག་པའི་ལེའུ་སྟེ་བཅུ་དགུ་པའོ། །དད་པ་འཕོ་འགྱུར་སྤྲིན་དཔུང་དཔེ་བསྟན་པའི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །འདུལ་བ་སོ་སོ་ཐར་པའི་བྱེ་བྲག་རྒྱུད་ལས། ཐེག་ཆེན་བཟང་རྐྱེན་དབང་གི་མི་ཟློག་པའི་ལེའུ་སྟེ་ཉེར་གཅིག་ཡོད་སྟེ། (སོ་སོ་ཐར་པའི་རྒྱུད་ལས། ) གླད་བདུན་གཞུང་བདུན་འཇུག་དོན་བདུན་ཏེ་ཉེར་གཅིག་གོ ། ཞེས་གསུངས་པ་ལྟར། གཞུང་འདིའི་སྔོན་འགྲོ་གླད་ཀྱི་དོན་ལ་ལེའུ་བདུན་དང་། དངོས་གཞི་གཞུང་གི་དོན་ལ་ལེའུ་བདུན། མཐའ་རྗེས་འཇུག་གི་དོན་ལ་ལེའུ་བདུན་དང་ལྷན་དུ་རྩིས་པས་ལེའུ་ཉེར་གཅིག་ཡོད་དོ། །
འདུལ་བ་སྟོད་ལུགས་མིང་ཚིགལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་དུས་སུ་མངའ་རིས་ཕྱོགས་སུ་དར་བའི་འདུལ་བའི་ལུགས།
འདུལ་བ་སྡུད་པར་བྱེད་པའི་ཆོས་ལྔ་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ། བཅས་པ། དགག་པ། གནང་བ། བསྒྲུབ་པའོ། །
འདུལ་བ་སྡེ་བཞི་མིང་ཚིགའདུལ་བ་ལུང་སྡེ་བཞི་སྟེ། འདུལ་བ་རྣམ་འབྱེད་དང་། འདུལ་བ་ལུང་གཞི་དང་། འདུལ་བ་ཕྲན་ཚེགས་དང་། འདུལ་བ་གཞུང་དམ་པ་བཅས་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཐེག་དམན་གྱི་འདུལ་བའི་སྡེ་སྣོད་ཀྱི་གཞུང་བཞི་ཡིན་ལ། བུ་སྟོན་རིན་ཆེན་གྲུབ་ཀྱིས། འདུལ་བ་ལུང་སྡེ་བཞི་པོ་ཏི་བཅུ་གསུམ་ལ་ཤོ་ལོ་ཀ་འབུམ་ཕྲག་གཅིག་དང་སྟོང་ཕྲག་གསུམ་ཉིས་བརྒྱ་ཡོད། བམ་པོ་སུམ་བརྒྱ་དང་བཞི་བཅུ་རྩ་བཞི་ཡོད་ཅེས་གསུངས།
འདུལ་བ་སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད་མིང་ཚིགའདུལ་བ་རྒྱུད་དྲུག་གི་ནང་གསེས་(འདུལ་བ་སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད་) ཅེས་པའི་གཞུང་འདི། མཛད་པ་པོ། གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་དེ་ཉིད་ཡིན། གཞུང་འདིའི་བརྗོད་བྱ་ནི། སྡེ་སྣོད་གསུམ་གྱི་ནང་ཚན་འདུལ་བའི་སྡེ་སྣོད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཁོངས་གཏོགས་འདུལ་བ་སྤྱི་ཡི་བསྲུང་ཁྲིམས་དང་འབྲེལ་བའི་དོན་བསྟན་པ་དང་། བྱེ་བྲག་ཏུ་གཞུང་འདིར་སྡེ་ཚན་སོགས་མི་འདྲ་བའི་ལེའུ་གྲངས་སུ་བགྲང་ན་བཅོ་བརྒྱད་ཡོད་དེ། འདུལ་བ་སྤྱི་ལྟོས་འགོག་པ་ཕྱོགས་སྡོམ་རྒྱུད་ལས། དང་པོའི་ལེའུ་སྟེ་གཅིག་པའོ། །འདུལ་བ་སྤྱི་ལྟོས་འགོག་པ་ཕྱོགས་སྡོམ་རྒྱུད་ལས། དགོས་དོན་མ་རིག་ཤན་འབྱེད་ལེའུ་སྟེ་གཉིས་པའོ། །ཕུན་སུམ་འཚོགས་པ་དགུ་དོན་ལེའུ་སྟེ་གསུམ་པའོ། །འཁྲུལ་སྣང་དགག་པ་གཉེན་པོ་འདུལ་བའི་ལེའུ་སྟེ་བཞི་པའོ། །ཉོན་མོངས་སྣང་བ་འདུལ་བར་བསྲེ་བའི་ལེའུ་སྟེ་ལྔ་པའོ། །རིག་པ་གནས་ཡུལ་རྣོ་གསལ་བསྐུལ་པའི་ལེའུ་སྟེ་དྲུག་པའོ། །མ་རིག་ལོག་པས་སད་མ་ནུས་པའི་ལེའུ་སྟེ་བདུན་པའོ། །མེད་ལ་ཡོད་བརྟག་མ་རིག་ལེའུ་སྟེ་བརྒྱད་པའོ། །ལས་རྒྱུ་འབྲས་བྱེ་བྲག་འབྱེད་པའི་ལེའུ་སྟེ་དགུ་པའོ། །མངོན་ཞེན་རྗས་བཟུང་ལྕི་བའི་ལེའུ་སྟེ་བཅུ་པའོ། །སྣང་བའི་དམིགས་དངོས་པ་མཛིད་པའི་ལེའུ་སྟེ་བཅུ་གཅིག་པའོ། །སྣང་བ་གཞི་ས་མ་ཟིན་འགྱུར་བའི་ལེའུ་སྟེ་བཅུ་གཉིས་པའོ། །སྣང་བ་ཐུག་ཕྲད་ལོན་པའི་ལེའུ་སྟེ་བཅུ་གསུམ་པའོ། །སྲིད་རྩེ་ལམ་ལོག་མ་རིག་པའི་ལེའུ་སྟེ་བཅུ་བཞི་པའོ། །མི་དགེ་བཅུ་རྒྱུ་འབྲས་དབྱུང་བའི་ལེའུ་སྟེ་བཅོ་ལྔ་པའོ། །ལོ་ཟླ་ཉི་མ་དུས་བཟུང་ལེའུ་སྟེ་བཅུ་དྲུག་པའོ། །དྲང་སྲོང་མ་ཡི་སྤྱི་དོན་ལེའུ་སྟེ་བཅུ་བདུན་པའོ། །དྲང་སྲོང་མ་ཡི་སིལ་བུའི་ལེའུ་སྟེ་བཅོ་བརྒྱད་ཡོད་དེ། འདུལ་བ་སྤྱི་ལྟོས་རྒྱུད་ལས། གླད་གཞུང་འཇུག་དོན་ལེའུ་གྲངས་སྟོན། གླད་ལྔ་གཞུང་དགུ། འཇུག་པ་བཞི་འདི་དོན་བྱེད། ཅེས་པ། སྔོན་འགྲོ་གླད་ཀྱི་དོན་ལ་ལེའུ་ལྔ་བསྟན་པ་དང་། དངོས་གཞི་གཞུང་གི་དོན་ལ་ལེའུ་དགུ། མཐའ་རྗེས་འཇུག་གི་དོན་ལ་ལེའུ་བཞི་དང་། ལྷན་དུ་གཞུང་འདིར་ལེའུ་བཅོ་བརྒྱད་བསྟན་པའོ། །
འདུལ་བའི་གཞི་བཅུ་བདུན་མིང་ཚིགའདུལ་བ་གཞི་ལས། ༡ རབ་བྱུང་གི་གཞི། ༢ གསོ་སྦྱོང་གི་གཞི། ༣ དགག་དབྱེའི་གཞི། ༤ དབྱར་གྱི་གཞི། ༥ ཀོ་ལྤགས་ཀྱི་གཞི། ༦ སྨན་གྱི་གཞི། ༧ གོས་ཀྱི་གཞི། ༨ སྲ་བརྐྱང་གི་གཞི། ༩ ཀོ་ཤམྦྷོའི་གཞི། ༡༠ ལས་ཀྱི་གཞི། ༡༡ དམར་སེར་ཅན་གྱི་གཞི། ༡༢ གང་ཟག་གི་གཞི། ༡༣ སྤོ་བའི་གཞི། ༡༤ གསོ་སྦྱོང་བཞག་པའི་གཞི། ༡༥ གནས་མལ་གྱི་གཞི། ༡༦ རྩོད་པའི་གཞི། ༡༧ དགེ་འདུན་དབྱེན་གྱི་གཞི་དང་བཅུ་བདུན་ནོ། །
འདུལ་བའི་གཞུང་མིང་ཚིགསོ་ཐར་གྱི་བསླབ་པ་གཙོ་བོར་སྟོན་པའི་གཞུང༌།
འདུལ་བའི་གླེང་འབུམ་ཆེན་མོ་མིང་ཚིགདུས་རབས་བཅོ་ལྔ་པར་འདུལ་བ་ལུང་སྡེ་བཞིའི་སྐབས་སུ་གླེང་གཞི་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་ཞིག་ཀྱང་ཡོད།
འདུལ་བའི་ཐབས་མདོར་བསྡུ་ན་དཔག་ཏུ་མེད་པ་རྣམ་པ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་གི་དོན་ལ་སྦྱོར་བ་དེ་ནི། དཔག་ཏུ་མེད་པ་དང་པོའོ། ། ༢ སེམས་ཅན་དེ་དག་གང་ལ་གནས་པ་ཡང་དམིགས་པ་དེ་ནི་དཔག་ཏུ་མེད་པ་གཉིས་པའོ། ། ༣ སེམས་ཅན་དེ་དག་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན་ཆོས་གང་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པར་གྱུར་པ་དམིགས་པ་དེ་ནི་དཔག་ཏུ་མེད་པ་གསུམ་པའོ། ། ༤ སེམས་ཅན་དེ་དག་གི་ནང་ནས་སེམས་ཅན་གང་དག་སྐལ་བ་དང་ལྡན་ཞིང༌། གཏན་དུ་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱེད་ནུས་པར་མཐོང་བ་དེ་ནི་དཔག་ཏུ་མེད་པ་བཞི་པའོ། ། ༥ སེམས་ཅན་དེ་དག་ཉིད་རྣམ་པར་ཐར་པར་བྱ་བའི་ཐབས་གང་ཡིན་པ་དེ་ནི་དཔག་ཏུ་མེད་པ་ལྔ་པའོ། །