Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
འདུལ་བའི་དངོས་པོ་བཅུ་མིང་ཚིགལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། གཏོང་བའི་ཆར་རབ་ཏུ་འབེབས་པས་སེར་སྣའི་སེམས་འདུལ་བ་ཉིད། ལས་རྣམ་གསུམ་ཡོངས་སུ་སྦྱོང་བས་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་འདུལ་བ་ཉིད། བྱམས་པ་སྒོམ་པས་ཁོང་ཁྲོ་བའི་སེམས་འདུལ་བ་ཉིད། སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བ་ལ་མི་སྐྱོ་བས་ལེ་ལོའི་སེམས་འདུལ་བ་ཉིད། བསམ་གཏན་དང་རྣམ་པར་ཐར་པར་རྣམ་པར་འཕྲུལ་པས་མི་དགེ་བའི་སེམས་འདུལ་བ་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གཏན་ལ་འབེབས་པ་ལ་མཁས་པའི་ཚོགས་གསོག་པས་མི་ཤེས་པའི་སེམས་འདུལ་བ་ཉིད། ལམ་གྱི་ཚོགས་བསྐྱེད་པས་ཉོན་མོངས་པ་འདུལ་བ་ཉིད། ཕྱིན་ཅི་མ་ལོག་པའི་ལམ་བསྐྱེད་པས་བདེན་པའི་ཚོགས་གསོག་པས་འདུལ་བ་ཉིད། དུས་དང་དུས་མ་ཡིན་པར་དབང་སྒྱུར་བས་སེམས་འདུལ་བ་ཉིད། བདག་མེད་པའི་ཆོས་ལ་རྟོགས་པས་བདག་འདུལ་བ་ཉིད་དོ། །
འདུལ་བའི་དུས་ཚོད་ལྔ་མིང་ཚིགའདུལ་བ་གཞི་ལས་བྱུང་བ་སྟེ། དགུན་གྱི་དུས་ནི་ཟླ་བ་བཞིའོ། །དཔྱིད་ཀྱི་དུས་ནི་ཟླ་བ་བཞིའོ། །དབྱར་གྱི་དུས་ནི་ཟླ་བ་གཅིག་གོ ། དབྱར་ཐུང་ངུའི་དུས་ནི་ཉིན་ཞག་གཅིག་གོ ། དབྱར་རིང་པོའི་དུས་ནི་ཉིན་ཞག་གཅིག་གིས་ཟླ་བ་གསུམ་དུ་མ་ཆོག་པ་སྟེ། དེ་ནི་དུས་ཚོད་བརྗོད་པའོ། །
འདུལ་བའི་དོན་བཞི་མིང་ཚིགའཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ། ལྟུང་བ། སྐྱེ་བ། བསླང་བ། འབྱུང་བའི་ཆོས་རྣམས་སོ། །
འདུལ་བའི་བཀའ་གསུམ་མིང་ཚིགམདོ། འདུལ་བ། བོན། དང་པོ་ཡབ་ཡུམ་སྲས་ཀྱི་བཀའ་ཀུན་འབྱུང་དབྱིངས་དག བར་དུ་དྲང་སྲོང་རྒྱལ་བ་མུ་ཆོས་བརྒྱུད་པའི་བཀའ། རྗེས་སུ་ལས་ཅན་སྐལ་ལྡན་འབྱུང་བའི་བཀའ་དང་གསུམ་མོ། །
འདུལ་བའི་བརྗོད་བྱ་མིང་ཚིགམདོ། འདུལ་བ། སྤོང་བ་བདུན་འཁོར་དང་བཅས་པའི་ཚུལ་ཁྲིམས་ནི་བསྟན་བཅོས་འདིའི་བརྗོད་བྱའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། །
འདུལ་བའི་བསླབ་པ་མིང་ཚིགསོ་ཐར་གྱི་ཚུལ་ཁྲིམས་ཏེ། དགེ་སློང་གི་རྒྱུད་ཀྱི་ངེས་འབྱུང་གིས་ཀུན་ནས་བསླངས་པའི་གཞན་གནོད་གཞིར་བཅས་སྤོང་བའི་སེམས་པ་མཚུངས་ལྡན་བཅས་པ། འདོད་པའི་སས་བསྡུས་ཀྱི་འདུལ་བའི་ཚུལ་ཁྲིམས།
འདུལ་བའི་བསླབ་པ་དང་མི་མཐུན་པའི་ཆོས་ལྔ་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། བར་དུ་གཅོད་པ། དམ་པའི་ཆོས་ལྟར་བཅོས་པ། སྡིག་པའི་གྲོགས་པོ། གླེན་ཞིང་ཉོན་མོངས་པ་སྤང་བ། སྔོན་གྱི་ཚོགས་སྟོབས་ཆུང་བའོ། །
འདུལ་བའི་བསླབ་པ་ལ་བརྩོན་པས་ཡང་དག་པའི་སྦྱོར་བ་རྣམ་པ་ཐམས་ཅད་དུ་ཕུན་སུམ་ཚོགས་པར་འགྱུར་བའི་སྟོབས་ལྔ་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། སྦྱོར་བའི་སྟོབས། བསམ་པའི་སྟོབས། རྟོགས་པའི་སྟོབས། ཤེས་པའི་སྟོབས། གནས་པའི་སྟོབས་སོ། །
འདུལ་བའི་བླ་མའི་མཚན་ཉིད་བཅུ་མིང་ཚིགབརྟན་པ། མཁས་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། སྙིང་རྗེ་དང་ལྡན་པ། བཟོད་པ་དང་ལྡན་པ། ནང་གི་འཁོར་དག་པ། ཆོས་ཀྱིས་ཕན་འདོགས་པ། ཟང་ཟིང་གིས་ཕན་འདོགས་པ། དུས་སུ་གདམས་ངག་འདོམས་པའོ། །
འདུལ་བའི་མཁན་པོའི་ཆོས་བཞི་མིང་ཚིགབསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ། འདུལ་བའི་ཚིག་དོན་ལ་མཁས་པ། ཁ་སྐོང་གི་ཆོས་བཅུ་གསུམ་ལྡན་པ། ལྔ་ཕྲུག་ཚན་ཉེར་གཅིག་གང་རུང་ཚང་བའོ། །
འདུལ་བའི་མཆོད་པ་མིང་ཚིགབོད་བཙན་པོའི་རྒྱལ་རབས་སྐབས་སུ། རྒྱལ་པོ་མུ་ནེ་བཙན་པོས་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས་པའི་ཡ་གྱལ་དུས་མཆོད་ཅིག
འདུལ་བའི་མདོ་མིང་ཚིགབྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་ཀྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས། ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་འདུལ་བ་མུ་པར་བཞུགས།
འདུལ་བའི་མདོ་བཅུ་མིང་ཚིགའདུལ་བ་ལུང་སྡེ་བཞིའི་ནང་བྱུང་བ་སྟེ། ༡ འདུལ་བ་ལུང་སྡེ་བཞི་དེ་དག་གི་རྩ་བ་དགེ་སློང་གི་གསོ་སྦྱོང་སྐབས་གསུང་རྒྱུའི་སོ་ཐར་གྱི་མདོ་ཤོ་ལོ་ཀ་བདུན་བརྒྱ་བམ་པོ་གཉིས་པ། ༢ དགེ་སློང་མའི་སོ་ཐར་གྱི་མདོ་ཤོ་ལོ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ་འདི་གཉིས་གཙོ་བོ་ཡིན། ༣ འདུལ་བ་དང་ཕྱོགས་མཐུན་གྱི་མདོ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ༤ ཆོས་བསྒྲགས་སམ་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ༥ ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ། ༦ འཁར་གསིལ་གྱི་མདོ། ༧ འཁར་གསིལ་འཆང་བའི་ཀུན་སྤྱོད་བསྟན་པའི་མདོ། ༨ གན་དྲིའི་མདོ། ༩ སྦྱངས་པའི་ཡོན་ཏན་གྱི་མདོ། ༡༠ ལྟུང་བ་སྡེ་ལྔའི་དགེ་མི་དགེ་བསྟན་པའི་མདོའོ། །
འདུལ་བའི་མདོ་རྩ་བ་མིང་ཚིགའདུལ་བ་ལུང་སྡེ་བཞིའི་དགོངས་པ་ཕྱོགས་གཅིག་ཏུ་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་ཤླཽ་ཀ་སྟོང་བདུན་བརྒྱ་དང་། བམ་པོ་དགུ རྒྱ་གར་གྱི་མཁན་པོ་ཡོན་ཏན་འོད་ཀྱི་མཛད་པ།
འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་མིང་ཚིགསློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨཱ་ལངྐ་ར་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པ་གཉིས་ཀྱིས་དཔལ་སྒྱེའུ་རིའི་རྩ་ཆོས་སྐོར་དབེན་ཚའི་གཙུག་ལག་ཁང་དུ་བསྒྱུར། ཆོས་ཚན་འདི་པེ་ཅིང་སྣར་ཐང་གཉིས་ལ་མི་བཞུགས། བསྟན་འགྱུར་འདུལ་བ་ཟུ་པར་བཞུགས།
འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ་མིང་ཚིགཐོ་གར་གྱི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དྷརྨ་མི་ཏྲས་མཛད་པའི་འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་འདུལ་བ་ཡུ་པར་བཞུགས།
འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ་མིང་ཚིགའདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ། བསྟན་འགྱུར་འདུལ་བ་འུ་པར་བཞུགས།
འདུལ་བའི་རྗེས་སུ་སྤྱོད་པའི་ཆོས་ལྔ་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། གནས་པ། གནས། རྟེན། ལོངས་སྤྱོད། ལས་སོ། །
འདུལ་བའི་ལག་ལེན་མིང་ཚིགའདུལ་བའི་གཞུང་ཞིག བརྗོད་བྱ། སོ་སོ་ཐར་བའི་འདུལ་བའི་ལག་ལེན། མཛད་པ་པོ་ཇོ་ནང་གཉག་ཕུ་བ་བསོད་ནམས་བཟང་བོ། མཛད་པའི་ཡུལ་ནི་དཔལ་མཁའ་རག་གི་དབེན་གནས་དགེ་རྒྱས་ཐར་བ་གླིང་། མཛད་པའི་དུས་ནི་གསལ་བོ་མ་རྙེད་མོད། ཁོང་གི་བརྩམས་ཆོས་རྣམས་དགུང་ལོ་བགྲེས་པོའི་སྐབས་སུ་ཡིན་པ་རྣམ་ཐར་སོགས་ལ་ཡོངས་སུ་གྲགས། གཞུང་ཚད་ལ་ལྡེབ་གྲངས་ ༥༣ ཡོད།
འདུལ་བའི་ལུས་སོགས་གང་ཡིན་ཨུ་པ་ལིའི་དྲིས་ལན་བདུན་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུུང་བ་སྟེ། ༡ དྲི་བ་འདུལ་བའི་ལུས་ནི་གང་ལགས། དྲིས་ལན་དམིགས་པའོ། ། ༢ དམིགས་པ་ནི་གང་ལགས། ནན་ཏན་ནོ། ། ༣ བྱིན་གྱིས་བསླབ་པ་ནི་གང་ལགས། བྱིན་གྱིས་བརླབ་པ་ནི་ལུས་དང་། ངག་དང་། ཡིད་དོ། ། ༤ མཚན་ཉིད་ནི་གང་ལགས། མཚན་ཉིད་ནི་ལས་སོ། ། ༥ གླེང་གཞི་ནི་གང་ལགས། བསྒྲགས་པའོ། ། ༦ ངོ་བོ་ཉིད་ནི་གང་ལགས། ངེས་པའོ། ། ༧ འབྲས་བུ་ནི་གང་ལགས། མཐོ་རིས་དང་། ཐར་པའོ། །
འདུལ་བའི་ལེའུ་མིང་ཚིགཆོས་ལུགས། མདོ། མངོན་པ། བསྟན་པའི་གནས་ཚད་ཀྱི་ནང་གསེས་ལུང་གི་ལེའུ་གསུམ་གྱི་ནང་ཚན་ནམ་ལྔ་བརྒྱ་པ་ཕྲག་བཅུའི་ནང་གསེས་ཤིག་སྟེ། དེ་ཡང་ལྔ་བརྒྱ་པ་ཕྲག་དགུ་པའི་དུས་སུ་འདུལ་བའི་སྡེ་སྣོད་ལ་ཐོས་བསམ་བྱེད་པའི་གང་ཟག་མང་དུ་འབྱུང་བའི་དུས་ཡིན་པས་འདུལ་བའི་དུས་ཀྱི་ལེའུ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ལ་ལུང་གི་ལེའུ་སྟེ་རིམ་པ་བཞིན་མངོན་པ། མདོ་སྡེ། འདུལ་བའི་སྡེ་སྣོད་འཛིན་པ་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། ཞེས་གསུངས། ཕུག་ལུགས་ཀྱི་དབང་དུ་བྱས་ན་ཕྱི་ལོ་ ༣༢༩༣ ནས་ ༣༡༡༩ ལོའི་བར། གནས་བརྟན་པའི་ལུགས་སུ་བྱས་ན་ཕྱི་ལོ་ ༢༩༥༦ ནས་ ༣༤༥༦ ལོའི་བར། གང་ལྟར་ཡུན་ཚད་ལ་མི་ལོ་ལྔ་བརྒྱ་ཡོད། རྩིས་གཞུང་ཉིན་བྱེད་སྣང་བ་ལས། མངོན་པ་མདོ་སྡེ་འདུལ་བ་རྣམས། །ཞེས་བྱུང་།
འདུལ་བའི་ལེའུ་མིང་ཚིགཀྱེའི་རྡོ་རྗེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།
འདུལ་བའི་ལོ་འགོ་འཛིན་ཚུལ་དྲུག་མིང་ཚིག༡ རྟེན་འབྲེལ་མདོ་འགྲེལ་གྱི་རྗེས་སུ་འབྲངས་ནས་སྐྱོར་མོ་ལུང་གི་སྦ་ཏི་དགྲ་བཅོམ་སོགས་ཀྱིས་བོད་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ལ་ལོ་འགོ་འཛིན། ༢ མདོ་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་ནས་ཁ་ཆེ་པཎ་ཆེན། སྣར་ཐང་པ་མཆིམས་འཇམ་དབྱངས་སོགས་ཀྱིས་བོད་ཟླ་དགུ་པའི་ཚེས་བཅུ་དྲུག་ལ་ལོ་འགོ་འཛིན། ༣ རྗེ་ས་པཎ་དང་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པའི་རིང་ལུགས་འཛིན་པ་དང་བཅས་པས་མངོན་པ་མཛོད་ཀྱི་རྗེས་སུ་འབྲང་སྟེ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་མཚན་མོའི་མཐའ་སྐྱ་རེངས་མ་ཤར་གོང་དུ་ལོ་སྔ་མ་རྫོགས་པ། སྟོན་གྱི་དུས་རྫོགས་པ། སྨིན་དྲུག་ཟླ་བ་རྫོགས་པ་སྟེ་རྣམ་གསུམ་དུས་ཅིག་ཅར་དུ་བྱུང་སྟེ། དེ་སྐད་ཅིག་གཉིས་པ་ལ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་ཤར་མ་ཐག་ཏུ་ལོ་ཕྱི་མའི་ལོ་འགོ་འཛིན་པ། ༤ དགུན་གྱི་འགོ་འཛིན་པ། མགོ་ཟླ་བའི་འགོ་འཛིན་པ་སྟེ་འཛིན་པ་རྣམ་གསུམ་དུས་ཅིག་ཅར་དུ་འབྱུང་བའི་ཕྱིར། སྐར་རྩིས་པ་རྣམས་ཀྱིས་བོད་ཟླ་གསུམ་པ་ནག་པ་ཟླ་བའི་ཚེས་གཅིག་ལ་འགོ་འཛིན། ༥ ཟླ་བ་གསུམ་པ་དེ་ཁའི་ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པར་འདོད་པའི་ཕྱིར། ནག་རྩིས་པ་རྣམས་ཀྱིས་བོད་ཟླ་བཅུ་གཅིག་པའི་རགས་རྩིས་ལ་ཡར་ངོའི་ཚེས་གཅིག་དང་ཞིབ་རྩིས་བྱས་ནས་འཛིན་ན་དགུན་ཉི་ལྡོག་ནས་ལོ་འགོ་འཛིན་པ། ༦ མདོ་སྡེ་གསེར་འོད། སྨན་གྱི་གཞུང་རྒྱུད་བཞི། རྒྱ་ནག་ཧོར་རྒྱལ་པོ། བོད་ཁ་བ་ཅན་པ། ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་མཐུན་པར་དེ་ལྟ་ཡོངས་གྲགས་ཀྱི་བོད་ཟླ་དང་པོའི་ཚེས་གཅིག་ལ་ལོ་འགོ་འཛིན་པའོ། །
འདུལ་བའི་སྡེ་སྣོད་སྡེ་བཞི་མིང་ཚིགདགེ་བསྙེན་དང་། དགེ་ཚུལ། དགེ་སློང་། རྣམས་ཀྱི་བསླབ་ཁྲིམས་བརྗོད་པ་གཙོ་བོར་བྱས་ནས་སྟོན་པའི་ཐེག་དམན་གྱི་འདུལ་བའི་སྡེ་སྣོད་ཀྱི་གཞུང་བཞི་སྟེ་འདུལ་བ་ལུང་སྡེ་བཞི་ཡང་ཟེར། སྡེ་བཞི་ནི། འདུལ་བ་རྣམ་འབྱེད་དང་། འདུལ་བ་ལུང་བཞི། འདུལ་བ་ཕྲན་ཚེགས། འདུལ་བ་གཞུང་དམ་པའམ་གཞུང་བླ་མ་བུ་བཅས་སོ། །
འདུལ་བའི་སྤྱི་དོན་རྣམ་བཤད་ལུང་རིགས་ཉི་མ་མིང་ཚིགམདོ། འདུལ་བ། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་བོད་ལུགས་ལྟར་ན་ལྕགས་ཕོ་སྟག་གི་ལོ་དང་ཕྱི་ལོ་ ༡༥༣༠ ལོར་བརྩམས་པའི་འདུལ་བའི་རྣམ་བཤད་ལུང་རིགས ཉི་མ་ཞེས་ལེགས་བཤད་རྨད་དུ་བྱུང་བའི་འདུལ་གཞུང་ཞིག དེའི་བརྗོད་བྱ་ནི་འདུལ་བ་ལུང་སྡེ་བཞིའི་དགོངས་དོན་གཞི་བཅུ་བདུན་གྱི་རྣམ་གཞག་ཡིན་ལ། དེ་ཡང་དོན་ཚང་ལ་ཚིག་བསྐྱུང་པ་གོ་བདེ་ཞིང་ཁ་གསལ་བ་ཁྱད་པར་དུ་འདུལ་བའི་དུས་ཚིགས་ཀྱི་བཀའ་གནད་རྣམས་གསལ་བར་གསུངས་པ་སོགས་མཁས་པའི་དབང་པོ་དུ་མས་ཡང་ནས་ཡང་དུ་བསྔགས་བརྗོད་ཀྱི་མེ་ཏོག་འབུམ་ཕྲག་འཐོར་བའི་གཞིར་གྱུར་པ་ཞིག་ཡིན་ལ། གཞུང་ཚད་ནི་དེབ་གཟུགས་ངོ་ཤོག་གི་གྲངས་ ༢༨༢ ཡོད་པ་ཅན་ཞིག་གོ །
འདུལ་བར་བཤད་པའི་མི་ཐ་སྙད་ལྔ་ལྡན་མིང་ཚིགམི་ཡིན་པ། སྨྲ་ཤེས། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་སོགས་མིན་པའོ། །
འདུལ་བར་བྱེད་པ་མིང་ཚིགསེམས་གནས་དགུའི་ལྔ་པ། ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་དེ་ལ་དགའ་བ།
འདུལ་བར་བྱེད་པ་བཤད་པ་མིང་ཚིགབཀའ་འགྱུར་འདུལ་བ་ན་པར་བཞུགས་པའི་འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག
འདུལ་བར་བྱེད་པ་བཤད་པ་མིང་ཚིགབཀའ་འགྱུར་འདུལ་བ་པ་པར་བཞུགས་པའི་འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག
འདུལ་མངོན་ཕར་ཚད་དབུ་མིང་ཚིགའདུལ་བ་དང་། ཆོས་མངོན་པ་མཛོད་དང་། ཕར་ཕྱིན་དང་། ཚད་མ་རྣམ་འགྲེལ་དང་། དབུ་མ་སྟེ་བཀའ་པོད་ལྔའོ། །
འདུལ་ཞིང་མིང་ཚིགསངས་རྒྱས་ཀྱི་གདུལ་བྱའི་ཞིང་ཁམས་སམ། སངས་རྒྱས་ཀྱིས་ཆོས་སྟོན་སའི་ས་ཆ།
འདུལ་འཛིན་མིང་ཚིགའདུལ་བ་འཛིན་པའི་བསྡུས་ཚིག
འདུལ་འཛིན་གྲགས་པ་རྒྱལ་མཚན་མིང་ཚིགརབ་བྱུང་དྲུག་པའི་ཤིང་སྟག་ཕྱི་ལོ་ ༡༣༧༤ ལོར་དབུས་སྟོད་སྦྲང་ཡུལ་དུ་འཁྲུངས། འབྲི་གུང་ཆོས་རྗེ་ལས་རབ་ཏུ་བྱུང་། འབྲི་གུང་པ་སྐུ་ཐོག་ཉེར་གཉིས་པ་ལས་ཟབ་ཆོས་མང་དུ་གསན། བྲག་ཚན་དུ་འདུལ་བའི་སྐོར་སྦྱངས། སྔགས་ཀྱི་བླ་མ་ཡང་མང་ཙམ་བསྟེན། བུ་སྟོན་གྱི་གསུང་ཀུན་མཁྱེན་པ་གནང། རྗེ་ཙོང་ཁ་པ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལྷག་ཏུ་འདུལ་བའི་གཞུང་ཀུན་གསན། བྱང་ཆུབ་ཀྱི་སེམས་ཐུགས་དམ་གྱི་མཐིལ་དུ་མཛད། ལུང་དང་་མངོན་རྟོགས་མངའ་བར་གནང་། རྗེ་ཙོང་ཁ་པས་འདུལ་འཛིན་འདི་བཞིན་རྒྱ་གར་ནའང་དཀོན་ཞེས་བསྔགས། བཙུན་མོ་ཚལ་དུ་དགོན་པ་བཏབ། དགེ་འདུན་བརྒྱད་བརྒྱ་ལྷག་ཙམ་འདུས། མལ་གྲོ་ཁུལ་གྱི་སྤངས་དགོན་དང་། ཚལ་གུང་ཐང་སོགས་སུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། འཆད་ཉན་དང་ཉམས་ལེན་གྱི་བྱ་བ་ཁོ་ནས་དུས་འདས། རྗེ་ཙོང་ཁ་པའི་སློབ་མ་མང་པོ་ཞིག་གིས་ཀྱང་འདི་ལས་འདུལ་བ་སོགས་མདོ་སྔགས་ཀྱི་ཆོས་ཕོན་ཆེ་གསན། རབ་བྱུང་བདུན་པའི་ཤིང་སྟག་ཕྱི་ལོ་ ༡༤༣༤ ལོར་བཙུན་མོ་ཚལ་གྱི་དགོན་པར་སྐུ་གཤེགས། སློབ་མ་ནི་རྒྱུད་སྨད་བླ་མ་ཤེས་རབ་སེང་གེ་སོགས་རྗེ་ཙོང་ཁ་པའི་སྲས་ཀྱི་ཐུ་བོ་གཉིས་ལས་གཅིག་ཡིན། གསུང་རྩོམ་ནི་དགེ་སློང་གི་བསླབ་བྱ་ཆེན་མོ། དགེ་ཚུལ་གྱི་བསླབ་བྱ། གླེང་འབུམ་སོགས་མདོའི་སྐོར། རབ་གནས་ཆོ་ག དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་སོགས་སྔགས་ཀྱི་སྐོར་བཅས་པོད་ཆེན་ཞིག་བཞུགས།
འདུལ་འཛིན་ངག་དབང་བསྟན་འཛིན་མིང་ཚིགརབ་བྱུང་བཅུ་གཉིས་པའི་མེ་བྱི་ཕྱི་ལོ་ ༡༦༩༦ ལོར་མདོ་སྨད་རྔ་ཡུལ་དུ་འཁྲུངས། གདུང་རུས་སྤྲོ་ཚིགས་ཡིན། ཆུང་དུས་ནས་ཁ་གྱའི་འགྱད་རོའི་བླ་མ་གུར་དམར་གསེར་ཏོག་ཅན་གྱི་ཡང་སྲིད་དུ་བཟུང་། མ་ཎི་ཤེས་རབ་བཀྲ་ཤིས་ལས་དགེ་ཚུལ་བསྒྲུབས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་གྲལ་ཞུགས། ཞེ་གསུམ་བར་དུ་གཞུང་ཆེན་ལྔ་ལ་མཁས་པར་བྱས། པོད་སོ་སོ་ལའང་ཟིན་བྲིས་བཀོད། གསང་སྔགས་བསྐྱེད་རྫོགས་དང་ཆོ་ག་ཕྱག་ལེན་དང་བཅས་པར་ཞིབ་པར་མཁྱེན། ཀུན་མཁྱེན་འཇམ་དབྱངས་བཞད་པ་ལས་བསྙེན་པར་རྫོགས། དབང་ལུང་མན་ངག་མ་ལུས་གསན། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། ཚོགས་ཆེན་ཞལ་ངོ་དང་རྒྱུད་པའི་བླ་མ་དབུས་བཅས་གནང་། སྡེ་ཁྲི་བློ་བཟང་དོན་གྲུབ་དགུང་ལོ་བདུན་ཅུར་ཕེབས་སྐབས་སློབ་ཆུང་བ་མཛད། ལོ་གཉིས་རིང་མཚན་ཉིད་གྲྭ་ཚང་ལ་བརྩི་བཞག་གནང་། སྐྱབས་མགོན་མཆོག་གི་ཡོངས་འཛིན་དུ་བཞུགས། རབ་བྱུང་བཅུ་གཉིས་པའི་ཤིང་གླང་ཕྱི་ལོ་ ༡༧༤༥ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནད་ཁྲིར་ཕེབས། གདན་ས་ལོ་གསུམ་རིང་བསྐྱངས། ཁྲི་ཟུར་རྗེས་སྒོམ་སྒྲུབ་ཉམས་ལེན་མཛད། རེ་བདུན་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲི་རབས་བཞི་བ་ཡིན།
འདུལ་འཛིན་ཐག་མ་པ་མིང་ཚིགདུས་རབས་བཅུ་གཉིས་པའི་མཇུག་དུ་དབུས་གཙང་ཕྱོགས་སུ་འཁྲུངས། མཚན་དངོས་ལ་ཀ་བ་དར་སེང་ཞེས་ཞུ། གཞོན་དུས་ནས་རབ་ཏུ་བྱུང་། འདུལ་འཛིན་ཆེན་པོ་ཤ་མི་སྨོན་ལམ་ཚུལ་ཁྲིམས་བསྟེན། འདུལ་བ་ལུང་སྡེ་བཞིའི་ཚིག་དོན་ཀུན་ལ་མཁས་པར་སྦྱངས། འདུལ་འཛིན་ཆེན་པོར་གྲགས། བཤེས་གཉེན་སྣེའུ་ཟུར་པ་ཡེ་ཤེས་འབར། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་མ་ལུས་གསན། ཉམས་སུ་བླངས། སྟོད་ལུང་ཐག་མ་བཟུང་ནས་སློབ་མ་མང་པོ་འདུས་པ་ལ་འདུལ་བའི་འཆད་ཉན་མཛད། འདུལ་འཛིན་ཐག་མ་པར་ཞེས་གྲགས། སློབ་མ་གྲགས་ཆེ་བ་ནི་ལྷོ་བྲག་མཁན་ཆེན་ནམ་མཁའ་སེང་གེ་དང་། དཔོན་དཔལ་ཆེན་རྡོར་གཞོན། སྦལ་ཏི་ཇོ་སྲས་བཅས་ཡིན། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བཅུ་གཅིག་པ་ཡིན།
འདུལ་འཛིན་པ་གྲགས་པ་བརྩོན་འགྲུས་མིང་ཚིགརབ་བྱུང་བཞི་པའི་ཆུ་གླང་ཕྱི་ལོ་ ༡༢༥༣ ལོར་མྱང་སྟོད་རྒྱ་བྲག་སྤེལ་སྟོད་ཀྱི་ཆུ་མིག་ལུང་དུ་འཁྲུངས། གདུང་རུས་ཟེའུ་ཡིན། རྒྱ་ཡུལ་དུ་བྱོན་ནས་སེ་ཆེན་ཇིམ་གྱི་ཨོལ་བྱང་དུ་རྒྱལ་བུའི་བླ་མཆོད་མཛད། རབ་བྱུང་ལྔ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༣༠༥ ལོ་ནས་བཟུང་སྣང་ཐང་གདན་ས་ལོ་བཅུ་གཉིས་རིང་བསྐྱངས། རབ་བྱུང་ལྔ་པའི་མེ་འབྲུག་ཕྱི་ལོ་ ༡༣༡༦ ལོར་སྐུ་གཤེགས། གདུང་རྟེན་ནི་གདན་ས་གོང་མའི་གདུང་རྟེན་གྱི་བྱང་ན་བཞུགས། དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་པ་ཡིན།
འདུལ་འཛིན་མཆོག་གཉིས་མིང་ཚིགརྒྱ་གར་གྱི་འདུལ་འཛིན་སློབ་དཔོན་མཆོག་གཉིས་ཏེ་ཡོན་ཏན་འོད་དང༌། ཤཱཀྱ་འོད།
འདུལ་འཛིན་འོད་ཟེར་རྒྱ་མཚོ་མིང་ཚིགརབ་བྱུང་དགུ་པའི་མེ་སྦྲུལ་ཕྱི་ལོ་ ༡༥༥༧ ལོར་འཁྲུངས། དགུང་ལོ་ཞེ་བདུན་པ་རབ་བྱུང་བཅུ་པའི་ཆུ་ཡོས་ཕྱི་ལོ་ ༡༦༠༣ ལོར་རྒྱལ་བ་བསོད་ནམས་རྒྱ་མཚོས་བཀའ་བཞིན་སྐུ་འབུམ་དགོན་གྱི་གདན་སའི་འགན་ཁུར། རབ་བྱུང་བཅུ་པའི་ཤིང་འབྲུག་ཕྱི་ལོ་ ༡༦༠༤ ལོར་བྱམས་མགོན་དགུང་ལོ་བདུན་པའི་ཚད་ཀྱི་སྣང་བརྙན་གཙུག་ལག་ཁང་དང་བཅས་པ་བཞེངས། དེང་སང་ཇོ་ཁང་ཞེས་གྲགས། རབ་བྱུང་བཅུ་པའི་ཆུ་བྱི་ཕྱི་ལོ་ ༡༦༡༢ ལོར་གདན་སའི་ཁྲི་སྟེང་བཞུགས། དཔལ་ལྡན་བཤད་སྒྲུབ་གླིང་ཞེས་པའི་མཚན་ཉིད་གྲྭ་ཚང་བཙུགས། ཆོས་ཐོག་གི་ཐོག་མ་དཔྱིད་ཆོས་དང་པོའི་གྲལ་འཛིན་མཛད། ཁ་དོག་དང་། བསྡུས་འབྲིང་། བསྡུས་ཆེན། རྟགས་རིགས། བློ་རིགས། གཞུང་གསར་བ། གཞུང་རྙིང་བ་ཞེས་རྣམ་འགྲེལ་ལ་འཛིན་གྲྭ་ལྔ་དང་། ཕར་ཕྱིན་ལ་འཛིན་གྲྭ་གཉིས་བཅས་བསྡོམས་འཛིན་གྲྭ་བདུན་དུ་ཕྱེས། འཛིན་གྲྭ་སོ་སོའི་སྐྱོར་དཔོན་བསྐོ་བཞག་མཛད། ཆོས་ཐོག་རེ་རེར་རྩོད་པ་ཇི་འགྲོའི་མཚམས་འཛིན་གྱི་རྩོད་ཡིག་ཀྱང་བཞག འཛིན་གྲྭ་སོ་སོར་བརྩི་བཞག་དང་བགྲོ་གླེང་དམ་བཅའ་རྣམས་ཆག་མེད་དུ་གནང་། ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་འཆད་ཉན་བཟང་པོས་ལོ་ལྔའི་རིང་དུ་སྤེལ། ལོ་བཞིའི་རིང་དུ་ཟུར་བཞུགས་མཛད། རེ་ལྔ་པ་རབ་བྱུང་བཅུ་པའི་ལྕགས་བྱ་ཕྱི་ལོ་ ༡༦༢༡ ལོར་སླར་གདན་སའི་སེང་ཁྲིར་ཕེབས། འཆད་ཉན་ལོ་གཉིས་རིང་མཛད། རེ་བདུན་པ་རབ་བྱུང་བཅུ་པའི་ཆུ་ཕག་ཕྱི་ལོ་ ༡༦༢༣ ལོར་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དང་པོ་དང་གསུམ་པ་གཉིས་ཀ་ཡིན།
འདུལ་ལུགས་ཀྱི་རྩོད་པ་བཞི་མིང་ཚིགའགྱེད་ཕྱིར་རྩོད་པ། མི་གདམས་པའི་ཕྱིར་རྩོད་པ། ལྟུང་བའི་ཕྱིར་རྩོད་པ། བྱ་བའི་ཕྱིར་རྩོད་པའོ། །
འདུལ་ལུགས་ཀྱི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་མིང་ཚིགམངོན་སུམ་བརྒྱད་ཀྱི་ཞི་བ། དྲན་པས་འདུལ་བ་སྦྱིན་པ། མ་སྨྱོས་པས་འདུལ་བ་སྦྱིན་པ། གང་མང་གིས་ཞི་བ། ངོ་བོ་ཉིད་འཚོལ་དུ་གཞུག་པ། ལྟུང་བ་ཁས་བླངས་པ། དགེ་འདུན་བློ་རྩེ་མཐུན་པས་རྩྭ་བཀྲམ་པ་ལྟ་བུའི་ཞི་བྱེད་བཅས་སོ། །
འདུལ་སྐལ་མིང་ཚིགཆམ་ལ་འབེབས་པའི་སྐལ་བའམ། ཕམ་པར་གཏོང་རྒྱུའི་འོས་ཐོབ།འདུལ་སྐལ་གྱི་དགྲ་བོ། སངས་རྒྱས་སྐུ་དངོས་ཀྱི་འདུལ་སྐལ་ཏུ་མ་གྱུར་པ་ཞེས་པ་ལྟ་བུ།
འདུལ་སྡོམ་མིང་ཚིགའདུལ་གཞུང་གི་སྡོམ་ཚིག
འདུལ་སྡོམ་ཚང་བའི་ཆེ་བ་མིང་ཚིགསྔགས། ཡེ་གཤེན་རྒྱུད། བོན། ཐེག་པ་འོག་མ་རྣམས་ལ་སྡོམ་པ་སྣ་རེའམ་སྣ་འགའ་ལས་མ་ཚང་ཞིང་། གསང་བ་སྔགས་ཀྱི་དམ་ཚིག་འདིས་ནི་འདུལ་སྡོམ་ལ་སོགས་འོག་མའི་ཚུལ་ཁྲིམས་ཀྱི་བསྲུང་བྱ་མ་ལུས་པ་ཚང་བར་བསྲུང་པས་འདུལ་སྡོམ་ལ་སོགས་ཚང་བའི་ཆེ་བ་ཡོད་པ་སྟེ། འགུ་ཡ་ལས། འདུལ་སྡོམ་ཚང་བའི་ཆེ་བ་ནི། དགེ་བསྙེན་དྲང་སྲོང་ལས་སོགས་པ། ཐམས་ཅད་ཚང་བས་ཕུན་སུམ་ཚོགས། ཞེས་པས། དེ་ལ་ཡང་འདུལ་སྡོམ་སྟེ་བསྲུང་བྱའི་སྒོ་ནས་ཚུལ་ཞུགས་བསྙེན་གནས་སྡེ་ལ་བསྲུང་བྱ་ཡན་ལག་བརྒྱད་དང་ལྡན་པ། ཚུལ་གནས་དགེ་བསྙེན་གྱི་སྡེ་ལ་ཡང་གཏན་ཁྲིམས་སྣ་ལྔ། གཙང་གཙུག་གི་སྡེ་ལ་བསྲུང་ཁྲིམས་ཉེར་ལྔ། ཚུལ་དང་ལྡན་པ་དག་པ་དྲང་སྲོང་གི་སྡེ་ལ་ཉིས་བརྒྱ་ལྔ་བཅུ་བཅས་ཚང་བར་འདུས་ལ། གཞན་ཡང་གཡུང་དྲུང་སེམས་དཔའི་སྡོམ་པ་ཡང་ཚང་བས་གསང་བ་སྔགས་ཀྱི་དམ་ཚིག་འདི་ནི་དམ་ཚིག་ཀུན་འདུས་ཀྱི་གཞི་རུ་གྱུར་པས་དམ་ཚིག་ཀུན་ལས་ཆེ་ཞིང་འཕགས་པ་ཡིན་པར་བརྗོད་པ་ཡིན་ནོ། །
འདུལ་སྦྱོང་མིང་ཚིགརྟ་དང་གླང་པོ་སོགས་ཕྱུགས་རིགས་རྒོད་པོ་རྣམས་གཡུང་མ་བཟོ་ཐབས།གླང་པོ་ཆེ་འདུལ་སྦྱོང་བྱེད་པ་ཞེས་པ་ལྟ་བུ།
འདུལ་སྦྱོང་མིང་ཚིགགསེར་དངུལ་སོགས་ཀྱི་ལྷད་བཏོན་ནས་མཉེན་པོ་འཆོས་ཐབས།གསེར་འདུལ་སྦྱོང་བྱེད་པ་ཞེས་པ་ལྟ་བུ།
འདོད་ཆགས་འདུལ་བའི་ལེའུ་མིང་ཚིགའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་ཁྲི་བརྒྱད་ཁ་པར་བཞུགས།
གཉེན་པོ་ཐབས་ཀྱིས་འདུལ་བ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གདུལ་བྱ་འདུལ་ཚུལ་ཞིག་སྟེ། ལས་རྒྱུད་གཅོད་པའི་གདུལ་བྱ་གསུམ་ལས་ངེས་པར་འབྱུང་བའི་གདུལ་བྱ་དེ་ཉིད་དོན་དམ་ངེས་པའི་ཐེག་པས་གཉེན་པོ་ཐབས་ཀྱིས་འདུལ་བར་བྱེད་པ་ཡིན།
འདྲེ་འདུལ་མིང་ཚིགམི་མ་ཡིན་པ་འདྲེ་དམ་ལ་འདོགས་པའམ། འདྲེ་མེད་པར་བཟོ་བ།
འཕགས་པ་འདུལ་བ་རྣམ་པར་གཏན་ལ་དབ་པ་ཉེ་བར་འཁོར་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་མིང་ཚིགརྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། པྲཛྙ་བརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བཀའ་འགྱུར་དཀོན་བརྩེགས་ཅ་པར་བཞུགས།
འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་མིང་ཚིགའཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད། བལ་པོའི་པཎ་ཌི་ཏ་དེ་ཝ་པུནྱ་མ་ཏི་དང་ལོཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར། བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།