Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ་མིང་ཚིགའཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ་མིང་ཚིགདངོས་གྲུབ་བརྙེས་པའི་ཛཱ་བ་རི་པས་ས་བ་རི་པ་ལ་མན་ངག་ཏུ་ཞུས། པཎྜི་ཏ་དེ་ཉིད་དང༌པཎྜི་ཏ་དེ་བ་པུནྱ་མ་ཏི་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད་མིང་ཚིགརྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། བཀའ་འགྱུར་རྒྱུད་འབུམ་ད་པར་བཞུགས།
འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མིང་ཚིགརྒྱ་གར་གྱི་མཁན་པོ་བུདྡྷ་ཨཱ་ཀ་ར་བརྨ་དང་། ལོཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བཀའ་འགྱུར་རྒྱུད་འབུམ་ཛ་པར་བཞུགས།
འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཀྱི་ཤ་ཟ་མོའི་ཆོ་ག་རྒྱས་པའི་ལེའུ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཛ་པར་བཞུགས།
འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་མིང་ཚིགདམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པའི་་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག བསྟན་འགྱུར་་རྒྱུད་མུ་པར་བཞུགས།
འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་མིང་ཚིགཔཎྜི་ཏ་ཨ་བྷ་ཡས་མཛད་པའི་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར། མཛད་བྱང་དུ་ཡན་ལག་དང་བཅས་པ་སེམས་ཅན་མཐའ་དག་བསྒྲལ་བྱར་བྱ་བའི་དོན་དུ་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛེས་པར་བསྡེབས་པ་རྫོགས་སོ། ། བསྟན་འགྱུར་རྒྱུད་བུ་པར་བཞུགས།
འབྲས་སྤུངས་འདུལ་བ་གྲྭ་ཚང་གི་བླ་རབས་སོ་གཉིས་མིང་ཚིག༡ དྲུང་བརྩོན་འགྲུས་གྲགས་པ། ༢ འདུལ་འཛིན་དགེ་ལེགས་དཔལ། ༣ སློབ་དཔོན་དཔལ་ལྡན་བློ་གྲོས། ༤ སློབ་དཔོན་གྲོ་པ་བ། ༥ སློབ་དཔོན་དཔལ་འབྱོར་པ། ༦འདུལ་འཛིན་རིན་ཆེན་གྲགས། ༧ དྲུང་འཕྱོང་རྒྱས་པ། ༨ སློབ་དཔོན་བདེ་ལེགས་པ། ༩ དཀའ་བཅུ་བ་བྱམས་པ་བློ་གྲོས། ༡༠ སློབ་དཔོན་ལྷ་དབང་རིན་ཆེན། ༡༡ ཀོང་པོ་ཆོས་འཕེལ་བློ་གྲོས། ༡༢ ཀོང་པོ་དབུ་མཛད་པ། ༡༣ དྲུང་ཨ་མདོ་བ་ཤེས་རབ་བཟང་པོ། ༡༤ སྐྱོར་མོ་ལུང་པ་ཨ་དོན་པ། ༡༥ གཉལ་པ་རྣལ་རྒྱལ། ༡༦ ཉང་པོ་བསྟན་པ་རྒྱ་མཚོ། ༡༧ ཚ་བ་ཚེ་དཔལ་བ། ༡༨ འཕྱོང་རྒྱས་པ་ལེགས་གྲུབ་རྒྱ་མཚོ། ༡༩ སྒྲོམ་མདའ་བ་བཀྲ་ཤིས་འོད་ཟེར། ༢༠ སྐྱོར་མོ་ལུང་པ་ཡོན་ཏན་ནོར་བུ། ༢༡ སློབ་དཔོན་བཟང་པོ། ༢༢ ཟུང་ཆུ་སློབ་དཔོན་དགེ་ལེགས་རྣམ་རྒྱལ། ༢༣ སྣང་རྩེ་རྟ་ཆེན་ཆོས་རྗེ། ༢༤ ཉང་བྲན་པ་ཚོགས་གཉིས་རྒྱ་མཚོ། ༢༥ ཨོ་རོད་ཆོས་རྗེ། ༢༦ ཕུན་ཚོགས་པ་ངག་དབང་ཆོས་འཕེལ། ༢༧ དགའ་གདོང་དམ་ཆོས་བཟང་པོ། ༢༨ པ་རི་བློ་གྲོས་རྣམ་རྒྱལ། ༢༩ དབོན་འདུར་ཆོས་རྗེ། ༣༠ ཐུ་མེད་བློ་བཟང་དགའ་ལྡན། ༣༡ ལྷ་ས་བ་བློ་བཟང་བསྟན་འཛིན། ༣༢ བྱ་བྲལ་དགེ་འདུན་གྲུབ།
ཀརྨ་པ་བདུད་འདུལ་རྡོ་རྗེ་མིང་ཚིགརབ་བྱུང་བཅུ་གཉིས་པའི་ཤིང་སྟག་ཕྱི་ལོ་ ༡༧༣༤ ལོར་བོད་ཡུལ་དབུས་ཀྱི་ལྷོ་ཕྱོགས་སྙེན་ལྕ་བ་གྲོང་དུ་འཁྲུངས། དགུང་ལོ་གཅིག་གི་སྟེང་ཀུན་བཟང་འཇིགས་བྲལ་སོགས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་བཟུང་། བཞི་པར་མཚུར་ཕུར་ཕེབས། རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་། མི་དབང་བསོད་ནམས་སྟོབས་རྒྱས། བཀའ་བརྒྱུད་ཡབ་སྲས་རྣམས་ཀྱིས་ཁྲིར་མངའ་གསོལ། སི་ཏུ་བསྟན་པའི་ཉིན་བྱེད་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། མདོ་རྒྱུད་གསར་རྙིང་གི་དབང་ལུང་ཁྲིད་གསུམ་ཟབ་རྒྱས་གསན། གསང་མཚན་ལ་དབང་ཆེན་རྡོ་རྗེ་ཞི་བ་རྩལ་ཞེས་གསོལ། སི་ཏུ་བསྟན་པའི་ཉིན་བྱེད་མཁན་པོ་དང་། དཔའ་བོ་གཙུག་ལག་དགའ་བ་ལས་བསྙེན་པར་རྫོགས། སོ་དགུ་པར་མདོ་སྨད་སྡེ་དགེའི་ཕྱོགས་སུ་བྱོན། རྒྱལ་བའི་དབང་པོས་དབུ་མའི་ལྟ་བ་དང་ཐུགས་དམ་ཉིན་མཚན་ཁོར་ཡུག་མངའ་བའི་རྟོགས་འབུལ་མཛད། དབུས་སུ་བྱོན་པའི་ལམ་གྱི་གདུལ་བྱ་ཐམས་ཅད་བསྡུ་བའི་དངོས་པོ་བཞིས་ཚིམས་པར་མཛད། རིམ་བཞིན་མཚུར་ཕུར་ཕེབས། དབུ་མ་དང་། ཕར་ཕྱིན། འདུལ་བ། མཛོད་བཅས་ལ་གསན་རྒྱ་ཆེ། ལྷ་སའི་ཇོ་བོར་གསེར་ཞོ་ལྔ་བརྒྱ་ལས་གྲུབ་པའི་ཏིང་བདུན་དང་། ལྷ་ཆེན་ལ་དངུལ་སྲང་ཉིས་བརྒྱ་ལྔ་བཅུ་ལས་བཟོས་པའི་ཏིང་བདུན། མཎྚལ་རྡིལ་ཚད་དྲུག་ཅུ་ལས་མཆོད་རྟེན་རྣམ་བརྒྱད་དང་། གསེར་ཞོ་ལྔ་བརྒྱ་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་སོགས་བཞེངས། རྒྱལ་ཚབ་ཏུ་སི་ཏུ་པདྨ་ཉིན་བྱེད་དབང་པོ་མངའ་གསོལ། མཆོག་སྤྲུལ་གང་བྱོན་གྱི་ཡུལ་དང་ཡབ་ཡུམ་སོགས་ལུང་དུ་བསྟན་པའི་ཕྱག་བྲིས་བཀའ་རྒྱས་བཏབ་པ་གནང་། རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༩༨ ལོར་སྐུ་གཤེགས། སློབ་མ་ནི་ཀརྨ་པའི་སྐུ་ཕྲེང་བཅུ་གསུམ་པ་ཡིན། སི་ཏུ་པདྨ་ཉིན་བྱེད་དབང་པོ་དང་། འབྲུག་ཆེན་ཀུན་རིག་འཛིན་རྡོ་རྗེ་དྲག་པོ། རས་ཆུང་སྤྲུལ་སྐུ་ཤེས་རབ་རྒྱ་མཚོ། མཁས་གྲུབ་འཇིགས་མེད་སེང་གེ་སོགས་མང་། མཚན་གཞན། དབང་ཆེན་རྡོ་རྗེ་ཞི་བ་རྩལ།
ཡང་འདུལ་གཙུག་ལག་ཁང་མིང་ཚིགབཙན་པོ་སྲོང་བཙན་གྱིས་བོད་ཡུལ་དབུས་སུ་ལྷ་ལྡན་གཙུག་ལག་ཁང་བཞེངས་སྐབས་བོད་ཀྱི་ས་དགྲ་བཅོས་པའི་ཆེད་དུ། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས་པའི་གྲས་ཀྱི་ཕྱི་མ་སྟེ། ཀོང་པོ་བུ་ཆུ་ལྷ་ཁང་བཞེངས། ལྷོ་བྲག་ཁོ་ཐིང་ལྷ་ཁང་བཞེངས། མང་ཡུལ་བྱམས་སྤྲིན་དགེ་རྒྱས་ལྷ་ཁང་བཞེངས། བྱང་པྲ་དུན་རྩེའི་ལྷ་ཁང་བཅས་བཞིའོ། །
ཡང་འདུལ་གྱི་ཡང་འདུལ་བཅོ་བརྒྱད་ལ་བཞེངས་པའི་ལྷ་ཁང་བཅུ་མིང་ཚིག༡ གླིང་ཆུང་སྐམ་ཆུང་ཀོ་ཆུ་གསུམ་ཤར་ཕྱོགས་ཉི་ཟླ་གཟའ་སྐར་ཟུར་གནོན་པའི་ཆེད་དུ་བཞེངས། ༢ བུམ་ཐང་ཀློང་རྩེ་གཉིས་མེ་ལྷ་དྲང་སྲོང་བསྒྲུབ་པའི་ཆེད་དུ་བཞེངས། ༣ དགེ་རེ་དགྱེར་ཆུ་ཧོར་ཆུ་གསུམ་གནོད་སྦྱིན་མོ་བསྟེན་པའི་ཆེད་དུ་བཞེངས། ༤ དེ་ཤང་ལྷ་ཁང་དང་ཧབ་ཤང་ལྷ་ཁང་ནི་བལ་བོད་ཀྱི་མཚམས་སུ་བཞེངས། ༥ གངས་བར་གྱི་ལྷ་ཁང་ནི་མཚོ་མ་ཕམ་ལུད་ནས་བོད་ལ་རྐྱེན་བྱུང་དོགས་པའི་ཆེད་དུ་བཞེངས། ༦ སྤྲ་དུན་རྩེའི་ལྷ་ཁང་ནི་གངས་ཏེ་རྩེ་མཐོང་ནས་རི་ཐམས་ཅད་ལ་དངོས་གཞི་མེད་དོགས་པའི་ཆེད་དུ་གངས་མི་མཐོང་བ་ལ་བཞེངས། ༧ ནུབ་རིའི་ལྷ་ཁང་ནི་སླད་ཀྱི་བྱམས་པ་འབྱོར་པའི་ཆེད་དུ་བཞེངས། ༨ ཁྱུང་ལུང་དངུལ་དཀར་གྱི་ལྷ་ཁང་ནི་གནམ་ས་གཉིས་ཟུར་གནོན་པའི་ཆེད་དུ་བཞེངས། ༩ མང་ཡུལ་གྱི་སེའི་ལྷ་ཁང་ནི་དབང་ཕྱུག་སྒྲུབ་པའི་དོན་དུ་བཞེངས། ༡༠ ལི་ཡུལ་གླང་དམར་པོའི་ལྷ་ཁང་ནི་ཤཱཀ་ཐུབ་པ་འདས་པའི་ཆེད་དུ་བཞེངས་པའོ། །
ཡང་འདུལ་གྱི་ལྷ་ཁང་བཞི་མིང་ཚིགཆོས་འབྱུང་བསྟན་པའི་རྒྱལ་མཚན་ལས་བྱུང་བ་ཁྲི་སྲོང་ལྡེའུ་བཙན་སྐབས་བཞེངས་པ་སྟེ། ཤར་ཕྱོགས་རྒྱ་འདུལ་བའི་སླད་དུ་རྡོ་རྗེའི་གཙུག་ལག་ཁང་བཞེངས། ལྷོ་ཕྱོགས་མོན་འདུལ་བའི་སླད་དུ་བུམ་ཐང་རྩི་ལུང་གི་གཙུག་ལག་ཁང་བཞེངས། ནུབ་ཕྱོགས་ཀླུ་མ་དྲོས་པའི་ཁ་གནོན་དུ་པྲ་དུན་རྩེ་དཔལ་རྒྱས་ཀྱི་གཙུག་ལག་ཁང་བཞེངས། བྱང་ཕྱོགས་ཀེ་ལེ་འདུལ་བའི་དོན་དུ་སྤྲོ་རྩི་ལྷ་ཁང་བཞེངས་པའོ། །
ཡང་འདུལ་གྱི་ལྷ་ཁང་བཞི་མིང་ཚིགམཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས་བྱུང་བ་སྟེ། ལག་མཐིལ་གཡོན་གནོན་པ་ལ་ཁམས་སུ་ཀློང་ཐང་སྒྲོལ་མའི་ལྷ་ཁང་། གཡས་པ་ལ་བྱང་མཚལ་བྱིར། དཔལ་ཆར་ཀླུ་གནོན། རྐང་མཐིལ་གཡས་པ་ལ་མང་ཡུལ་བྱམས་སྤྲིན་དུ་ཡིད་འོང་དགེ་རྒྱས། གཡོན་པ་ལ་མོན་སྐྱེར་ཆུར་བུམ་ཐང་གི་ལྷ་ཁང་བརྩེགས་པའོ། །
ཡང་འདུལ་བཞི་ལ་འཕྱོང་བཏགས་པ་བརྒྱད་མིང་ཚིགམཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས་བྱུང་བ་སྟེ། ཤར་སེང་གེ་དཀར་མོའི་དཔལ་སྟེང་དུ་རྡོ་རྗེ་འགྱུར་མེད་ཀྱི་ལྷ་ཁང༌། དེ་ལ་འཕྱོང་མྱང་དཀའ་ཆུའི་ལྷ་ཁང༌། ལྷོ་སྟག་སྐྱ་བོའི་མཆེ་སྟེང་དུ་བུམ་རྩེ་ལུང་གི་ལྷ་ཁང༌། དེའི་འཕྱོང་རྨ་ཤ་རྨའི་ལྷ་ཁང༌། ནུབ་བྱ་དམར་མོའི་མཆེ་སྟེང་དུ་མང་ཡུལ་བྱང་སྤྲིན། དེའི་འཕྱོང་དུ་མྱང་སྤྲིན་ལྷ་ཁང༌། བྱང་རུས་སྦལ་ནག་པོའི་སྟེང་དུ་སྤྲ་བདུན་རྩེ། དེའི་འཕྱོང་གཤེན་གསལ་ལྷ་ཁང་བཞེངས་པའོ། །
གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་ཆོས་དབང་ཆུའི་མཛེས་རྒྱན་བདུད་རྩིའི་བུམ་བཟང་མིང་ཚིགརིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། བྷ་དྲྭའི་མིང་གིས་མཛད་པའི་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཆོས་དབང་ཆུའི་མཛེས་རྒྱན་བདུད་རྩིའི་བུམ་བཟང་ཆོས་ཚན་ཞིག
ཡེ་ཤེས་མགོན་པོའི་དབང་ཆོག་གདུག་པ་ཀུན་འདུལ་མིང་ཚིགདམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། ནམ་མཁའི་རྒྱལ་པོའི་དབང་གཞུང་བདུད་རྩིའི་རྫིངས་ཀའི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་པུ་རི་དྭགས་རྫོངས་ནས་གདན་དྲངས་པའི་གཏེར་ཆོས་ཤིག
ཡེ་ཤེས་མགོན་པོའི་དབང་ཆོག་གདུག་པ་ཀུན་འདུལ་མིང་ཚིགཟབ་དོན་གསང་བའི་སྙིང་ཐིག་གི་སྡེ་ཚན། ཡེ་ཤེས་མགོན་པོའི་དབང་གི་ཆོ་ག་ཞིག་སྟེ། རིག་འཛིན་བདུད་འདུལ་རྡོ་རྗེས་པུ་རི་དག་རྫོང་གསང་ཕུག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
གཏོར་མའི་ཁ་སྐོང་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་རིག་འཛིན་བདུད་འདུལ་རྡོ་རྗེས་མཛད་པ་ཁྱད་པར་ཅན་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། གཏོར་མའི་ཁ་སྐོང་གི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་གཡུ་མཚོ་རྡོ་རྗེའི་གླིང་དུ་སྦྱར་བའི་གཏེར་ཆོས་ཤིག
རང་བཞིན་ཤུགས་ཀྱིས་འདུལ་བ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གདུལ་བྱ་འདུལ་ཚུལ་ཞིག་སྟེ། ལས་རྒྱུད་གཅོད་པའི་གདུལ་བྱ་གསུམ་ལས་འདོད་པ་ལ་ཞེན་པའི་གདུལ་བྱ་དེ་ཉིད་འཁོར་ལོ་རྒྱུན་གྱི་ཐེག་པས་རང་བཞིན་ཤུགས་ཀྱི་འདུལ་ཐབས་ཀྱིས་འདུལ་བར་བྱེད་པ་ཡིན།
རང་རྒྱུད་འདུལ་སྦྱོང་གདུལ་བའི་ཆོས་དྲུག་མིང་ཚིགལོག་བློ་མི་རྒོད་ཆོས་བློས་མི་འགྱུར་བ། །ཞེ་བཅད་བཟོད་དཀའ་སྡུག་བསྲན་ཐུབ་པ་དང༌། །འཁོར་བའི་ཉེས་མཐོང་སྐྲག་པས་ཡིད་འབྱུང་དང༌། །སྣོད་ངན་སྐྱོན་མེད་རང་རྒྱུད་དག་པ་དང༌། །ཐོས་བསམ་ཆེ་བས་ཆོས་མཆོག་བསྟན་པ་རྟོགས། །དབང་དང་དམ་ཚིག་ཟབ་མོའི་སྣོད་གྱུར་པ། །མཆོག་གླིང་རིན་ཆེན་སྣོད་ལས་དཀོན་པར་སྣང༌། །ཞེས་གསུངས།
རང་སེམས་མཆོག་ཏུ་འདུལ་བའི་ཆོས་དྲུག་མིང་ཚིགརང་གི་ང་རྒྱལ་རློམ་སེམས་རི་བོ་བསྒྱེལ། །གཞན་ལ་ཕྲག་དོག་ཡི་དམ་ལྷ་རུ་ཁུར། །གཞན་དོན་ཆགས་ཞེན་ཤེས་རབ་མཚོན་གྱིས་ཆོད། །རྒྱུ་འབྲས་ཁྱད་གསོད་དགེ་སྡིག་ཤན་ཐང་ཕྱེད། །སྐུར་འདེབས་སྒྲོ་སྐུར་བག་ཡོད་ཞི་དུལ་བསྟེན། །གཞན་སྐྱོན་སེམས་འཁྲུག་སྣང་བ་མ་དག་སོམས། །དེ་ལྟར་བྱས་ན་རང་རྒྱུད་ཆོས་དང་འདྲེས། །ཞེས་གསུངས།
རཏྣའི་རྟ་ནག་གི་ལས་མཐའ་རྒྱལ་འདུལ་ཤིན་ཏུ་ཟབ་པ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་མེ་སྤྲེལ་ཕྱི་ལོ་༡༨༩༦ ལོར་མཛད་པའི། ནད་སྔགས་སྐོར། དུས་ངན་ནད་རིགས་ཀུན་འཇོམས་སྔགས་འབུམ་རྡོ་རྗེ་མེ་འབར་ལས། སློབ་དཔོན་ཆེན་པོ་པདྨའི་མན་ངག་ཟབ་མོ་ཅི་རིགས་འདུས་པའི་དྲགས་སྔགས་ཤིག་གོ །
རབ་ཏུ་བྱུང་བས་འདུལ་བའི་གནས་ལ་ངེས་པར་སློབ་ཏུ་གཞུག་པར་བྱ་བ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ལྟུང་བ་སློབ་ཏུ་གཞུག་པ། ལྟུང་བ་མེད་པ་སློབ་ཏུ་གཞུག་པ། ལྕི་བ་སློབ་ཏུ་གཞུག་པ། ཡང་བ་སློབ་ཏུ་གཞུག་པ། སོ་སོར་ཐར་པའི་མདོ་འདོན་པ་སློབ་ཏུ་གཞུག་པའོ། །
རིག་འཛིན་གྲུབ་པའི་དབང་ཕྱུག་བདུད་འདུལ་རྡོ་རྗེའི་རྣམ་ཐར་གཏེར་འབྱུང་མདོར་བསྡུས་པ་མིང་ཚིགརིག་འཛིན་གྲུབ་པའི་དབང་ཕྱུག་བདུད་འདུལ་རྡོ་རྗེའི་རྣམ་ཐར་གཏེར་འབྱུང་མདོར་བསྡུས་དད་པའི་མཆོད་སྡོང་སྟེ། རིག་འཛིན་བདུད་འདུལ་རྡོ་རྗེས་མཛད་པའི་གཏེར་ཆོས་ཤིག
རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེའི་དག་སྣང་དུམ་དུམ་ཁྲིག་མིང་ཚིགདམ་ཆོས་སྐུལ་སྐུ་སྙིང་ཐིག་གི་སྡེ་ཚན། རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེའི་དག་སྣང་གི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་མཛད་པའི་གཏེར་ཆོས་ཤིག
རིག་འཛིན་བདུད་འདུལ་རྡོ་རྗེ་མིང་ཚིགཡུལ་སྡེ་དགེ་ཟིལ་རྒྱུད་དུ་དངུལ་ཕུ་བུ་རོ་ཚང་སར་རབ་བྱུང་བཅུ་པའི་ཤིང་ཡོས་ ༡༦༡༥ ལོར་སྐུ་འཁྲུངས། ལོར་སྐུ་བལྟམས། ཆུང་ནས་ཡིད་གཞུངས་ཤིང་དགེ་བའི་ངང་ཚུལ་དང་ལྡན་པས་ཆོས་མིན་གྱི་བྱ་བས་མ་གོས། ཡི་གེ་འབྲི་ཀློག་དང་གསོ་དཔྱད་སོགས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་དྲུག་པ་ནས་དག་པའི་སྣང་བ་ཤར། དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཞུགས་ནས་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་གསོལ། ཕ་བོང་ཞིག་ལ་ཞབས་རྗེས་བཞག་པ་འདུ་ཁང་ཆེན་མོའི་ཤར་སྒོའི་རྒྱབ་ཏུ་ཡོད་པར་གྲགས། དཔལ་ས་སྐྱ་བའི་གཞུང་ལམ་ལ་གསན་བསམ་ཅི་རིགས་གནང༌། དེ་ནས་སྙིང་པོའི་ཡེ་ཤེས་ཀྱི་དོན་འཚོལ་བ་ལ་སྐོམ་པ་ཆུ་འདོད་ལྟ་བུས་ཀཿཐོག་ཏུ་ཕེབས། འདྲེན་པ་དཀོན་མཆོག་སེངྒེ་རྨུགས་སངས་དགོན་དུ་བཞུགས་པས་དེར་བྱོན། རྫོགས་པ་ཆེན་པོའི་དབང་དང་གདམས་ཁྲིད་གསན་ནས་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཀློང་བརྡོལ། ཀང་པོར་ཕེབས་ནས་ཉང་པོ་བཀྲ་ཤིས་ཚེ་བརྟན་དང་མཇལ་ནས་སྨིན་གྲོལ་མང་དུ་གསན། བྲག་དཀར་ལྷ་ཆུར་བཅུད་ལེན་མང་པོར་མཛད། སླར་རིག་འཛིན་འཇའ་ཚོན་སྙིང་པོའི་ཞབས་ལ་གཏུགས་ནས་དབང་ཁྲིད་མན་ངག་རྫོགས་པར་ཞུས། གཏེར་གྱི་སྐལ་བ་ཅན་དུ་ལུང་བསྟན་གནང༌། སྤུ་བོར་རཏྣགླིང་པའི་ཕུར་པ་ཡང་གསང་བླ་མེད་སྒྲུབ་པ་མཛད་པའི་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་མ་རྣམས་ཀྱིས་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་ཉམས་ཤར། ཨོ་རྒྱན་ཆེན་པོས་དབུ་ཞྭ་ཌཱཀི་སྤྲིན་ཕུང་དངོས་སུ་གནང་ནས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། རྟེན་སྔགས་འཆང་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས། དམ་ཆོས་དགོངས་པ་ཡང་འདུས་སོགས་ཟབ་གཏེར་རྒྱ་མཚོ་ལྟ་བུ་སྤྱན་དྲངས། བླ་མ་བྱམས་པ་ཕུན་ཚོགས་ཀྱིས་གདན་དྲངས་ནས་སྡེ་དགེར་ཕེབས། བདུད་འདུལ་ལྷ་ཁང་ཞེས་གྲགས་པ་དེ་བཞེངས་ནས་རང་ལུགས་ཀྱི་བསྟན་སྲུང་རྣམས་རྒྱུན་དུ་མཆོད་པའི་མགོན་ཁང་བཞག ཀཿཐོག་ཏུ་ཕེབས་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང༌། གཞན་མདོ་ཁམས་སྟོད་སྨད་ཀུན་ཏུ་ཕེབས་ནས་བསྟན་འགྲོ་སྤྱིའི་ས་གནད་གསོ་བ་དང་ཆོས་གཏེར་འབྱིན་པ་སྨིན་གྲོལ་ལ་འཆད་སྤེལ་མཛད། ཆོས་བདག་དང་སློབ་མའི་གཙོ་བོ་རིག་འཛིན་ཀློང་གསལ་སྙིང་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། རྦ་ཁ་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། སྟག་བླ་ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། གྲུབ་ཆེན་པདྨ་ནོར་བུ་སོགས་རྡོ་རྗེ་འཛིན་པ་མང་པོ་བྱོན། ཁྱད་པར་རྒྱལ་སྲས་ནོར་བུ་ཡོངས་གྲགས་དང་ཁམས་སུ་ཕྱིས་པ་ཟོས་པདྨ་དབང་རྒྱལ་སོགས་གདུང་རྒྱུད་རིམ་བྱོན་དང༌། གཏེར་ཆེན་ཀློང་གསལ་སྙིང་པོ་སོགས་ཀྱིས་ཆོས་བརྒྱུད་ཀྱི་ཕྲིན་ལས་མི་ཉམས་པར་བསྐྱངས། དགུང་ལོ་ང་བརྒྱད་པ་ཆུ་བྱི་ཕྱི་ལོ་ ༡༦༧༢ ལོར་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །
རིག་འཛིན་བདུད་འདུལ་རྡོ་རྗེའི་སྐྱེ་བརྒྱུད་གསོལ་འདེབས་མིང་ཚིགརིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། གཏེར་ཆེན་རང་ཉིད་ཀྱི་སྐྱེ་བརྒྱུད་གསོལ་འདེབས་མུ་ཏིག་ཕྲེང་བ་ཐུགས་རྗེ་ཟབ་གསལ་མའི་ཆོས་ཚན་ཞིག
རིག་འཛིན་བདུད་འདུལ་རྡོ་རྗེས་གསུངས་པའི་གསོལ་འདེབས་དབྱིབས་ཀློང་བྱིན་རླབས་མྱུར་སྩོལ་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་གསུངས་པའི་གསོལ་འདེབས། རིག་འཛིན་བདུད་འདུལ་རྡོ་རྗེས་བགྱིས་པའི་གཏེར་ཆོས་ཤིག
རིག་སྔགས་ཀྱི་འདུལ་བ་རིམ་པར་ཕྱེ་བ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཝ་པར་བཞུགས།
རིག་སྔགས་ཀྱིས་འདུལ་བ་ཞེས་བྱ་བ་རྡོ་རྗེ་ཁྲོ་བོས་ཡོངས་སུ་ཞུས་པའི་ལེའུ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཚ་པར་བཞུགས།
རིགས་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེའི་ཕྱི་ནང་གསང་བའི་གསོལ་འདེབས་མིང་ཚིགགསང་འདུས་རྒྱུད་ལས། གཏེར་སྟོན་གྱིས་མཛད་པའི་རིགས་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེའི་ཕྱི་ནང་གསང་བའི་གསོལ་འདེབས་ཤིག
གདུལ་དཀའ་འདུལ་བའི་མཆོག་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་གཞན་སྟོང་པ། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཅིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་ཞུས་ལན་གྱི་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་སུམ་ཅུ་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་རླུང་སེམས་ཐུལ་བས་གདུལ་དཀའ་འདུལ་བའི་མཆོག་དང་ཞེས་གསུངས།
རྒོད་པ་འདུལ་བ་གསུམ་མིང་ཚིགགྲུབ་ཆེན་མར་པའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིག་ལས་བྱུང་བ་སྟེ། ༡ འབྱུང་བ་དང་ནད་གཞིའི་སྟོབས་ཀྱིས་རྒོད་པ། ༢ བར་གཅོད་བགེགས་ཀྱི་སྟོབས་ཀྱིས་རྒོད་པ། ༣ ཏིང་ངེ་འཛིན་རང་གི་ངོ་བོས་རྒོད་པའོ། །
རྒོལ་བ་དང་ལན་གློན་པའི་དགེ་སློང་དག་རྩོད་པ་ཞི་བར་འདོད་པས་གཟུ་བོ་འདུལ་བ་འཛིན་པ་བཙལ་བར་བྱ་བའི་ཆོས་བཅུ་དྲུག་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ ཚུལ་ཁྲིམས་དང་ལྡན་པ་དང་། ཐོག་མར་བསྙེན་པར་རྫོགས་པ། ༢ ངོ་ཚ་ཅན་དང་། འགྱོད་པ་ཅན། སྡོམ་པ་ཅན། ༣ བསླབ་པ་འདོད་པ་དང་། མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསགས་པ། ༤ འདུལ་བ་དང་། ལྷག་པའི་འདུལ་བ་ངེས་པར་ཤེས་པ། མདོ་སྡེ་དང་། ལུང་ཁ་ཏོན་དུ་ལོབས་པ། ༥ དེ་ལས་ཡང་དེའི་འོག་ཏུ་བརྟག་པར་བྱ་སྟེ། ཅི། ཚེ་དང་ལྡན་པ་འདི་ལ་གཟུ་བོའི་དངོས་པོ་ཡོད་དམ། ༦ ཅི། ཚེ་དང་ལྡན་པ་འདིས་སྔ་ནས་མ་འདྲེས་པའམ། ༧ ཅི། ཚེ་དང་ལྡན་པ་འདི་རྩོད་པ་སྔར་བྱུང་བ་ལ་མཁས་པའམ། ༨ ཅི། ཚེ་དང་ལྡན་པ་འདི་ལྷུང་བཟེད་ཀྱི་ཕྱིར་མ་ཡིན་ནམ། ༩ ཅི། ཚེ་དང་ལྡན་པ་འདི་ཆོས་གོས་ཀྱི་ཕྱིར་མ་ཡིན་ནམ། ༡༠ ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་མ་ཡིན་ནམ། ༡༡ འདོད་པའི་ཕྱིར་འགྲོ་བ་མ་ཡིན་ནམ། ༡༢ ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་མ་ཡིན་ནམ། ༡༣ ཅི། ཚེ་དང་ལྡན་པ་འདི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་གཟིར་བ་མ་ཡིན་ནམ། རྒྱལ་བའི་གསུང་ལས་འདའ་བར་བྱེད་པ་མ་ཡིན་ནམ། ༡༤ ཅི། ཚེ་དང་ལྡན་པ་འདི་རིགས་པ་མི་རིགས་པར་མི་བྱེད་དམ། རིགས་པ་གཅོད་པར་མི་བྱེད་དམ། ༡༥ ཅི། ཚེ་དང་ལྡན་པ་འདི་སྟོན་པས་བསྟན་པ་ཆོས་དང་འདུལ་བས་རབ་ཏུ་ཞི་བར་བྱེད་དམ། ༡༦ ཅི། ཚེ་དང་ལྡན་པ་འདི་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་བྱེད་དམ་བརྟག་པ་དང་བཅུ་དྲུག་གོ །
རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་འབར་མིང་ཚིགརབ་བྱུང་དང་པོའི་མེ་ཕག་ཕྱི་ལོ་ ༡༠༤༧ ལོར་མྱང་སྟོད་མང་ར་ལ་འཁྲུངས། ཆུང་དུས་ནས་ཡབ་ཡུམ་འདས་ཏེ་གནས་གཞི་བྱ་རོག་ཚང་བའི་བཙུན་པ་རྣམས་ཀྱི་སར་ཕྱིན། གཟུགས་བྱད་ངན་པས་བསྐྲད་དེ་དགའ་བ་གདོང་དུ་བྱོན། འདུལ་བ་མདོ་རྩ་བློར་བཟུང་། སོག་ཅན་དུ་འདུལ་བ་ལ་མཁས་པར་སྦྱངས། དབུས་གཙང་ཡུལ་དུ་འདུལ་བར་མཁས་པ་ཀུན་ལས་འདུལ་བ་དཔྱིས་ཕྱིན་པར་སྦྱངས། སྣེ་ཕོ་གྲགས་པ་རྒྱལ་མཚན་དང་། གླན་ཚུལ་ཁྲིམས་བྱང་ཆུབ། སྤོ་ཆུང་ཚུལ་ཁྲིམས་འབྱུང་གནས་གསུམ་ལས་འདུལ་བ་ལ་སོགས་པའི་ཆོས་སྐོར་མང་དུ་གསན། གཙོ་བོར་མྱང་མཚམས་རིན་ཆེན་བླ་མ་དང་། ཀོ་ཁྱིམ་པ་ཡེ་ཤེས་བླ་མ། སྐམ་གསལ་བའི་སྙིང་པོ་བཅས་ལ་བསྟེན། དགུང་ལོ་སོ་བཞིའི་བར་འདུལ་བ་གཙོས་ཆོས་སྐོར་རྣམས་ལ་མཐར་ཕྱིན་པ་སྦྱངས། དགུང་ལོ་བརྒྱད་ཅུའི་བར་བཞུགས་སའི་མཐིལ་དགའ་བ་གདོང་དུ་མཛད། ཆུ་མིག་ལུང་བཟུང་ནས་ཆོས་གཞི་མང་དུ་བསྐོར། འདུལ་བའི་བཤད་པ་རྒྱ་ཆེར་མཛད། གྱ་ལྔ་པ་རབ་བྱུང་གཉིས་པའི་ལྕགས་ཕག་ཕྱི་ལོ་ ༡༡༣༡ ལོར་ཤངས་སུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་འདར་འདུལ་འཛིན་དང་། མཐའ་བཞི་བརྩོན་འགྲུས་འབར། ཇོ་སྟན་ནག་པོ་དར་མ་ཚུལ་ཁྲིམས། རྨ་ཚོ་བྱང་ཆུབ་རྡོ་རྗེ་བཅས་ཡིན།
རྒྱ་འདྲེ་འགོང་པོའི་ལུང་བསྟན་དང་འདུལ་ཐབས་མིང་ཚིགརྙིང་མ། བླ་མ་དྲག་པོའི་སྐོར་ལས། རྒྱ་འདྲེ་འགོང་པོའི་ལུང་བསྟན་དང་འདུལ་ཐབས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཨོ་རྒྱན་ཆེན་པོས་ལུང་དུ་མར་བསྟན་པར་མཛད་དེ༔ མཚོ་རྒྱལ་བདག་གིས་ཕྱི་རབས་དོན་དུ་གཏེར་དུ་སྦས་སོ༔ མ་འོངས་ཐུགས་ཀྱི་སྲས་དང་ཕྲད་ནས་ཀྱང༔ སྙིགས་མའི་འགྲོ་ལ་ཕན་ཐོགས་རྒྱ་ཆེན་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་ལྔ་བཅུ་ཁ་རལ་གྱི་དུས་སུ་རྒྱ་འདྲེ་འགོང་པོས་སྤྱིར་རྒྱལ་ཁམས་ཐམས་ཅད་དང་ཁྱད་པར་ཆོས་བྱེད་ཐམས་ཅད་ཕུང་བར་བྱེད་པས། དེ་དག་འདུལ་བའི་ཐབས་བསྟན་ནོ། །
རྒྱུ་ལྔས་ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་བྱས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། མངོན་སུམ་དུ་མ་གྱུར་པ་བྱེད་པ། མ་གླེང་པ། དྲན་པར་མ་བྱས་པ། དངོས་པོ་མེད་པ། ཡི་དམ་མ་བཅས་པའོ། །
རྔོན་པའི་ས་འདུལ་མིང་ཚིགབོད་ཀྱི་ལྷ་མོའི་ཟློས་གར་འཁྲབ་པའི་སྔོན་འགྲོར་རྔོན་པས་འཁྲབ་ཡུལ་གྱི་ཉེས་སྐྱོན་སེལ་བའི་ས་འདུལ།
རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ་མིང་ཚིགབོན་གྱི་སྤྱོད་པའི་སྐོར་གྱི་གཞུང་ལུགས་ཤིག
རྣམ་དག་འདུལ་བའི་ཕྱག་རྒྱ་མིང་ཚིགསྔགས། ཡེ་གཤེན་རྒྱུད། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བདུན་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སེམས་ལ་བག་ཆགས་གཡོ་མི་སྲིད། །འགྲོ་འདུལ་དགོངས་ནས་རབ་ཏུ་བྱུང། །རྣམ་དག་འདུལ་བའི་ཕྱག་རྒྱ་ཡིན། །ཞེས་གསུངས་པས། དེའི་ཚིག་དོན་ནི། སྤྲུལ་པའི་སྐུ་ལ་བག་སྒྲིབ་ཀྱི་ཚོགས་ཐམས་ཅད་གཞི་རྩ་ནས་དག་པས། ཐུགས་ལ་བག་ཆགས་ཀྱི་དྲན་རྟོག་གཡོ་ལྡང་མི་སྲིད་པས་དེ་ལ་བག་ཟོན་བཅས་མི་དགོས་ཀྱང་འགྲོ་བ་འདུལ་བའི་ཐབས་སུ་དགོངས་ནས་ཐ་མལ་ལས་རབ་ཏུ་བྱུང་བའི་ཚུལ་སྟོན་པར་མཛད་པའི་དོན་ནོ། །
རྣམ་འབྱེད་དྲག་པོ་གསུམ་འདུལ་གྱི་སྔགས་མིང་ཚིགབཀའ་འགྱུར་རྒྱུད་ཨོྃ་པར་བཞུགས།
རྣལ་འབྱོར་ཆེན་པོའི་འདུལ་བ་དོན་ཡོད་པའི་མཆོག་བསྟན་པའི་ལེའུ་མིང་ཚིགདཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཆ་པར་བཞུགས།
གནོད་སྦྱིན་གདོང་སེར་གྱི་གདོན་འདུལ་བའི་ལེའུ་མིང་ཚིགཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཅེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
ལས་རྒྱུད་གཅོད་པས་འདུལ་བ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གདུལ་བྱ་འདུལ་ཚུལ་ཞིག་སྟེ། ལས་རྒྱུད་གཅོད་པའི་གདུལ་བྱ་གསུམ་ལས་གདུལ་དཀའ་དྲག་པོའི་གདུལ་བྱ་དེ་ཉིད་ཆོ་འཕྲུལ་མངོན་བྱུང་གི་ཐེག་པས་ལས་རྒྱུད་གཅོད་པའི་འདུལ་ཐབས་ཀྱིས་འདུལ་བར་བྱེད་པ་ཡིན་ནོ། །
ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཕྱི་རོལ་པ་དང་ཐུན་མོང་མ་ཡིན་པའི་ཆོས་བཞི་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། བདེན་པ་རབ་ཏུ་རྣམ་པར་འབྱེད་པ། རང་གི་ཚངས་པར་མཚུངས་པར་སྤྱོད་པ་དག་ལ་ཡང་དག་པར་དགའ་བར་བྱེད་པའི་ཆོས། ཕས་ཀྱི་རྒོལ་བ་དག་ལ་ཞེ་སྡང་མེད་པ། དག་པ་རྣམས་ལས་ཕྱིར་མི་ལྡོག་པའོ། །
ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལོག་པར་སྒྲུབ་པ་རྣམ་པ་དྲུག་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ཀུན་ཏུ་སྤྱོད་པའི་ཉེས་པ་ནི། དེ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པས་ཆགས་པ་དང༌། ཞེ་སྡང་གི་ཀུན་ནས་དཀྲིས་པས་སྡང་བ་ནི་ཀུན་ཏུ་སྤྱོད་པའི་ཉེས་པའོ། །བསམ་པའི་ཉེས་པ་ནི། འདོད་ཆགས་ཤས་ཆེ་བ་དང༌། ཞེ་སྡང་ཤས་ཆེ་བ་དེས་ངོ་ཚ་མེད་པ་དང༌། ངོ་ཚ་བ་མེད་པས་དང་དུ་ལེན་པར་བྱེད་པ་ནི་བསམ་པའི་ཉེས་པ་ཡིན་ཏེ། ཆགས་པ་བས་ནི་ཆགས་པའི་བསམ་པ་ཐ་ཆད་ཡིན་ནོ། །དེ་བཞིན་དུ་སྡང་བས་ནི་ཞེ་སྡང་གི་བསམ་པ་ཐ་ཆད་ཡིན་ནོ། །སྦྱོར་བའི་ཉེས་པ་ནི། བརྩོན་འགྲུས་མི་རྩོམ་པའམ། ཡང་ན་བརྩོན་འགྲུས་ལྷོད་པའོ། །ཤེས་པའི་ཉེས་པ་ནི། ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ལ་བརྗེད་བས་ཤིང་ཡིད་མི་གཞུངས་པར་གནས་ལ། བསྒོམས་པ་ལས་བྱུང་བ་ལ་ནི་མཉམ་པར་མ་གཞག་པའོ། །རྟོག་པའི་ཉེས་པ་ནི། ཁྱིམ་པ་དང་མཐུན་པའི་སྡིག་པ་མི་དགེ་བའི་རྟོག་པ་ཆོས་འདུལ་བ་འདི་ལས་སེམས་འཁྲུལ་པར་བྱེད་པ་ལ་མང་དུ་རྟོག་པའོ། །རྟེན་གྱི་ཉེས་པ་ནི། དེའི་རྟེན་སྔོན་གྱི་རྒྱུས་ཡང་དག་པར་གྲུབ་པ་མ་ཡིན་ཏེ། ཡང་དག་པར་གྲུབ་པ་མ་ཡིན་པ་དེའི་རྒྱུས་དད་པ་ཕལ་བ་ཆུང་ངུ་དང་ལྡན་ཞིང་ཚུལ་ཁྲིམས་རྣམས་ལ་གུས་པར་འདོད་པ་ཆུང་ངུ་དང༌། དྲན་པ་ཆུང་ངུ་དང༌། ལྷན་ཅིག་སྐྱེས་པའི་ཤེས་རབ་ཆུང་ངུ་ཕལ་པ་དང་ལྡན་པའོ། །
ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྟོན་པའི་ཡོན་ཏན་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཚུལ་འཁྲུག་པ་མེད་པར་ཀུན་ཏུ་སྤྱོད་པ། ཆོས་ཉིད་ལེགས་པར་བཅས་པ། བསླབ་པ་ལེགས་པར་བཅས་པ། ཆོས་ལེགས་པར་བཅས་པ། བསླབ་པ་ལེགས་པར་བཅས་པ་དག་ལ་ཐེ་ཚོམ་སྐྱེས་སོ་ཅོག་གཅོག་པ་ཉིད་དང་། ངེས་པར་འབྱིན་པ་ཉིད་འདོམས་པའོ། །
ལེགས་པར་གསུངས་པའི་ཆོས་འདུལ་བའི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ ནན་ཏན་དུ་སྒྲུབ་པ་ཕུན་སུམ་ཚོགས་པ་ནི། སྤོང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པའི་ཁམས་རྣམས་ཐོབ་པར་བྱ་བ་དང༌། རེག་པར་བྱ་བའི་ཕྱིར་ཆོས་ཉན་ཞིང་གཞན་དག་ལ་ཡང་སྟོན་པར་བྱེད་ལ་བདག་ཉིད་ཀྱང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་པ་ལ་ཞུགས་པ་ཡིན་ཏེ། འདི་ནི་ནན་ཏན་དུ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ནོ། ། ༢ འབྲས་བུ་ཕུན་སུམ་ཚོགས་པ་ནི། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། སེམས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་ཏེ། ཚེ་དེ་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པ་འདི་ནི་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་ནོ། ། ༣ སྟོན་པ་ཕུན་སུམ་ཚོགས་པ་ནི། ཚངས་པར་སྤྱོད་པ་དང་ཆོས་ཐམས་ཅད་ཀྱི་རྩ་བ་བཅོམ་ལྡན་འདས་ཡིན་ལ། དེའི་ཚུལ་འཇུག་པར་མཛད་ཅིང་དེའི་རྗེས་སུ་འབྲང་བར་མཛད་དེ། དེ་བཞིན་གཤེགས་པ་བྱུང་ན་བསྟན་པ་དེ་དག་ཡོད་པར་འགྱུར་རོ། །དེ་བས་ན་དེ་དག་གི་རྩ་བ་ནི་བཅོམ་ལྡན་འདས་ཡིན་ནོ། །
ལེགས་པར་གསུངས་པའི་ཆོས་འདུལ་བའི་ཕུན་སུམ་ཚོགས་པ་རྣམ་པ་དྲུག་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ སློབ་དཔོན་ཕུན་སུམ་ཚོགས་པ་ནི། དེ་བཞིན་གཤེགས་པ་སྟོབས་བཅུ་དང་ལྡན་པ་མི་འཇིགས་པ་བཞིས་འཇིགས་པ་མེད་པ་སྟེ། འདི་ནི་སློབ་དཔོན་ཕུན་སུམ་ཚོགས་པའོ། ། ༢ བསྟན་པ་ཕུན་སུམ་ཚོགས་པ་ནི། དེ་ཡང་ཁྱུ་མཆོག་གི་གནས་རྒྱ་ཆེན་པོ་ལ་དམ་འཆའ་བ་དང༌། ཚངས་པའི་འཁོར་ལོ་བསྐོར་བ་དང༌། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང༌། ལུགས་སུ་འབྱུང་བ་མ་ཡིན་པ་དང༌། འགོག་པ་དང་མྱ་ངན་ལས་འདས་པ་སྟོན་པར་མཛད་པ་འདི་ནི་བསྟན་པ་ཕུན་སུམ་ཚོགས་པའོ། ། ༣ བསྟན་པ་ལ་བདེ་བླག་ཏུ་འཇུག་པ་ནི། བསྟན་པ་དེ་ཡང་རང་བཞིན་གྱིས་ཚིག་དང་ཡི་གེ་གསལ་ཞིང་དོན་ཟབ་ལ་བསྟན་པ་ཚིག་དང་ཡི་གེ་གསལ་ཞིང་དོན་ཟབ་པ་དེའི་དོན་ཟབ་མོ་འགྲེལ་པ་འདི་ནི་བདེ་བླག་ཏུ་འཇུག་པའོ། ། ༤ རང་གི་དོན་ཐོབ་པ་བླ་ན་མེད་པ་ནི། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པར་བྱ་བ་ལ་ནི་དེ་བཞིན་གཤེགས་པ་ལས་གུད་ན་དགེ་སྦྱོང་ངམ་བྲམ་ཟེ་ཆེས་ལྷག་པར་མངོན་པར་ཤེས་པ་མེད་དོ། །དེ་བས་ན་གཞན་དག་གི་རང་གི་དོན་འཐོབ་པའི་སྒོ་ནས་ཐོབ་པར་བྱ་ཞིང་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་དོན་ལ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ལས་གུད་ན་ཆེས་ཤིན་ཏུ་གྱ་ནོམ་པ་དང༌། འདས་པའི་བསྟན་པའི་གནས་ཀྱི་ལ་ཆད་པ་འདི་ནི་རང་གི་དོན་ཐོབ་པ་བླ་ན་མེད་པའོ། ། ༥ ཐམས་ཅད་ལ་རིགས་པ་དང་། བླ་ན་མེད་པར་སྟོན་པ་ནི། དེའི་ལྷ་དང་མི་རྣམས་མན་ཆད་ལ་སྟོན་ཅིང་ཕྱིན་ཅི་མ་ལོག་པར་སྟོན་ཏེ། ཆོས་རྣམས་ལ་སློབ་དཔོན་གྱིས་དཔེ་མཁྱུད་མ་མཛད་པར་ཐམས་ཅད་ལ་སྟོན་པ་གང་ཡིན་པ་དེ་ནི་ཐམས་ཅད་ལ་རིག་པ་དང༌། བླ་ན་མེད་པར་སྟོན་པའོ། ། ༦ གསུང་རབ་མངའ་བདག་ཡོད་པ་ནི། ཐེ་ཚོམ་ཐམས་ཅད་གཅོད་པ་དགེ་བ་ཐམས་ཅད་ཀྱི་རྩ་བ་གྱུར་པའི་དད་པ་རྒྱ་ཆེན་པོ་མངོན་སུམ་དུ་དམིགས་པའི་གཞི་དང༌། གནས་སུ་གྱུར་པའི་སྟོན་པ་མངོན་སུམ་དུ་ཞུགས་པ་གང་ཡིན་པ་འདི་ནི་གསུང་རབ་མངའ་བདག་ཡོད་པ་ཞེས་བྱ་བའོ། །
ལེགས་འདུལ་མིང་ཚིགསྤྲིན་པ་སྟེ། འདིས་ཆར་བ་ཕབ་ནས་ཐན་པ་ལེགས་པར་འདུལ་བས་ནའོ། །