Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
ལོག་འདྲེན་འདུལ་བའི་ཕྱག་ཆར་བསྙེན་པ་མིང་ཚིགསྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་ཡི་དམ་ལྷ་ཡི་ཐུགས་རྗེ་དང་སྒྲུབ་པའི་གཤེན་པོའི་ཏིང་འཛིན་གྱི་དམིགས་པ་ལས་སོགས་ཀྱི་ནུས་མཐུ་ལས། བསྟན་འགྲོ་ལ་འཚེ་བའི་ལོག་འདྲེན་སྡེ་ཚོགས་གང་ཡིན་བཀུགས་ཤིང་འབྲུབ་ཁུང་དུ་བཅུག་པ་ལ། དེ་ཉིད་དུས་དྲུག་དག་ཏུ་གཞོམ་ཞིང་འདུལ་བའི་ཕྱག་ཆ་ཐུན་རྫས་རྣམས་ལ་སྤྱོད་ཅིང་བསྣམས་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དུག་ཁྲག་མཚེ་ཉུངས་མཐོང་བྱེད་མྱོང་། །ལོག་འདྲེན་འདུལ་བའི་རྫས་སུ་བསྙེན། །ཞེས་པས། ཕྱག་ཆ་ཐུན་རྫས་དེ་ལ་ཡང་དུག་དང་ཁྲག་མཚེ་ཉུངས་ལ་སོགས་ལ་སྤྱོད་ཅིང་། འབྲུབ་ཁུང་གི་གནོད་བྱེད་ལ་བྲབ་སྟེ་དེ་ཉིད་མྱོས་པ་དང་རེངས་པར་བྱེད་པའི་ཕྲིན་ལས་མཛད་པར་བསྟན་ཏོ། །དེ་ལ་ཡང་གསང་བའི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
ལྷ་རྒྱལ་འདུལ་མིང་ཚིགབྱ་ཁྱུང༌སྟེ། བྱ་ཁྱུང་ཁྱབ་འཇུག་གིས་བཏུལ་ནས་བཞོོན་པས་ནའོ། །
ཤིན་ཏུ་འདུལ་བར་གྱུར་པ་གནས་མིང་ཚིགབཀའ་འགྱུར་རྙིང་རྒྱུད་ཁ་པར་བཞུགས།
ཤེས་གསལ་འདུལ་མིང་ཚིགཁྱབ་འཇུག་སྟེ། ལྷ་མ་ཡིན་ཤེས་གསལ་བཏུལ་བས་ནའོ། །
གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་ཀྱི་དུམ་བུ་བཞི་མིང་ཚིགསོ་སོར་ཐར་པའི་མདོའི་གཞུང་འགྲེལ་ལས་བྱུང་བ་སྟེ། འདུལ་བ་རྣམ་པར་འབྱེད་པ། འདུལ་བ་གཞི། འདུལ་བ་གཞུང་དམ་པ། འདུལ་བ་ཕྲན་ཚེགས་སོ། །
ས་གཡེན་འདུལ་བའི་བོན་པོ་བཅུ་གཅིག་མིང་ཚིགབོན། གཤེན་པོ་སུམ་ཅུ་རྩ་གསུམ་གྱི་ནང་གསེས་ས་གཡེན་འདུལ་བའི་བོན་པོ་བཅུ་གཅིག་ནི། ཀླུ་བོན་དབྱར་བསྙན་གྱིམ་བུ། གཉན་བོན་ཐང་ཐང་ཁྲོལ་བ། རྒྱལ་བོན་བོང་སོ། སྨན་བོན་འབྲིང་དང་སྣར་བ། ཟེར་བོན་ལ་ཚ་ཁུག་པ། སྲིན་བོན་ཡ་ངལ། འདྲེའི་བོན་པོ་གླུད་བོན་གྱེར་མཁས། སྲིའི་བོན་པོ་གཏོ་བོན་བྱོན་ཁྲི། བྱུར་གྱི་བོན་པོ་སྣ་བོན་ལི་བྱོན། གཤིན་རྗེའི་བོན་པོ་སྨྲིགས་པ། ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་དང་བཅུ་གཅིག་སྟེ་ས་གཡེན་འདུལ་བའི་བོན་པོ་བཅུ་གཅིག་གོ །
ས་བླ་འདུལ་བའི་ལེའུ་མིང་ཚིགའཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ད་པར་བཞུགས།
ས་འདུལ་མིང་ཚིགགཙུག་ལག་ཁང་དང་ཁང་ཆེན་སོགས་བཞེངས་པའི་སྔོན་དུ་ས་གཞི་འདུལ་སྦྱོང་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་ཅིག
ས་འོག་ཏུ་འདུལ་བའི་ལེའུ་མིང་ཚིགའཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ད་པར་བཞུགས།
ས་སྟེང་འདུལ་བའི་ལེའུ་མིང་ཚིགའཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ད་པར་བཞུགས།
སེམས་དང་སེམས་ཉིད་འདུལ་བའི་ཐབས་མིང་ཚིགསློབ་དཔོན་ཤཱནྟ་དེ་བ་ནས་བརྒྱུད་པ་སློབ་དཔོན་མེ་ཀོ་ལས་མཛད་པའི་སེམས་དང་སེམས་ཉིད་འདུལ་པའི་ཐབས། བསྟན་འགྱུར་རྒྱུད་ཟི་པར་བཞུགས།
སོ་སོར་ཐར་པའི་མདོའི་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་མིང་ཚིགསོ་སོར་ཐར་པའི་མདོའི་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། འདུལ་བ་ཕུ་པར་བཞུགས།
སོ་སོར་ཐར་པའི་མདོའི་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་མིང་ཚིགཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། སརྦ་ཛྙཱ་དེ་བ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ། ཟུར་མཆན། འདིའི་མཛད་པ་པོ་གཞུང་དངོས་ལ་མི་གསལ་ཡང་། བུ་སྟོན་དང་། པེ་ཅིང་། སྣར་ཐང། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་སློབ་དཔོན་དྲི་མེད་བཤེས་གཉེན་ཞེས་འཁོད། ཡང་སྡེ་དཀར་དུ་འདི་ལ་བམ་པོ་བདུན་བཅུར་བྱས་སོ་”ཞེས་འཁོད་ཀྱང་གཞུང་དངོས་ལ་བམ་པོ་ལྔ་བཅུ་ལས་མི་བཞུགས། བསྟན་འགྱུར་འདུལ་བ་བུ་པར་བཞུགས།
ཀླུ་གདུག་མདངས་འཕྲོག་གི་གདོན་འདུལ་བའི་ལེའུ་མིང་ཚིགཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཅེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
གཟའ་ལྡུམ་ལྷོག་འདུལ་མིང་ཚིགཟིན་ཏིག་སྟེ། གཟའ་ནད་འཇོམས་ཤིང་གཉན་ལྷོག་འདུལ་བའི་ཕྱིར།
སྐྱེས་བུ་འདུལ་བ་མིང་ཚིགསངས་རྒྱས་ཀྱི་མཚན་ཏེ། སེམས་ཅན་རྣམས་ཀྱི་རྒྱུད་མ་རུངས་པ་འདུལ་བར་མཛད་པས་ནའོ། །
སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་མིང་ཚིགསངས་རྒྱས་ཀྱི་མཚན་བཅུའི་གྲས་ཤིག སོར་མོའི་ཕྲེང་བ་ལ་སོགས་པ་ཞེ་སྡང་ཆེ་བ་དང། དགའ་བོ་ལ་སོགས་པ་འདོད་ཆགས་ཆེ་བ་དང། ལྟེང་རྒྱས་འོད་སྲུངས་ལ་སོགས་པ་གཏི་མུག་ཆེ་བའི་འདུལ་བའི་སེམས་ཅན་རྟ་རྒོད་དང་འདྲ་བ་འདུལ་དཀའ་བ་རྣམས་འཇམ་པོས་འདུལ་བ་ཡང་འཇམ་པོས་བཏུལ། དྲག་པོས་འདུལ་བ་ཡང་དྲག་པོས་བཏུལ། གཉི་གས་འདུལ་བ་ཡང་གཉི་གས་བཏུལ་ཏེ། ཐབས་བཟང་ཞིང་སླ་བས་ཐབས་བཞིན་དུ་བཏུལ་ནས་དོན་སྒྲུབ་པའི་མཆོག་མྱ་ངན་ལས་འདས་པ་ལ་གནས་པར་ཁ་ལོ་སྒྱུར་ཞིང་འཇོག་པས་ན། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །
གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ མངོན་སུམ་དུ་གྱུར་པ་ལ་ལས་བྱ་བ། ༢ མངོན་སུམ་དུ་མ་གྱུར་ཀྱང་ལས་བྱ་བ། ༣ སྐབས་ཕྱེ་ནས་ལས་བྱ་བ། ༤ སྐབས་མ་ཕྱེ་ཡང་ལས་བྱ་བ། ༥ གླེང་ལ་ལས་བྱ་བ། ༦ མ་གླེང་ཡང་ལས་བྱ་བ། ༧ དྲན་པར་བྱས་ལ་ལས་བྱ་བ། ༨ དྲན་པར་མ་བྱས་ཀྱང་ལས་བྱ་བ། ༩ དྲིས་ལ་ལས་བྱ་བ། ༡༠ མ་དྲིས་ཀྱང་ལས་བྱ་བ། ༡༡ རྗེས་སུ་སྦྱར་ལ་ལས་བྱ་བ། ༡༢ རྗེས་སུ་མ་སྦྱར་ཀྱང་ལས་བྱ་བ། ༡༣ སོ་སོར་ཤེས་པ་ལ་ལས་བྱ་བ། ༡༤ སོ་སོར་མ་ཤེས་ཀྱང་ལས་བྱ་བ། ༡༥ གཏན་ལ་ཕབ་ལ་ལས་བྱ་བ། ༡༦ གཏན་ལ་མ་ཕབ་ཀྱང་ལས་བྱ་བ་བཅས་སོ། །
གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་ཆད་པས་གཅད་པའི་ལས་ཀྱིས་སྨ་དབབ་པར་བྱ་བ་བཅུ་དྲུག་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ ཚངས་པའི་ཆད་པས་བསྡིགས་པར་བྱ་བ། ༢ དད་པར་མི་འགྱུར་བར་ཚོར་བའི་ལས་བྱེད་དུ་གཞུག་པ། ༣ ལོངས་སྤྱོད་མི་མྱོང་བའི་ལས་བྱེད་དུ་གཞུག་པ། ༤ མིག་ལམ་ན་མི་མྱོང་བའི་ལས་བྱེད་དུ་གཞུག་པ། ༥ དེའི་ངོ་བོ་ཚོལ་དུ་གཞུག་པ། ༦ གནོད་པར་བྱ་བ། ༧ སྨད་པར་བྱ་བ། ༨ སྤང་བར་བྱ་བ། ༩ ཕྱོགས་མེད་པར་བྱ་བ། ༡༠ སྤ་བཀོང་བར་བྱ་བ། ༡༡ ཞུམ་པར་བྱ་བ། ༡༢ འགྱོད་པ་བསྐྱེད་པར་བྱ་བ། ༡༣ རྣམ་པར་འགྱོད་པ། ༡༤ རྣམ་པར་སླར་འགྱོད་པ། ༡༥ དམ་དེམ་དུ་གཞག་པ། ༡༦ གནད་དུ་དབབ་པ་དང༌། ཉེས་སོ་ཞེས་བརྗོད་པ་བཅས་སོ། །
གཟུ་བོ་འདུལ་བ་འཛིན་པས་ཆད་པའི་ལས་ཀྱིས་གཅོད་ནུས་པ་བཅུ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཚངས་པའི་ཆད་པ་ཤེས། མི་དགའ་བར་འགྱུར་བའི་ལས་ཤེས། མི་སྤྱོད་པར་འགྱུར་བའི་ལས་ཤེས། མ་རུང་བར་བྱས་པའི་ལས་ཤེས། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པའི་ལས་ཤེས། བཟློག་པའི་ལས་ཤེས། སྤང་བའི་ལས་ཤེས། རྣམ་པར་དག་པའི་ལས་ཤེས། བྱིན་གྱིས་བརླབ་པའི་ལས་ཤེས། རྒོལ་བའི་ལས་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་ཆད་པའི་ལས་ཀྱིས་སྨ་དབབ་པར་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། འདོད་པས་མི་འགྲོ་བ། ཞེ་སྡང་གིས་མི་འགྲོ་བ། གཏི་མུག་གིས་མི་འགྲོ་བ། འཇིགས་པས་མི་འགྲོ་བ། ཆད་པའི་ལས་བྱས་པ་དང་མ་བྱས་པ་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་ཆད་པའི་ལས་ཀྱིས་སྨ་དབབ་པར་ནུས་པར་འགྱུར་བ་ལྔ་མིང་ཚིགབསྡིགས་པ། སྨད་པ། བསྐྲད་པ། སླར་བསྡུམ་པ། སྤང་བའོ། །
གཟུ་བོ་འདུལ་བ་འཛིན་པས་ཆད་པའི་ལས་ཀྱིས་སྨ་དབབ་པར་མི་ནུས་པར་འགྱུར་བ་ལྔ་མིང་ཚིགབསྡིགས་པ། སྨད་པ། བསྐྲད་པ། སླར་བསྡུམ་པ། སྤང་བའོ། །
གཟུ་བོ་འདུལ་བ་འཛིན་པས་ཆད་པའི་ལས་ཀྱིས་སྨ་དབབ་པར་མི་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། འདོད་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ། ཆད་པའི་ལས་བྱས་པ་དང་མ་བྱས་པ་མི་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་ཉེས་པ་བརྗོད་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཉེས་པ་ཤེས་པ། ཉེས་པ་མེད་པ་ཤེས་པ། ལྕི་བ་ཤེས་པ། ཡང་བ་ཤེས་པ། ལུང་ཁ་ཏོན་དུ་ཤེས་པར་འགྱུར་བའོ། །
གཟུ་བོ་འདུལ་བ་འཛིན་པས་ཉེས་པ་བརྗོད་པ་གནས་བཅུ་དྲུག་མིང་ཚིགའཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་སོ་སོར་ཐར་པའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ། ༡ ལྕི་བའི་ཉེས་པ་བརྗོད་པར་བྱ་བ། ༢ ཡང་བའི་ཉེས་པ་བརྗོད་པར་བྱ་བ། ༣ ལྷག་མ་ལུས་པའི་ཉེས་པ་བརྗོད་པར་བྱ་བ། ༤ ལྷག་མ་མ་ལུས་པའི་ཉེས་པ་བརྗོད་པར་བྱ་བ། ༥ གནས་ངན་ལེན་གྱི་ཉེས་པ་བརྗོད་པར་བྱ་བ། ༦ ལུས་ཀྱི་ཉེས་པ་བརྗོད་པར་བྱ་བ། ༧ ངག་གི་ཉེས་པ་བརྗོད་པར་བྱ་བ། ༨ དགེ་བ་བརྗོད་པར་བྱ་བ། ༩ མི་དགེ་བའི་ཉེས་པ་བརྗོད་པར་བྱ་བ། ༡༠ ལུང་དུ་མི་སྟོན་པ་བརྗོད་པར་བྱ་བ། ༡༡ བཅས་པ་བརྗོད་པར་བྱ་བ། ༡༢ མ་བཅས་པའི་ཉེས་པ་བརྗོད་པར་བྱ་བ། ༡༣ བཤགས་པར་བྱ་བ་བརྗོད་པར་བྱ་བ། ༡༤ བསྡམ་པར་བྱ་བ་བརྗོད་པར་བྱ་བ། ༡༥ ངན་དུ་སྨྲས་པའི་ཉེས་པ་བརྗོད་པར་བྱ་བ། ༡༦ འདུལ་བའི་ལས་འདས་པར་གྱུར་པའི་རྣམ་པ་བརྗོད་པར་བྱ་བ་བཅས་སོ། །
གཟུ་བོ་འདུལ་བ་འཛིན་པས་ཉེས་པ་བརྗོད་མི་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཉེས་པ་མི་ཤེས་པ། ཉེས་པ་མེད་པ་མི་ཤེས་པ། ལྕི་བ་མི་ཤེས་པ། ཡང་བ་མི་ཤེས་པ། ལུང་ཁ་ཏོན་དུ་མི་ཤེས་པར་འགྱུར་བའོ། །
གཟུ་བོ་འདུལ་བ་འཛིན་པས་ཉེས་པ་འབྱིན་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། བྱུང་བ་ཤེས་པ། བཅས་པ་ཤེས་པ། རྗེས་སུ་བཅས་པ་ཤེས་པ། མ་གནང་བ་ཤེས་པ། རྗེས་སུ་མ་གནང་བ་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་ཉེས་པ་འབྱིན་མི་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། བྱུང་བ་མི་ཤེས་པ། བཅས་པ་མི་ཤེས་པ། རྗེས་སུ་བཅས་པ་མི་ཤེས་པ། མ་གནང་བ་ཤེས་པ། རྗེས་སུ་མ་གནང་བ་མི་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་ཉེས་པ་སྟོན་པར་ནུས་པ་བཅུ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཉེས་པ་ལྕི་བ་ཤེས། ཡང་བ་ཤེས། ལྷག་མ་དང་བཅས་པ་ཤེས། ལྷག་མ་མེད་པ་ཤེས། གནས་ངན་ལེན་ཤེས། གནས་ངན་ལེན་མ་ཡིན་པ་ཤེས། བཅས་པ་ཤེས། མ་བཅས་པ་ཤེས། བཤགས་པ་ཤེས། བསྡམ་བར་བྱ་བ་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་མདོ་སྡེ་བརྗོད་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། དགེ་སློང་གི་འདུལ་བ་ཤེས་པ། དགེ་སློང་མའི་འདུལ་བ་ཤེས་པ། ཉེས་པ་ཤེས་པ། རྩོད་པ་འདུལ་བ་ཤེས་པ། ཉོན་མོངས་པ་འདུལ་བ་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་མདོ་སྡེ་བརྗོད་མི་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། དགེ་སློང་གི་འདུལ་བ་མི་ཤེས་པ། དགེ་སློང་མའི་འདུལ་བ་མི་ཤེས་པ། ཉེས་པ་མི་ཤེས་པ། རྩོད་པ་འདུལ་བ་མི་ཤེས་པ། ཉོན་མོངས་པ་འདུལ་བ་མི་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་མདོ་སྡེའི་ཡོན་ཏན་མི་ཤེས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། མདོ་སྡེ་ལ་མི་མཁས་པ། འདུལ་བ་ལ་མི་མཁས་པ། མ་ལྟ་བུ་ལ་མི་མཁས་པ། རྣམ་པར་འབྱེད་པ་ལ་མི་མཁས་པ། ལུང་ཁ་ཏོན་མ་བྱས་པའོ། །
གཟུ་བོ་འདུལ་བ་འཛིན་པས་མདོ་སྡེའི་ཡོན་ཏན་ཤེས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། མདོ་སྡེ་ལ་མཁས་པ། འདུལ་བ་ལ་མཁས་པ། མ་ལྟ་བུ་ལ་མཁས་པ། རྣམ་པར་འབྱེད་པ་ལ་མཁས་པ། ལུང་ཁ་ཏོན་ལོབས་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྒོལ་ཞིང་ལན་གློན་པའི་དགེ་སློང་བརྟགས་ལ་རྗེས་སུ་རིགས་པས་གཞག་པར་བྱ་བ་བཅུ་དྲུག་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ རྒོལ་བའི་དགེ་སློང་དེ་རིགས་པར་བྱ། ༢ རྒོལ་བའི་དགེ་སློང་དེ་བརྟག་པར་བྱ། ༣ ལན་གློན་པའི་དགེ་སློང་དེ་རིགས་པར་བྱ། ༤ ལན་གློན་པའི་དགེ་སློང་དེ་བརྟག་པར་བྱ། ༥ རྒོལ་བའི་དགེ་སློང་ལ་བཟོད་པ་གསོལ་བར་བྱ། ༦ ལན་གློན་པའི་དགེ་སློང་ལ་བཟོད་པ་གསོལ་བར་བྱ། ༧ རྒོལ་བའི་དགེ་སློང་དེ་གཏོང་དུ་གཞུག ༨ ལན་གློན་པའི་དགེ་སློང་དེ་གཏོང་དུ་གཞུག ༩ རྒོལ་བའི་དགེ་སློང་དེ་དྲི་བར་བྱ། ༡༠ ལན་གློན་པའི་དགེ་སློང་དེ་དྲི་བར་བྱ། ༡༡ རྒོལ་བའི་དགེ་སློང་དེ་བྱེད་དུ་གཞུག ༡༢ ལན་གློན་པའི་དགེ་སློང་དེ་བྱེད་དུ་གཞུག ༡༣ རྒོལ་བའི་དགེ་སློང་དེ་ཚུགས་པར་བྱེད་དུ་གཞུག ༡༤ ལན་གློན་པའི་དགེ་སློང་དེ་ཚུགས་པར་བྱེད་དུ་གཞུག ༡༥ རྒོལ་བའི་དགེ་སློང་དེ་ཡི་དམ་འཆར་གཞུག ༡༦ ལན་གློན་པའི་དགེ་སློང་དེ་ཡི་དམ་འཆར་གཞུག མདོ་སྡེ་བརྗོད་པར་བྱ། མདོ་སྡེ་བརྗོད་ནས་ཇི་ལྟར་ཆོས་བཞིན། འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟར་རྩོད་པ་ཞི་བར་བྱ་བ་བཅས་སོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་གཟུང་བར་བྱ་བ་བཅུ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ ཅི། བདག་རྩོད་པ་དེ་ཐོག་མ་བྱུང་བ་མཁས་སམ། ༢ ཅི། བདག་རྩོད་པ་དེ་ཐོག་མ་བྱུང་བའི་ནང་དུ་མ་གཏོགས་སམ། ༣ ཅི། བདག་ལ་གཟུ་བོའི་དངོས་པོ་ཡོད་དམ། ༤ རྒོལ་བ་དང་། ལན་གློན་པའི་དགེ་སློང་དེ་དག་བདག་གི་ཚིག་ཉན་ཏམ། ༥ བདག་གིས་རྒོལ་བ་དང་། ལན་གློན་པའི་དགེ་སློང་དེ་དག་ལ་ཆོས་བཞིན་བསྒོ་བར་ནུས་སམ། ༦ བདག་གིས་རྒོལ་བ་དང་། ལན་གློན་པའི་དགེ་སློང་དེ་དག་གི་ལྟུང་བ་རྣམ་པར་སྦྱོང་ནུས་སམ། ༧ བདག་གིས་རྒོལ་བ་དང་། ལན་གློན་པའི་དགེ་སློང་དེ་དག་ལ་ནན་ཏུར་བྱ་ནུས་སམ། ༨ བདག་གིས་རྩོད་པ་འདི་ཆོས་བཞིན་འདུལ་བ་བཞིན། སྟོན་པས་བསྟན་པ་བཞིན་ཉེ་བར་ཞི་བར་བྱ་ནུས་སམ། ༩ བདག་གིས་རྒོལ་བ་དང་། ལན་གློན་པའི་དགེ་སློང་དེ་དག་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་རབ་ཏུ་གཞོག་ནུས་སམ། ༡༠ བདག་གིས་རྩོད་པ་འདི་ཅི་ནས་ཕྱིན་ཆད་མི་འབྱུང་བར་འགྱུར་བ་དེ་ལྟ་བུར་ཉེ་བར་ཞི་བར་བྱེད་ནུས་སམ་སྙམ་དུ་བསམ་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་ཉེ་བར་ཞི་བར་བྱ་བ་བཅུ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། དགེ་སློང་རྒོལ་བ་ཤེས་པར་བྱ། དགེ་སློང་ལན་འདེབས་པ་ཤེས་པར་བྱ། དགེ་སློང་རྒོལ་བ་དཔྱད་པར་བྱ། ལན་གློན་པའི་དགེ་སློང་དཔྱད་པར་བྱ། རྒོལ་བའི་དགེ་སློང་ཡི་དམ་བཅར་གཞུག། ལན་གློན་པའི་དགེ་སློང་ཡི་དམ་བཅར་གཞུག། རྒོལ་བའི་དགེ་སློང་གཏན་ལ་འབེབས་སུ་གཞུག། ལན་གློན་པའི་དགེ་སློང་གཏན་ལ་འབེབས་སུ་གཞུག། རྒོལ་བའི་དགེ་སློང་ལྡང་བར་བྱེད་དུ་གཞུག། ལན་གློན་པའི་དགེ་སློང་ལྡང་བར་བྱེད་དུ་གཞུག་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་བཟུང་ལ་རྒོལ་ཞིང་ལན་གློན་པའི་དགེ་སློང་ལ་བརྟག་པར་བྱ་བ་བཅུ་དྲུག་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ སྤྱོད་པ། ༢ སྤྱོད་ཡུལ། ༣ མཛའ་བ། ༤ གྲོགས་བྱེད་པ། ༥ ལུས་ཀྱི་ལས། ༦ ངག་གི་ལས། ༧ འཚོ་བ། ༨ མང་དུ་ཐོས་པ་དང་བརྒྱད་དོ། །གཉིས་པ། ལན་གློན་པའི་དགེ་སློང་ལ་ཡང་བརྟག་པར་བྱ་བ་འདི་བརྒྱད་ཀྱིས་བརྟག་པར་བྱ་བ་བཅས་སོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་བྱུང་བ་ཞི་བར་བྱེད་ནུས་པ་བཅུ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་སྟོན་ནུས་པར་གྱུར་པ། ཉན་ཐོས་ཀྱིས་བཤད་པའི་མདོ་སྡེ་འཆད་པ། སངས་རྒྱས་ཀྱི་དུས་སུ་བྱུང་བའི་མདོ་སྡེ་འཆད་པ། དུས་ཐམས་ཅད་དུ་བྱུང་བའི་མདོ་སྡེ་འཆད་པ། ཕྱོགས་གཅིག་པའི་མདོ་སྡེ་འཆད་པ། ནག་པོར་གསུངས་པའི་མདོ་སྡེ་འཆད་པ། དཀར་པོར་གསུངས་པའི་མདོ་སྡེ་འཆད་པ། མདོའི་ལུགས་བཙལ་ནས་མདོ་སྡེ་འཆད་པ་ཐམས་ཅད་དུ་འགྲོ་བའི་མདོ་སྡེ་འཆད་པ། མཐུན་པའི་མདོ་སྡེ་འཆད་པ། འདུལ་བ་དང་མཐུན་པའི་མདོ་སྡེ་འཆད་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་ཞི་བར་བྱས་ན་བསོད་ནམས་མང་དུ་འཕེལ་བར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཉེས་པ་ལ་ཉེས་པར་བརྗོད་ཅིང་ཡང་བ་ལ་ཡང་བར་བརྗོད་པ། ལྕི་བ་ལ་ལྕི་བར་བརྗོད་ཅིང་ཡང་བ་ལ་ཡང་བར་བརྗོད་པ། ལྷག་མ་དང་བཅས་པ་ལ་ལྷག་པ་དང་བཅས་པར་བརྗོད་ཅིང་ལྷག་མེད་པ་ལ་ལྷག་མ་མེད་པར་བརྗོད་པ། ཉེས་པ་མེད་པའི་གང་ཟག་ལ་ཉེས་པ་མེད་པར་བརྗོད་ཅིང་ཉེས་པ་ཡོད་པའི་གང་ཟག་ལ་ཉེས་པ་ཡོད་པར་བརྗོད་པ། ཉེས་པ་མེད་པའི་གང་ཟག་ལ་ཉེས་པ་མེད་པར་བརྗོད་ཅིང་ཉེས་པ་ཡོད་པའི་གང་ཟག་ལ་ཉེས་པ་ཡོད་པར་བརྗོད་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་ཞི་བར་བྱེད་ནུས་པ་ལྔ་མིང་ཚིགའཁྲུལ་པ་མི་འཛིན་པ། གསང་བའི་ཚིག་མི་འཛིན་པ། ཚིག་མང་པོ་མི་འཛིན་པ། མ་ངེས་པ་མི་འཛིན་པ། ཇི་ཙམ་དུ་ལན་གསུམ་གྱི་བར་དུ་དམ་འཆར་འཇུག་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་ཞི་བར་བྱེད་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། རྩོད་པ་ཤེས་པ། རྩོད་པ་འབྱུང་བ་ཤེས་པ། རྩོད་པ་ཡང་དག་པར་གཟུང་བ་ཤེས་པ། རྩོད་པ་ཞི་བར་བྱས་པ་ཤེས་པ། རྩོད་པ་ཞི་བར་གྱུར་ནས་ཕྱིས་རྩོད་པ་མི་འབྱུང་བར་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་ཞི་བར་བྱེད་མི་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། རྩོད་པ་མི་ཤེས་པ། རྩོད་པ་འབྱུང་བ་མི་ཤེས་པ། རྩོད་པ་ཡང་དག་པར་གཟུང་བར་མི་ཤེས་པ། རྩོད་པ་ཞི་བར་བྱེད་པ་མི་ཤེས་པ། རྩོད་པ་ཞི་ནས་ཕྱིས་འབྱུང་བར་བྱེད་པ་མི་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་ཞི་བར་བྱེད་མི་ནུས་པ་ལྔ་མིང་ཚིགའཁྲུལ་པ་འཛིན་པ། གསང་བའི་ཚིག་འཛིན་པ། ཚིག་མང་པོ་འཛིན་པ། མ་ངེས་པ་འཛིན་པ། ཇི་ཙམ་དུ་ལན་གསུམ་གྱི་བར་དུ་དམ་འཆར་མི་འཇུག་པའོ། །
གཟུ་བོ་འདུལ་བ་འཛིན་པས་རྩོད་པ་རབ་ཏུ་གཟུང་བར་འདོད་ན་གནས་བཅུ་དྲུག་ཏུ་བརྟགས་ལ་གདོད་རྩོད་པ་གཟུང་བར་བྱ་བའི་དོན་བཅུ་དྲུག་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། དང་པོ། བདག་གཞན་གཉིས་སུ་བརྟག་པ་ལས་བདག་ལ་བརྟག་པ་རྣམ་པ་བརྒྱད་ནི། ༡ ཅི་བདག་རྩོད་པའི་ཐོག་མ་དང་། བར་མ་དང་། ཐ་མ་ལ་མཁས་པ་ཡིན་ནམ། ༢ ཅི་བདག་རྩོད་པ་དེ་ལ་ཐོག་མ་ནས་མ་འདྲེས་སམ། ༣ རྒོལ་བ་དང་། ལན་གློན་པའི་དགེ་སློང་གིས་བདག་གི་ཚིག་འཛིན་ཏམ། ༤ རྒོལ་བ་དང་། ལན་གློན་པའི་དགེ་སློང་གིས་བདག་གི་ཚིག་ཉན་ཏམ། ༥ རྒོལ་བ་དང་། ལན་གློན་པའི་དགེ་སློང་དག་གི་ཉེས་པ་བདག་གིས་རྣམ་པར་སྦྱངས་ནུས་སམ། ༦ སོ་སོའི་ཕྱོགས་ལ་བདག་གིས་ཆོས་བཞིན་བསྒོ་བར་ནུས་སམ། ༧ བདག་གིས་རྩོད་པ་འདི་ཇི་ལྟར་འདུལ་བ་དང་། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟར་རྣམ་པར་ཞི་བར་ནུས་སམ། ༨ རྒོལ་བ་དང་། ལན་གློན་པའི་དགེ་སློང་དག་བདག་གིས་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་ཕྱོགས་སུ་འཇོག་ནུས་སམ་སྙམ་པ་སྟེ་དེ་བརྒྱད་ཀྱིས་བདག་ཉིད་བརྟག་པར་བྱའོ། །གཉིས་པ། གཞན་ལ་བརྟག་པ་རྣམ་པ་བརྒྱད་ནི། ༡ དགེ་འདུན་དེ་དག་གི་ནང་ན་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་ལྟ་བུ་འཛིན་པའི་དགེ་སློང་ལ་ཇི་ལྟར་བདག་གིས་རྒྱལ་བའི་གསུང་རབ་སྨྲས་པ་ལ་འཛིན་པར་འགྱུར་བ་ཡོད་དམ། ༢ དེའི་ཚེ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་ལྟ་བུ་འཛིན་པའི་དགེ་སློང་གང་གིས་རྩོད་པ་འདི་ཇི་ལྟར་ཆོས་བཞིན། ༣ འདུལ་བ་བཞིན། ༤ ཇི་ལྟར་སྟོན་པས་བསྟན་པ་དེ་ལྟ་བུར་ཞི་བར་བྱ་སྙམ་དུ་སེམས་པ་ཡོད་དམ། ༥ དགེ་འདུན་དེ་དག་ལ་དགེ་སློང་གནས་བརྟན་དང་། བར་མ་དང་། གསར་བུ་དག་གིས་སོ་སོའི་ཕྱོགས་ཀྱི་དགེ་སློང་དག་ལ་ཇི་ལྟར་ཆོས་བཞིན་སླར་བཟློག་པར་བྱའོ། །སྙམ་དུ་སེམས་པ་ཡོད་དམ། ༦ ཅི་རྩོད་པ་དེ་རྒྱལ་པོའི་ཕོ་བྲང་དུ་འགྱེད་པར་འགྱུར་རམ། རིགས་པའི་རིགས་ལ་འགྱེད་པར་མི་འགྱུར་རམ། ༧ ཅི། ཚེ་དང་ལྡན་པ་དེ་དག་རྩོད་པ་ཞི་བར་བྱ་བ་འདི་ལས་ཕ་རོལ་ཏུ་མི་ཚོལ་ལམ། ༨ ཅི། ཚེ་དང་ལྡན་པ་དེ་དག་དགེ་འདུན་འདི་ཉིད་དུ་རྩོད་པ་ཞི་བར་བྱ་བ་ཚོལ་ལམ་སྙམ་པའོ། །
གཟུ་བོ་འདུལ་བ་འཛིན་པས་རིགས་པའི་གནས་འཇོག་ནུས་པར་མི་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། རྒོལ་བ་མི་ཤེས་པ། ལན་གློན་པ་མི་ཤེས་པ། ཆོས་བཞིན་མི་ཤེས་པ། ཆོས་བཞིན་མ་ཡིན་པ་མི་ཤེས་པ། ཡི་དམ་མ་བླངས་པར་གྱུར་པའོ། །
གཟུ་བོ་འདུལ་བ་འཛིན་པས་རིགས་པའི་གནས་འཇོག་ནུས་པར་འགྱུར་བ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། རྒོལ་བ་ཤེས་པ། ལན་གློན་པ་ཤེས་པ། ཆོས་བཞིན་ཤེས་པ། ཆོས་བཞིན་མ་ཡིན་པ་ཤེས་པ། ཡི་དམ་བླངས་པར་གྱུར་པའོ། །
གཟུ་བོ་འདུལ་བ་འཛིན་པས་ལས་བྱེད་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། གསོལ་བའི་ལས་ཤེས་པ། གསོལ་བ་དང་གཉིས་ཀྱི་ལས་ཤེས་པ། གསོལ་བ་དང་བཞིའི་ལས་ཤེས་པ། བསྒོ་བའི་ལས་ཤེས་པ། བྱིན་གྱིས་བརླབ་པའི་ལས་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་ལས་བྱེད་ནུས་པའི་ལས་བཅུ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། མངོན་དུ་གྱུར་པའི་ལས་ཤེས། མངོན་དུ་མ་གྱུར་པའི་ལས་ཤེས། སྐབས་དབྱེ་བའི་ལས་ཤེས། སྐབས་མ་དབྱེ་བའི་ལས་ཤེས། གླེང་བར་རིགས་པ་ཤེས། མི་གླེང་བར་རིགས་པ་ཤེས། དྲན་པར་བྱ་བ་ཤེས། མི་དྲན་པར་བྱ་བ་ཤེས། གཏན་ཚིགས་སུ་རིགས་པ་ཤེས། གཏན་ཚིགས་སུ་མི་རིགས་པ་ཤེས་པའོ། །
གཟུ་བོ་འདུལ་བ་འཛིན་པས་ལས་བྱེད་མི་ནུས་པ་ལྔ་མིང་ཚིགའདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། གསོལ་བའི་ལས་མི་ཤེས་པ། གསོལ་བ་དང་གཉིས་ཀྱི་ལས་མི་ཤེས་པ། གསོལ་བ་དང་བཞིའི་ལས་མི་ཤེས་པ། བསྒོ་བའི་ལས་མི་ཤེས་པ། བྱིན་གྱིས་བརླབ་པའི་ལས་མི་ཤེས་པའོ། །