Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
མི་སྡུག་པ་དང་འཕྲད་པ་ལྔ་མིང་ཚིགསྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ། ཆད་པས་འཇིགས་པ། གཏམ་ངན་གྱིས་འཇིགས་པ། ཉམ་ང་བཞིན་དུ་འཆི་བས་འཇིགས་པ། ངན་འགྲོར་ལྷུང་དོགས་པས་འཇིགས་པའོ། །
མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་མིང་ཚིགམི་འདོད་པ་དང་ཐུག་ནས་བྱུང་བའི་སྡུག་བསྔལ།
མི་སྡུག་པ་བསྒོམ་པའི་རིམ་པ་མིང་ཚིགསློབ་དཔོན་དགེ་བའི་གོ་ཆས་མཛད་པའི་མི་སྡུག་པ་བསྒོམ་པའི་རིམ་པ། འགྱུར་བྱང་དུ་འདི་ནི་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ། འགྱུར་རྙིང་ལགས་སྐད་དོ། །ཞེས་འཁོད། བསྟན་འགྱུར་དབུ་མ་ཀི་པར་བཞུགས།
མི་སྡུག་པ་བསྒོམ་པའི་རྣལ་འབྱོར་གསུམ་མིང་ཚིགམདོ། མངོན་པ། མི་སྡུག་པ་བསྒོམ་པའི་རྣལ་འབྱོར་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་རོ། །དེ་ལ་རང་གི་ལུས་ཀྱི་རྐང་པའི་མཐེ་བོང་ངམ་དཔྲལ་བའི་དབྱེས་ལ་སོགས་པ་གང་མོས་པ་ནས་ཤ་འཐེབ་གང་མྱགས་ཏེ་བོག་ནས་རུས་པ་ཉིད་དུ་སེམས་ཤིང་གོམས་པར་བྱེད་ལ། དེ་ནས་རིམ་གྱིས་ལུས་རིལ་པོ་དང་། གནས་ཁང་དང་། མཐར་གྱིས་ཕྱིའི་རྒྱ་མཚོའི་བར་དུ་སྤྲོ་ཞིང་། ཡང་རིམ་གྱིས་རང་གི་ལུས་འབའ་ཞིག་རུས་པ་ཡིན་པ་ལ་སྡུད་པས་ནི་ལས་དང་པོ་པའི་རྣལ་འབྱོར་རོ། །དེ་ནས་སེམས་བསྡུ་བ་ཁྱད་པར་དུ་བྱ་བའི་ཕྱིར་རྐང་པའི་རུས་པ་རྣམས་བོར་ཞིང་ལུས་ལྷག་མ་རུས་པ་ཉིད་དུ་དམིགས་པ་ནས་བཟུང་ནས་ནི་རིམ་གྱིས་ལུས་ཕྱེད་དང་དེ་ནས་ཐོད་པའི་ཕྱེད་ཀྱི་བར་དུ་རུས་པར་བཏང་ཞིང་བོར་ནས་ཐོད་པའི་ཕྱེད་རུས་པ་ཉིད་ཡིན་པ་ལ་སེམས་འཛིན་པས་ནི་ཡོངས་སུ་སྦྱང་བ་བྱས་པའི་རྣལ་འབྱོར་ཡིན་པར་བཤད་དོ། །དེ་ཐོད་པ་ཕྱེད་ཀྱང་རུས་པ་ཡིན་པའི་དམིགས་པ་བོར་ནས་སྨིན་མ་གཉིས་པོའི་བར་དུ་རུས་པ་འཐེབ་གང་ཙམ་ལ་སེམས་འཛིན་པས་ནི་ཡིད་ལ་བྱེད་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འཆད་དོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
མི་སྡུག་པ་སྒོམ་པ་དགུ་མིང་ཚིགརྣམ་པར་བསྡོས་པའི་འདུ་ཤེས། རྣམ་པར་རྣགས་པའི་འདུ་ཤེས། རྣམ་པར་འབུས་གཞིག་པའི་འདུ་ཤེས། རྣམ་པར་བམ་པའི་འདུ་ཤེས། རྣམ་པར་དམར་པའི་འདུ་ཤེས། རྣམ་པར་ཟོས་པའི་འདུ་ཤེས། རྣམ་པར་འཚིག་པའི་འདུ་ཤེས། རྣམ་པར་འཐོར་བའི་འདུ་ཤེས། རུས་གོང་གི་འདུ་ཤེས་སོ། །
མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་མིང་ཚིགམདོ། མངོན་པ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་ཆོས་ཅན། རང་བཞིན་དང་སེམས་རྟེན་དམིགས་པ་ལུས་རྟེན་བཅས་བཞི་ཡོད་དེ། ངོ་བོ་མ་ཆགས་པ་དང་། སེམས་རྟེན་བསམ་གཏན་བཞི་དང་དེའི་ཉེར་བསྡོགས་བཞི་དང་བསམ་གཏན་ཁྱད་ཅན་དང་འདོད་སེམས་ཏེ་ས་བཅུ་དང་། དམིགས་པ་ཁ་ཕྱིར་བལྟས་འདོད་པའི་སྣང་བ་ཁ་དོག་སོགས་ལ་དམིགས་པ་དང་། རྟེན་གླིང་གསུམ་གྱིས་མིས་སྐྱེད་པར་བྱེད་པ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
མི་སྡུག་པའི་ཉམས་མིང་ཚིགརྣམ་འགྱུར་རམ་ཚུགས་ཀ་མི་མཛེས་པ།ཁོའི་མི་སྡུག་པའི་ཉམས་དེ་མཐོང་ན་སྐྱུགས་བྲོ་བ་ཞིག་འདུག་ལྟ་བུ།
མི་སྡུག་པའི་ཉམས་མིང་ཚིགཉམས་ལྡན་གྱི་རྒྱན་གྱི་ནང་གསེས་ལྔ་པ་སྟེ། བཙོག་ཅིང་སྐྱུགས་བྲོ་བ་ཡིད་དུ་མི་འོང་བའི་ཡུལ་ལ་བཙོག་པར་ལྟ་བའི་རྣམ་རྟོག་གི་བསམ་པ་དེས། ཕྱིའི་རྣམ་འགྱུར་ཡང་སྐྱུགས་བྲོ་བ་སོགས་མི་སྡུག་པའི་ཉམས་གསལ་བོར་བརྗོད་པའི་ཚིག་ལྟ་བུ་ལ་ཟེར།བོད་མཁས་པས། སྐྲ་བརྫེས་ཕུབ་ལྟར་རབ་གདངས་ཁ་ཡི་སྒོར། །རང་གི་ནང་ཁྲོལ་ཕྱིར་ཕྱུང་སླར་ཟ་བའི། །རོ་ལངས་ཚོགས་རྣམས་སེར་སྐྱའི་ཀླད་པ་དག །ལུག་ཀྱང་འཁྱམས་ཤིང་འཁྱམས་ཤིང་གར་བསྒྱུར་རོ། །ཞེས་པ་ལྟ་བུ།
མི་སྡུག་པའི་འདུ་ཤེས་ཀྱི་བར་དུ་གཅོད་པ་བཅུ་བཞི་མིང་ཚིགའཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། ༡ བུད་མེད་དང་ལྷན་ཅིག་མི་གནས་པ། ༢ དྲན་པ་གཡེངས་པས་བུད་མེད་ལ་ལྟ་བ། ༣ བག་མེད་པ། ༤ འདོད་ཆགས་ཤས་ཆེ་བ་ཉིད། ༥ སྡུག་པའི་མཚན་མའི་རྗེས་སུ་བརྩོན་པ། ༦ མི་གཙང་བ་ལ་སོ་སོར་མི་རྟོག་པ། ༧ ལས་ཀྱི་མཐའ་ལ་ཞུགས་པའི་གང་ཟག་དང་ལྷན་ཅིག་སྦྱོར་བ། ༨ དེ་དག་དང་མཐུན་པར་བྱེད་པ། ༩ གུས་པར་མི་ཉན་པ། ༡༠ ཡོངས་སུ་མི་འདྲི་བ། ༡༡ དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པ། ༡༢ ཟས་ཀྱི་ཚོད་མི་རིག་པ། ༡༣ དབེན་པ་ལ་མངོན་པར་མི་དགའ་བ། ༡༤ ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པ་བཅས་སོ། །
མི་སྡུག་པའི་འདུ་ཤེས་དགུ་མིང་ཚིགམདོ། མངོན་པ། མདོ་ལས། དགེ་སློང་སློབ་པ་གཞོན་པའི་རབས། །སེམས་མ་བྱུང་བ་གང་ཞིག་ནི། །གལ་ཏེ་འདོད་ཆགས་འཇོམས་འདོད་ན། །དེས་ནི་དུར་ཁྲོད་འགྲོ་བར་གྱིས། །དེ་ནས་རྣམ་པར་བསྔོས་པ་ལྟོས། །དེ་ནས་རྣམ་པར་རྣག་པ་ལྟོས། །དེ་ནས་རྣམ་བམ་རུས་པ་ཡིས། །རུས་གོང་ལ་སོགས་བལྟ་བར་གྱིས་ཞེས་གསུངས་པའི་ཕྱིར་རོ། །འོ་ན་མི་སྡུག་པས་ཇི་ལྟར་འདོད་ཆགས་ཀྱི་གཉེན་པོ་བྱེད་ཅེ་ན། འདོད་ཆགས་ནི་བཞི་སྟེ། ཁ་དོག་དང་། དབྱིབས་དང་། རེག་པ་དང་། བསྙེན་བཀུར་གྱི་འདོད་ཆགས་སོ། །དེ་ལ་དང་པོའི་གཉེན་པོར་ནི་རྣམ་པར་བསྔོས་པ་དང་། རྣམ་པར་རྣག་པ་དང་། རྣམ་པར་དམར་བ་གསུམ་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །གཉིས་པའི་གཉེན་པོར་ནི་རྣམ་པར་ཟོས་པ་དང་རྣམ་པར་འཐོར་བ་གཉིས་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །གསུམ་པའི་གཉེན་པོར་ནི་རྣམ་པར་འབུས་གཞིགས་པ་དང་། རྒྱུས་པས་བྲང་བྲེང་དུ་སྦྲེལ་བའི་ཀེང་རུས་གཉིས་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །བཞི་པའི་གཉེན་པོར་ནི་ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །བྱེ་བྲག་མེད་པར་ཀེང་རུས་ཀྱི་འདུ་ཤེས་ནི་ཆགས་བཅས་ཐམས་ཅད་ལ་ཤིས་ཤིང་བསྔགས་པས་ཐམས་ཅད་ཀྱི་གཉེན་པོར་སྒོམ་པར་བྱེད་དོ། །ཀེང་རུས་ལ་ཁ་དོག་ལ་སོགས་པ་ཆགས་པའི་གཞི་རྣམ་པ་བཞི་མེད་པའི་ཕྱིར་རོ། །དེ་ལྟར་ན་མི་སྡུག་པའི་འདུ་ཤེས་ནི་རྣམ་པ་དགུའོ། །དེ་ལ་མི་སྡུག་པ་སྒོམ་པ་འདི་ནི་སྒྲོ་བཏགས་ནས་མོས་པ་ཡིད་ལ་བྱེད་པའི་ཕྱིར་དང་། ཁ་དོག་དང་དབྱིབས་ཉི་ཚེ་ལ་དམིགས་པའི་ཕྱིར་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་ཡིན་གྱི་གཏན་ནས་སྤོང་བ་ནི་མ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
མི་སྡུག་པའི་འདུ་ཤེས་ལ་གཅེས་སྤྲས་བྱེད་པའི་ཆོས་བཅུ་བཞི་མིང་ཚིགའཕགས་པ་དོན་རྒྱས་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ བུད་མེད་དང་ལྷན་ཅིག་མི་གནས་པ། ༢ དྲན་པ་ཉེ་བར་གནས་པ་བུད་མེད་ལ་ལྟ་བ། ༣ བག་ཡོད་པ། ༤ འདོད་ཆགས་ཤས་ཆུང་བ། ༥ སྡུག་པའི་མཚན་མའི་རྗེས་སུ་མི་བརྩོན་པ། ༦ མི་སྡུག་པ་ལ་སོ་སོར་རྟོག་པ། ༧ ལས་ཀྱི་མཐའ་ལ་ཞུགས་པའི་གང་ཟག་དང་ལྷན་ཅིག་མི་སྦྱོར་བ། ༨ དེ་དག་དང་མཐུན་པར་མི་བྱེད་པ། ༩ གུས་པར་ཉན་པ། ༡༠ ཡོངས་སུ་འདྲི་བ། ༡༡ དབང་པོའི་སྒོ་རྣམས་བསྡམས་པ་ཉིད། ༡༢ ཟས་ཀྱི་ཚོད་རིག་པ། ༡༣ དབེན་པ་ལ་མངོན་པར་དགའ་བ། ༡༤ ཇི་ལྟ་བ་ལ་སོ་སོར་རྟོག་པ་བཅས་སོ། །
ཚེ་འདི་དང་ཕྱི་མ་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་འབྱུང་བར་འགྱུར་བ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཉེ་དུ་རྣམས་ཕུང་སྟེ་འཆི་བའི་དུས་བྱེད་པ། ལོངས་སྤྱོད་ཀྱི་གཞི་རྣམས་ཚུལ་མ་ཡིན་པར་ཆུད་ཟ་བ། རང་གི་ལུས་ལ་ནད་འབྱུང་བ་འདི་གསུམ་ནི་ཚེ་འདིའི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་འབྱུང་བར་འགྱུར་བའོ། །འཆལ་བའི་ཚུལ་ཁྲིམས། ཐམས་ཅད་ལ་ཡང་སྐུར་བ་འདེབས་པའི་ལོག་པར་ལྟ་བ་ནི་ཚེ་ཕྱི་མ་ལའོ། །དེ་ལས་བཟློག་པའི་ཆོས་ལྔ་པོ་རྣམས་ནི་ཚེ་འདི་དང་ཚེ་ཕྱི་མ་ལ་བདེ་བ་དང་ཡིད་བདེ་བ་འབྱུང་བར་འགྱུར་བ་ཡིན་པར་རིག་པར་བྱའོ། །
ཚོར་བ་སྡུག་བསྔལ་གྱི་དབང་པོ་མིང་ཚིགཚོར་བ་ལ་ལྔར་ཕྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། ཚོར་བ་ལ་ལྔར་ཕྱེ་བའི་ཚོར་བ་སྡུག་བསྔལ་གྱི་དབང་པོའི་མཚན་ཉིད་ཡོད་དེ། སིམ་པ་སྟེ་བདེ་བ་མ་ཡིན་པར་གདུང་བར་ཉམས་སུ་མྱོང་བའི་ལུས་ཚོར་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས།
ཚོར་བ་སྡུག་བསྔལ་གྱི་དབང་པོ་མིང་ཚིགམདོ། མངོན་པ། ཚོར་བ་སྡུག་བསྔལ་དང་དོན་གཅིག
ཟག་བཅས་ཐམས་ཅད་སྡུག་བསྔལ་བ་མིང་ཚིགམདོ། མངོན་པ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་ཡ་རྒྱལ་ཞིག་སྟེ། དེ་ཡང་ཟག་བཅས་ཐམས་ཅད་སྡུག་བསྔལ་གསུམ་པོ་ཅི་རིགས་ཀྱིས་སྡུག་བསྔལ་བ་ལ་བྱས་པ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཟག་བཅས་ཐམས་ཅད་སྡུག་བསྔལ་བར་གསུངས་པ་དང་། འཁོར་བ་ན་བདེ་བ་མེད་པར་གསུངས་པ་སོགས་ནི། སྡུག་བསྔལ་གསུམ་པོ་ཅི་རིགས་པས་སྡུག་བསྔལ་བ་ལ་དགོངས་པ་ལས་ཚོར་བ་སྡུག་བསྔལ་ལ་དགོངས་པ་མ་ཡིན་པའི་ཕྱིར་དང༌། རྩོད་པའི་སྐབས་སུ། སྡུག་བསྔལ་གསུམ་པོ་གང་རུང་ཡིན་ན་སྡུག་བསྔལ་ཡིན་པས་ཁྱབ་པ་ཡང་ཁས་ལེན་མི་རིགས་པའི་ཕྱིར། །ཞེས་དང་། དེས་ན་རང་ཅག་རྣམས་ཀྱིས་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་སོགས་བསམ་པའི་ཚེ། འཁོར་བ་པའི་གང་ཟག་རྣམས་འགའ་ཞིག་དངོས་སུ་སྡུག་བསྔལ་ལ་སྤྱོད། འགའ་ཞིག་བརྒྱུད་ནས་སྡུག་བསྔལ་ལ་སྤྱོད་ཚུལ་སོགས་དང༌། འཁོར་བའི་བདེ་བ་ཇི་ཙམ་ཆེ་ཡང་མཐར་སྡུག་བསྔལ་དུ་འགྱུར་བས་རྟག་མི་ཐུབ་ཅིང་སྙིང་པོ་མེད་ཚུལ་སོགས་བསམ་དགོས་པ་ཡིན་མོད་ཀྱང༌། རྩོད་པའི་ཚེ། འཁོར་བའི་བདེ་བ་མཐའ་དག་སྡུག་བསྔལ་དུ་ཁས་བླངས་ན་འཇོག་མཚམས་དཀའ་བར་འོང་ཞིང༌། ཡང༌། རྩོད་པའི་རིགས་པ་ལ་བསམ་ནས་འཁོར་བ་ན་བདེ་བ་ངེས་པར་ཡོད་འདུག་སྙམ་ཆགས་པར་ཡང་བྱེད་མི་རིགས་སོ། །ཞེས་འཕྲོས་བཤད་ཀྱི་ཚུལ་དུ་གླེངས་སོ། །ཞེས་གསུངས།
ཟས་རྣམ་པ་གསུམ་གྱི་རྒྱུ་ལས་བྱུང་བའི་སྡུག་བསྔལ་རྣམ་པ་གསུམ་མིང་ཚིགཁམས་མ་སྙོམས་པ་ལས་བྱུང་བའི་ནད་ཀྱི་སྡུག་བསྔལ་ནི། ཁམ་གྱི་ཟས་ཀྱི་རྒྱུ་ལས་བྱུང་ངོ་། །འདོད་པའི་སྡུག་བསྔལ་ནི། རེག་པའི་ཟས་ཀྱི་རྒྱུ་ལས་བྱུང་ངོ་། །འདོད་པའི་ཕོངས་པའི་སྡུག་བསྔལ་ནི། ཡིད་ལ་སེམས་པའི་ཟས་ལས་བྱུང་ངོ་། །
འཁོར་པའི་སྡུག་བསྔལ་མིང་ཚིགསྐྱེ་རྒ་ན་འཆི་སོགས་དང་ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ།
འཁོར་བའི་སྡུག་བསྔལ་སྦྱངས་ཟིན་པ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། ཁས་བླངས་པའི་ཟིན་པ་དྲུག་གི་ཡ་གྱལ་ཞིག་སྟེ། འདིའིི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཐུགས་རྗེ་ཆེན་པོའི་རྒྱུན་དུ་འཆར་ཏེ། རྡོ་རྗེ་མཚོན་གྱིས་སྒྲིབ་པ་ཐམས་ཅད་ཡེ་ནས་བསྒྲལ་བས་འཁོར་བའི་སྡུག་བསྔལ་སྦྱངས་ཟིན། ཞེས་གསུངས།
འགྱུར་བའི་སྡུག་བསྔལ་མིང་ཚིགཟག་བཅས་ཀྱི་ཚོར་བ་བདེ་བ་སྟེ། འདིས་ནམ་ཞིག་གི་ཚེ་ན་ཡང་སྡུག་བསྔལ་བསྐྱེད་པར་འགྱུར་བས་འགྱུར་བའི་སྡུག་བསྔལ་ཞེས་བྱ་ལ། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གཞན་རྣམས་དང་གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་ལོ། །སྡུག་བསྔལ་གསུམ་གྱི་ཡ་གྱལ་ཞིག
འགྱུར་བའི་སྡུག་བསྔལ་མིང་ཚིགམདོ། མངོན་པ། སྡུག་བསྔལ་གསུམ་གྱི་ཡ་གྱལ་ཞིག་སྟེ། ད་ལྟ་བདེ་བའི་རིགས་ཡིན་ཀྱང་ནམ་ཞིག་ན་འགྱུར་ནས་སྡུག་བསྔལ་སྐྱེད་པས་འགྱུར་བའི་སྡུག་བསྔལ་ཏེ། དཔེར་ན་ཟག་བཅས་ཀྱི་ཚོར་བ་བདེ་བ་དང། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་། དེའི་བདག་རྐྱེན། དེ་གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་རྣམས་འགྱུར་བའི་སྡུག་བསྔལ་ཡིན་ཏེ། མཆིམས་མཛོད་ལས། འགྲེལ་པ་ལས་དེའི་དབང་གིས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་འདུ་བྱེད་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་འཐོབ་བོ་ཞེས་འབྱུང་བས་ཚོར་བ་དེ་དག་གི་དབང་གིས་དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་གཞན་རྣམས་དང༌། མཚུངས་ལྡན་མ་ཡིན་པ་བདག་རྐྱེན་དང༌། དམིགས་རྐྱེན་རྣམས་ཀྱང་ཡིད་དུ་འོང་བ་ལ་སོགས་པའི་མིང་དུ་བརྗོད་དོ། །ཞེས་གསུངས།
འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དྲུག་མིང་ཚིགལྷ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལོ། །
འགྲོ་བ་ལྔའི་སྡུག་བསྔལ་ལྔ་མིང་ཚིགའཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ལྷ་རྣམས་ལ་བག་མེད་པས་འཆི་བའི་སྡུག་བསྔལ། མི་རྣམས་ལ་འདོད་པའི་སྡུག་བསྔལ། སེམས་ཅན་དམྱལ་བ་རྣམས་ལ་གནོད་པའི་སྡུག་བསྔལ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟའི་སྡུག་བསྔལ་ལོ། །
འཆི་བའི་ཚེ་མདུན་དུ་སངས་རྒྱས་བཞུགས་ཤིང་ཆོས་ཉན་ལ་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་བའི་ཆོས་བཞི་མིང་ཚིགདཀོན་བརྩེགས་འཕགས་པ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལས་བྱུང་བ་སྟེ། གཞན་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། མོས་པ་མང་བ། བྱང་ཆུབ་སེམས་དཔའི་སྦྱིན་པ་བཀོད་པ་སྣ་ཚོགས་ཉེ་བར་བསྒྲུབ་པ། དཀོན་མཆོག་གསུམ་མཆོད་པ་ལ་བརྩོན་པའོ། །
འཆི་བའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ་འཆི་བའི་ཚེ་ལུས་ལོངས་སྤྱོད་གཉེན་མཛའ་བཤེས་ཀུན་དང་འབྲལ་བར་མཐོང་ནས་སྡུག་བསྔལ་དང་ཡིད་མི་བདེ་བ་དྲག་པོ་ཉམས་སུ་མྱོང་བའོ། །
འཆི་བའི་སྡུག་བསྔལ་ལྔ་མིང་ཚིགལོངས་སྤྱོད་དང་འབྲལ་བ། འཁོར་གཡོག་དང་འབྲལ་བ། གཉེན་སྡུག་པ་དང་འབྲལ་བ། ལུས་དང་འབྲལ་བ། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་བ་དྲག་པོ་མྱོང་བའོ། །
འདུ་བྱེད་ཀྱི་སྡུག་བསྔལ་མིང་ཚིགམདོ། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ཡུལ་དང་བཅས་པ་སྟེ་གནས་ངན་ལེན་རྗེས་སུ་འབྲེལ་བས་འདུ་བྱེད་ཀྱི་སྡུག་བསྔལ་དང༌། སྡུག་བསྔལ་ཐམས་ཅད་ལ་ཁྱབ་པ་དང་སྡུག་བསྔལ་གཞན་གཉིས་ཀྱི་རྩ་བར་གྱུར་པའོ། །
འདུ་བྱེད་སྡུག་བསྔལ་མིང་ཚིགམདོ། མངོན་པ། བྱེ་བྲག་སྨྲ་བ། ཟག་བཅས་གང་ཞིག་མི་རྟག་ཅིང་འཕགས་པ་དང་མི་མཐུན་པས་གནོད་པ་ཡིན་པ་སྟེ། མཆིམས་མཛོད་ལས། སྡུག་བསྔལ་གྱི་དོན་ནི་ཟག་བཅས་གང་ཞིག་མི་རྟག་ཅིང་འཕགས་པ་དང་མི་མཐུན་པས་གནོད་པ་ཡིན་པའི་ཕྱིར་རོ། །ཟག་བཅས་ཀྱི་འདུ་བྱེད་གཞན་ནི་མདོ་ལས། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང༌། སྲིད་པ་ཐམས་ཅད་ནི་ཐར་པའི་མི་མཐུན་ཕྱོགས་ཡིན་པས་འཕགས་པ་དང་མི་མཐུན་པས་གནོད་པའི་ཕྱིར་སྡུག་བསྔལ་དུ་འདོད་དེ། དེའི་ཕྱིར་སློབ་དཔོན་གྱིས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་ན་ནི། །མི་དགའ་བ་དང་གནོད་སྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང༌། །ཞེས་པ་དང༌། (འདུ་བྱེད་ཀྱི་སྡུག་བསྔལ་ནི་འཕགས་པ་རྣམས་ཁོ་ནས་གཟིགས་ཏེ། ) ཇི་ལྟར་འཕགས་པ་རྣམས་སྲིད་པའི་རྩེ་མོ་བ་དག་ལའང་སྡུག་བསྔལ་གྱི་བློ་འཇུག་པ་ལྟར་བྱིས་པ་རྣམས་ནི་མནར་མེད་པའི་ཕུང་པོ་རྣམས་ལ་ཡང་དེ་ལྟར་སྡུག་བསྔལ་གྱི་བློ་མི་འཇུག་གོ་ཞེས་གསུངས་སོ། །ཞེས་གསུངས།
འདོད་ཁམས་ཀྱི་སྡུག་བསྔལ་མཐོང་སྤང་མིང་ཚིགམདོ། མངོན་པ། མངོན་པ་མཛོད་ནས་བཤད་པའི་ཕྲ་རྒྱས་བཅུ་པོ་འདོད་པའི་ཁམས་ན་སྡུག་བསྔལ་བདེན་པ་ལ་དངོས་སམ་བརྒྱུད་ནས་ལོག་པར་འཇུག་པ་སྟེ། སྡུག་བསྔལ་ཆོས་བཟོད་དང་ཆོས་ཤེས་སྐྱེས་ཏེ་དེའི་རང་བཞིན་མཐོང་བ་དང་། དེས་སྤོང་བར་བྱེད་དེ་ཐོ་ཡོར་ཤེས་པས་མིར་འཛིན་པ་སྤོང་བ་བཞིན་ནོ། །
འདོད་ཁམས་ཀྱི་སྡུག་བསྔལ་མཐོང་སྤང་བཅུ་མིང་ཚིགམདོ། མངོན་པ། མངོན་པ་མཛོད་ནས་བཤད་པའི་འདོད་ཁམས་ཀྱི་སྡུག་བསྔལ་བདེན་པ་ལ་དངོས་སམ་བརྒྱུད་ནས་ལོག་པར་འཇུག་པའི་ཕྲ་རྒྱས་རྣམས་ཏེ། མ་རིག་པ་དང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ཐེ་ཚོམ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། ལོག་པར་ལྟ་བ། མཐར་འཛིན་གྱི་ལྟ་བ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་བཅས་བཅུའོ། །
འདོད་ཆགས་ལ་སྤྱོད་པས་མི་སྡུག་པ་བསྒོམ་པར་བྱ་བའི་འདོད་ཆགས་དགུ་དང༌དེའི་གཉེན་པོ་བསྒོམ་པ་དགུ་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ དབྱིབས་ལ་ཆགས་པ། དེའི་གཉེན་པོ་རྣམ་པར་སྤངས་པ་བཞིན་དུ་རྣམ་པར་བམ་པའི་འདུ་ཤེས། ༢ སྡུག་པ་ལ་ཆགས་པ། དེའི་གཉེན་པོ་ཡན་ལག་ཆ་ཤས་ཐ་དད་དུ་གྱུར་པས་རྣམ་པར་ཞིག་པའིི་འདུ་ཤེས། ༣ ལུས་ཀྱི་དྲི་ཙན་དན་ལ་སོགས་པས་སྐྱེད་པ་ལ་ཆགས་པ། དེའི་གཉེན་པོ་དྲི་ངན་པ་རྣག་གི་རང་བཞིན་ཡིན་པས་རྣམ་པར་རྣགས་པའི་འདུ་ཤེས། ༤ ལུས་མཛེས་པ་རྒྱན་ལ་སོགས་པས་བསྐྱེད་པ་ལ་ཆགས་པ། དེའི་གཉེན་པོ་པགས་པ་བཤུས་པ་བཞིན་རྣམ་པར་དམར་པའི་འདུ་ཤེས། ༥ ལུས་ཀྱི་མདོག་ལ་ཆགས་པ། དེའི་གཉེན་པོ་རུལ་པའི་རང་བཞིན་ཡིན་པས་རྣམ་པར་བསྔོས་པའི་འདུ་ཤེས། ༦ ཤ་རྒྱས་པ་ལ་ཆགས་པ། དེའི་གཉེན་པོ་མི་གཙང་བ་སྤུངས་པའི་འདུ་ཤེས། ༧ ལུས་དང་ཡན་ལག་སྒེག་པ་ལ་ཆགས་པ། དེའི་གཉེན་པོ་རྣམ་པར་རིང་དུ་གྱུར་པས་རྣམ་པར་འབྱེད་པའི་འདུ་ཤེས། ༨ སོ་མཛེས་པ་ཕུན་སུམ་ཚོགས་པ་ལ་ཆགས་པ། དེའི་གཉེན་པོ་རུས་པའི་རང་བཞིན་ཡིན་པས་ཀེང་རུས་ཀྱི་འདུ་ཤེས། ༩ མདོག་དང་དབྱིབས་ལ་ཆགས་པ། དེའི་གཉེན་པོ་རྣམ་པར་ཚིག་པའི་འདུ་ཤེས་སོ། །
འདོད་པ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་བརྒྱད་ཀྱི་ཡ་གྱལ་ཞིག་སོ་ནམ་བྱས་ཀྱང་སྟོན་ཐོག་མ་གྲུབ་པ་དང༌། ཚོང་བྱས་ཀྱང་ཁེ་སྤོགས་མ་ཐོན་པ་སོགས་ཏེ། གང་ལ་རེ་བ་དེ་འབད་ནས་བཙལ་ཀྱང་མ་རྙེད་པས་སེམས་ལ་མྱ་ངན་སྐྱེ་བ་དང༌། ངག་ཏུ་སྨྲེ་སྔགས་འདོན་པ། ལུས་ལ་གནོད་པ་བསྐྱེད་པ། ཡུལ་དེའི་ཡོན་ཏན་དྲན་ཞིང་འདོད་པས་ཡིད་གདུང་བ། དེའི་ལོངས་སྤྱོད་མ་ཚང་བས་ཡི་ཆད་པའི་སྡུག་བསྔལ།
འདོད་པའི་ཁམས་སུ་སྡུག་བསྔལ་གྱིས་ཐོབ་པ་བཅུ་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། འདོད་ཆགས། ཁོང་ཁྲོ་བ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་ལྟ་བ། ལོག་པར་ལྟ་བ། མཐར་འཛིན་པར་ལྟ་བ། ལྟ་བ་མཆོག་ཏུ་འཛིན་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ། ཐེ་ཚོམ་མོ། །
འཕོ་ལྟུང་གི་སྡུག་བསྔལ་མིང་ཚིགལྷའི་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཏེ། བཤེས་སྤྲིངས་ལས། ལྷའི་འཇིག་རྟེན་དག་ལས་འཕྲོ་བ་ལ། གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། ཞེས་གསུངས་པ་ལྟར། ལྷའི་འཇིག་རྟེན་དག་ནས་ཚེ་འཕོ་བ་ལ་ཕལ་ཆེར་དགེ་བའི་ལྷག་མ་མེད་པ་ཤས་ཆེ་བས། དབང་མེད་དུད་འགྲོ་ཡི་དྭགས་དང་། དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། ཞེས་གསུངས་པ་ལྟར། ལྷའི་འཇིག་རྟེན་དག་ནས་ཚེ་འཕོ་བ་ལ་ཕལ་ཆེར་དགེ་བའི་ལྷག་མ་མེད་པ་ཤས་ཆེ་བས། དབང་མེད་དུ་དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་དེ་གསུམ་གང་རུང་དུ་སྐྱེས་ནས་སྡུག་བསྔལ་བར་འགྱུར་རོ། །འཆི་འཕོས་པའི་ཚེ། ལྷའི་མངོན་ཤེས་ཀྱིས་རང་གང་དུ་སྐྱེ་བའི་གནས་མཐོང་བར་འགྱུར་པས། གནས་འདིར་འཇུག་པ་ལ་སྐྲག་ཅིང་སྡུག་བསྔལ་གྱིས་སྐམ་པར་འགྱུར་པ་ལ་སོགས་པ་ནི་ལྷའི་འཕོ་ལྷུང་གི་སྡུག་བསྔལ་ལོ།
ཡག་དགའ་ཉེས་སྡུག་མིང་ཚིགརང་ཕྱོགས་ལེགས་ན་དགའ་ཞིང་ཉེས་ན་བློ་ཕམ་པའི་དོན་ཏེ།ང་ཁྱེད་ལ་ཡག་དགའ་ཉེས་སྡུག་ཡོད་ལྟ་བུ།
ཡང་ཡང་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་མིང་ཚིགསྲིད་པར་ཡང་དང་ཡང་དུ་སྐྱེ་བ་ལེན་པའི་སྡུག་བསྔལ་ཏེ་སྡུག་བསྔལ་དྲུག་གི་ནང་ཚན་ཞིག
ཡང་ཡང་མཐོ་དམན་དུ་འགྱུར་བའི་སྡུག་བསྔལ་མིང་ཚིགསྲིད་པར་མཐོ་དམན་རེས་མོས་སུ་འགྱུར་བའི་སྡུག་བསྔལ་ཏེ་སྡུག་བསྔལ་དྲུག་གི་ནང་ཚན་ཞིག
ཡོད་པའི་སྡུག་པ་ལྔ་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དཔལ་དུས་ཀྱི་འཁོར་ལོའི་བརྟུལ་ཞུགས་ཉེར་ལྔའི་ཡ་གྱལ་ཞིག་སྟེ། ངོ་བོ་ཉིད་ཀྱི་སྡུག་པ་ལྔ་དང་དོན་གཅིག་གོ །
རང་སྡུག་རང་ཉོ་མིང་ཚིགདང་པོ་ནས་ཆག་སྒོ་འབྱུང་རྒྱུ་ཡིན་པ་ཤེས་བཞིན་དུ་བྱས་ནས་རང་གིས་རང་ལ་སྡུག་པོ་གཏོང་བའི་དོན།རང་སྡུག་རང་ཉོ་བྱས་ན་སྡུག་གྱོང་རེད་ཅེས་པ་ལྟ་བུ།
རྒ་བའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། གཟུགས་དང་ལང་ཚོ་ཡོངས་སུ་རྒུད་དེ་འདོད་པའི་ཡོན་ཏན་ལ་ཇི་བཞིན་ལོངས་སུ་སྤྱོད་པའི་མཐུ་དང་བྲལ་བས་སྡུག་བསྔལ་བའོ། །
རྒ་བའི་སྡུག་བསྔལ་བ་ཉིད་རྣམ་པ་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ དེ་ལ་གང་ཟག་གང་རང་བཞིན་གྱིས་སྡིག་པ་ལ་མངོན་པར་དགའ་ལ། སྡིག་པ་ལས་ཕྱིར་ལོག་པ་ཡང་མ་ཡིན་པ་དེ་ནི་སྡིག་པ་བྱེད་ལ། སྡིག་པ་ལ་སྲེད་པ་ཞེས་བྱའོ། ། ༢ གང་རང་བཞིན་གྱིས་སྡིག་པ་ལ་མངོན་པར་མི་དགའ་ལ། སྡིག་པ་ལས་ཀྱང་ཕྱིར་ལོག་པ་དེ་ནི་སྡིག་པ་མི་བྱེད་ལ། སྡིག་པ་ལ་མི་སྲེད་པ་ཞེས་བྱའོ། ། ༣ གང་ཟག་གང་སྡིག་པ་བྱེད་ལ་སྡིག་པ་ལ་སྲིད་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་པར་བལྟ་བར་བྱའོ། ། ༤ གང་ཟག་གང་སྡིག་པ་བྱེད་ལ། སྡིག་པ་ལ་མི་སྲེད་པ་དང༌། སྡིག་པ་ལ་སྲེད་ལ། སྡིག་པ་མི་བྱེད་པ་དེ་ནི་སྐྱེས་བུ་འབྲིང་ཡིན་པར་བལྟ་བར་བྱའོ། ། ༥ གང་ཟག་གང་སྡིག་པ་ལ་མི་སྲེད་ལ་སྡིག་པ་མི་བྱེད་པ་དེ་ནི་སྐྱེས་བུ་མཆོག་ཡིན་པར་བལྟ་བར་བྱའོ། །
རྒ་བའི་སྡུག་བསྔལ་ལྔ་མིང་ཚིགགཟུགས་བཟང་པོ་ཡོངས་སུ་ཉམས་པའི་སྡུག་བསྔལ། དབང་པོ་ཡོངས་སུ་ཉམས་པའི་སྡུག་བསྔལ། ཡུལ་ལོངས་སྤྱོད་ཡོངས་སུ་ཉམས་པའི་སྡུག་བསྔལ། མཐུ་སྟོབས་ཡོངས་སུ་ཉམས་པའི་སྡུག་བསྔལ། ཚེ་ཡོངས་སུ་ཉམས་པའི་སྡུག་བསྔལ་དང་ལྔའོ། །
རྒྱབ་སྒུར་མིང་ཚིགསྒལ་བ་གུག་པ།རྒད་པོ་རྒྱབ་སྒུར་ཞེས་པ་ལྟ་བུ།
རྩ་བའི་སྡུག་བསྔལ་གསུམ་མིང་ཚིགསྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་མོ། །
རྩ་འཇིང་སྡུག་པ་ཕུན་ཚོགས་མིང་ཚིགགཉེན་དང་ཉེ་དུ་སོགས་མང་ཞིང་རྒྱ་ཆེ་བ།རང་གིས་མ་འཇོན་ཚེ་རྩ་འཇིང་སྡུག་པ་ཕུན་ཚོགས་ལ་རེ་ནས་ཅི་ཕན་ཞེས་པ་ལྟ་བུ།
ལུས་དང་ངག་དང་སེམས་འབྱུང་བ་དང་སྡུག་བསྔལ་དང་ལམ་དང་ཀུན་འབྱུང་དང་འགོག་པའི་བདེན་པ་ངེས་པའི་མདོར་བསྡུས་ཆེན་པོ་མིང་ཚིགབཀའ་འགྱུར་དྲི་མེད་འོད་ཤྲཱི་བཞུགས།
ལུས་ན་ཚ་སྡུག་བསྔལ་གྱི་གེགས་བསལ་བ་ལྔ་མིང་ཚིགནད་གནས་པའི་གཞི། འབྱུང་བའི་རྒྱུ། སློང་བའི་རྐྱེན། སྨིན་པའི་འབྲས་བུ། བཅོས་པའི་ཐབས།
ལུས་མི་སྡུག་མིང་ཚིགསྡིག་པ་རྭ་ཅན་ཏེ། ལུས་ཀྱི་དབྱིབས་བཙོག་པས་ནའོ། །
ལུས་མི་སྡུག་མིང་ཚིགམིག་ལམ་དུ་མི་མཛེས་པའི་ལུས་ཀྱི་མིང་སྟེ།གཤིས་སྤྱོད་རྩུབ་ཅིང་ལུས་མི་སྡུག་པའི་གང་ཟག་ཅེས་པ་ལྟ་བུ།
ལུས་ཡང་དག་པར་བླངས་པ་ལ་ཡོད་པའི་སྡུག་བསྔལ་གཉིས་མིང་ཚིགདཀོན་བརྩེགས་ལེའུ་བཅུ་གསུམ་པ་མངལ་དུ་འཇུག་པ་བསྟན་པའི་ལེའུ་ལས་བྱུང་བ་སྟེ། ༡ ནད་མང་པོ་རྣམས་ལུས་ལ་འདུས་པ་ནི། ནང་གི་སྡུག་བསྔལ་ཞེས་བྱའོ། ༢ མི་དང་མི་མ་ཡིན་པས་རྣམ་པར་འཚེ་བ་ནི། ཕྱིའི་སྡུག་བསྔལ་ཞེས་བྱ་བའོ། །
ལུས་ཡང་ཡང་འདོར་བའི་སྡུག་བསྔལ་མིང་ཚིགསྡུག་བསྔལ་དྲུག་གི་ཡ་གྱལ་ཞིག་སྟེ། སྐྱེ་བ་བརྒྱུད་མར་འཁོར་བའི་གནས་སུ་ལུས་ཡང་ཡང་བླངས་ཏེ་ཡང་ཡང་འདོར་དགོས་པའི་སྡུག་བསྔལ།