Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
དགོངས་པ་རྣལ་དུ་བཞག་པའི་ལེའུ་མིང་ཚིགབཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།
དགོངས་པ་རྫོགས་པ་མིང་ཚིགཤི་བའམ་གྲོངས་པའི་དོན་ཏེ།ཁོང་དགོངས་པ་རྫོགས་པར་མཆོད་འབུལ་རྒྱ་ཆེ་བྱས་ལྟ་བུ།
དགོངས་པ་ལས་མི་འདའ་བ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། མི་འདའ་བ་རྒྱན་གྱི་ལུང་གི་ནང་གསེས་ཤིག་སྟེ། འདིའི་དོན་ནི་དོན་ཤིན་ཏུ་གསལ་བའི་དགོངས་པ་ལས་མི་འདའ་བར་དེ་ཁོ་ན་ཉིད་ལ་འགྱུར་བ་མེད་པར་བཞུགས་པའི་བརྡར་ཤར་བ་སྐུ་མདོག་མཐིང་ནག་འབར་བ་སྟེ། ལྷ་རྒྱུད་ལས། སྐུ་མདོག་མཐིང་ནག་ནམ་མཁའི་རྒྱན། །ཞེས་གསུངས།
དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་མིང་ཚིགརྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སྣར་ཐང་དཀར་ཆག་ཏུ་“ལྔ་པའི་གསན་ཡིག་ཏུ་དྷརྨ་ཤྲཱིའི་ཚབ་ཏུ་ཤྲད་དྷ་ཀ་ར་ཝརྨ་བྱུང་”ཞེས་འཁོད། བཀའ་འགྱུར་རྒྱུད་འབུམ་ཅ་པར་བཞུགས།
དགོངས་པའི་ཀློང་མིང་ཚིགསེམས་སམ་བསམ་བློའི་ནང་ཞེས་པའི་དོན་ཏེ།བླ་མའི་དགོངས་པའི་ཀློང་དུ་མངའ་བའི་མན་ངག་ལྟ་བུ།
དགོངས་པའི་ཚུལ་མདོར་བསྡུས་ན་རྣམ་པ་བཅུ་དྲུག་མིང་ཚིགའཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ༡ ཡང་དག་པར་སྟོན་པའི་དགོངས་པ། ༢ འདུན་པ་བཟློག་པའི་དགོངས་པ། ༣ ཡང་དག་པར་འཛིན་དུ་འཇུག་པའི་དགོངས་པ། ༤ ཡང་དག་པར་གཟེངས་བསྟོད་པའི་དགོངས་པ། ༥ ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་དགོངས་པ། ༦ གཟུང་བའི་དགོངས་པ། ༧ ཐེ་ཚོམ་བཅད་པའི་དགོངས་པ། ༨ ཡོངས་སུ་སྨིན་པར་བྱ་བའི་དགོངས་པ། ༩ ཏིང་ངེ་འཛིན་དུ་བྱ་བའི་དགོངས་པ། ༡༠ རྣམ་པར་གྲོལ་བར་བྱ་བའི་དགོངས་པ། ༡༡ དོན་གཞན་དང་འབྲེལ་བའི་དགོངས་པ། ༡༢ རྟོགས་པར་བྱེད་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་དགོངས་པ། ༡༣ མཆོག་ཏུ་དགའ་བའི་དགོངས་པ། ༡༤ སྨྲ་བ་པོ་རྣམས་ལ་ཉན་པ་རྣམས་རིམ་གྲོ་ཆེར་བསྐྱེད་པར་བྱ་བའི་དགོངས་པ། ༡༥ ཆོས་ཀྱི་ཚུལ་འཇུག་པར་བྱ་བའི་དགོངས་པ། ༡༦ དགེ་བ་འཕེལ་བར་བྱང་ཆུབ་ངེས་པ་དང༌། མཚན་མ་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པའི་དགོངས་པ་བཅས་སོ། །
དགོངས་པའི་རྩལ་བདུན་མིང་ཚིགགསེར་གྱི་བྱང་བུ་འབྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ། བཻཌཱུརྱ་ཞུན་མས་བྲིས་པ་རྒྱུ་ཕུན་སུམ་ཚོགས་པར་དགོངས་པ། རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུ་སྣོད་ངོ་མཚར་བའི་དགོངས་པ། ནམ་མཁའ་འབྱུང་བཞིས་མི་འཇིག་པས་གཏེར་གནས་དམ་པར་དགོངས་པ། མ་དང་མཁའ་འགྲོ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་ཁྱད་པར་ཅན་དུ་དགོངས་པ། ཆོས་བདག་རྒྱལ་པོ་ཛཿལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་དུ་དགོངས་པ། སྐྱེ་འཕགས་བྱང་སེམས་ས་ལ་གནས་པ་སོགས་གྲུབ་བརྙེས་བརྒྱུད་འཛིན་དར་རྒྱས་སུ་འབྱུང་བ་ལ་དགོངས་པ་རྣམས་སོ། །
དགོངས་པའི་སྐད་ཀྱི་འགྲེལ་པ་མིང་ཚིགསློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དགོངས་པའི་སྐད་ཀྱི་འགྲེལ་པ། རྒྱ་གར་གྱི་མཁན་པོ་མཉྫ་གྷོ་ཥ་དང༌། བོད་ཀྱི་ལོ་ཙཱ་བ་འགྲོ་ཤེས་རབ་གྲགས་ཀྱིས་ཡེར་བའི་དབེན་གནས་སུ་བསྒྱུར། འདིའི་མཆན་སྡེ་དཀར་དུ་བཤད་པ་རྣམ་གྲངས་བདུན་གྱི་ལེའུ་ཡང་ཟེར་ཞེས་མཆན་འཁོད། བསྟན་འགྱུར་རྒྱུད་ཇ་པར་བཞུགས།
དགོངས་བཅད་མིང་ཚིགབསམ་བློའམ་སེམས་ཀྱིས་ཐག་བཅད་པའི་དོན་ཏེ།ཁོང་གི་དགོངས་བཅད་ལ་ངས་བརྩི་འཇོག་ཞུ་རྒྱུ་ཡིན་ལྟ་བུ།
དགོངས་བཞེད་མིང་ཚིགསེམས་ཀྱི་འདོད་པའམ། བློའི་རེ་འདོད་ཀྱི་དོན་ཏེ།ཕ་མའི་དགོངས་བཞེད་ལྟར་བསྒྲུབས་ལྟ་བུ།
དགོངས་མངའ་མིང་ཚིགསེམས་ལ་གསལ་བོར་ངེས་ནས་ཡོད་པའི་དོན་ཏེ།ཁྱེད་ཀྱི་དགོངས་མངའ་ལྟར་ཞུས་པ་ཡིན།
དགོངས་མཆོད་མིང་ཚིགསྐུ་གཤེགས་པའི་དུས་ཚིགས་སུ་ཡི་དམ་གྱི་དཀྱིལ་ཆོག་སྒྲུབ་པ་སོགས་ཀྱི་དགོངས་རྫོགས་མཆོད་པ།
དགོངས་མཐུན་མིང་ཚིགབསམ་པའམ་སེམས་མཐུན་པ་སྟེ།ཚོགས་མི་རྣམས་དགོངས་མཐུན་བྱུང་སྟེ་སྤྱི་མོས་གྲོས་ཆོད་བཞག་ལྟ་བུ།
དགོངས་ཚད་ལྔ་མིང་ཚིགགཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་སྟེ། ཡུལ་འོལ་མོ་ལུང་རིང་། མཁར་བར་བོ་སོ་བརྒྱད། ནོར་རིན་པོ་ཆེའི་གཏེར། ཡབ་རྒྱལ་བོན་ཐོད་དཀར། ཡུམ་ཕྱི་རྒྱལ་བཞད་མ་དང་ལྔའོ། །
དགོངས་ཚུལ་མིང་ཚིགབསམ་ཚུལ་གྱི་དོན།ཚོགས་ཐོག་ཏུ་དགོངས་ཚུལ་མང་པོ་བཏོན་ལྟ་བུ།
དགོངས་ཞུ་མིང་ཚིགདགོངས་པ་ཞུ་བ་སྟེ་གནང་བ་ཞུ་བའི་མིང༌།ཉིན་གཉིས་རིང་ལས་ཁུངས་ལ་དགོངས་ཞུ་བྱས་ལྟ་བུ།
དགོངས་ཟབ་མིང་ཚིགབསམ་གཞིགས་གཏིང་ཟབ་མོ།མཁས་དབང་གང་གི་དགོངས་ཟབ་རྟོགས་དཀའ་བ་ལྟ་བུ།
དགོངས་འགལ་མིང་ཚིགསེམས་འཁྲུགས་པའམ་ཚིག་པ་ཟ་བའི་དོན་ཏེ།ཕ་མའི་ཐུགས་དང་འགལ་བར་དགོངས་འགལ་མེད་པ་ཞུ་ལྟ་བུ།
དགོངས་འགྲེལ་མིང་ཚིགརིགས་པའི་གཞུང་ལུགས་གང་ཞིག་གི་རྩོམ་པ་པོའི་དགོངས་པ་ཇི་བཞིན་དུ་འགྲེལ་པའི་བསྟན་ཏེ།དབུ་མ་འཇུག་པའི་དགོངས་འགྲེལ་ལྟ་བུ།
དགོངས་འགྲེལ་གྱི་བསྟན་བཅོས་མིང་ཚིགམདོའི་དགོངས་པ་འགྲེལ་བའི་འཕགས་བོད་མཁས་པའི་ལེགས་བཤད་དག
དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གཉིས་པ་མིང་ཚིགམདོ། ཕར་ཕྱིན། སེམས་ཙམ་པ། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་གྱི་ནང་ནས་ཡུལ་བྱ་རྒོད་ཕུང་པོའི་རིར་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོར་དམིགས་པ། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་བར་པའི་མདོའི་མཚན་ཉིད། མཚན་གཞི་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ། ཡང་ན་འཁོར་ལོ་གསུམ་གྱི་ནང་ནས་ཡུལ་བྱ་རྒོད་ཕུང་པོའི་རིར་རང་གི་ཆེད་དུ་བྱ་བའི་གདུལ་བྱ་བཀའ་བར་པའི་དགོངས་པ་བཀའ་ཐ་མ་ལ་བརྟེན་མི་དགོས་པར་བཀའ་བར་པ་ལ་བརྟེན་ནས་རྟོགས་ནུས་པའི་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོར་དམིགས་པ་། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་བར་པའི་མཚན་ཉིད་ཡིན།
དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་པ་མིང་ཚིགམདོ། སེམས་ཙམ་པ། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་གྱི་ནང་ནས་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅིང་གཞན་དབང་དང་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཁྱད་པར་ཕྱེ་ནས་གསལ་བར་སྟོན་པའི་མདོར་དམིགས་པ་དེ་དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་ཐ་མའི་མཚན་ཉིད། མཚན་གཞི་ནི། དགོངས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ལྟ་བུ་ལ་འཇོག་ཅིང། མདོ་སྡེ་དགོངས་འགྲེལ། རིལ་པོ་དེའི་མཚན་གཞིར་འཇོག་པ་མི་འཐད་དེ། དེའི་ལེའུ་བཅུ་ཀ་ནས་མཚན་ཉིད་གསུམ་ལ་ངོ་བོ་ཉིད་ཡོད་མེད་ཀྱི་ཚུལ་གསལ་བར་ཕྱེ་ནས་མ་གསུངས་པའི་ཕྱིར་ཏེ། རྣམ་བཤད་སྙིང་པོ་རྒྱན་ལས། འདི་ནི་བླ་ན་མ་མཆིས་པ་ཞེས་པའི་ཉེ་ཚིག་སྨོས་པའི་མཚན་གཞིར་མདོ་སྡེ་དགོངས་འགྲེལ་རིལ་འཛིན་པ་མི་འཐད་དེ། ཞེས་གསུངས་པའི་ཕྱིར། ཡང་ན། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་གྱི་ནང་ནས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་པ་བཀའ་བར་པ་ལ་བརྟེན་ནས་རྟོགས་མི་ནུས་པར་བཀའ་ཐ་མ་ལ་བརྟེན་ནས་རྟོགས་དགོས་པའི་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོར་དམིགས་པ། དགོངས་འགྲེལ་ནས་གསུངས་པའི་འཁོར་ལོ་ཐ་མའི་མཚན་ཉིད་ཡིན།
དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་དང་པོ་མིང་ཚིགམདོ། སེམས་ཙམ་པ། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་གྱི་ནང་ནས་ཡུལ་ཝ་ར་ཎཱ་སིར་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་གསུངས་པའི་མདོར་དམིགས་པ། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་དང་པོའི་མཚན་ཉིད། དེའི་མཚན་གཞི་ནི་འཁོར་ལྔ་སྡེ་བཟང་པོ་ལ་གསུངས་པའི་ཆོས་ཀྱི་འཁོར་ལོའི་མདོ་ལྟ་བུ།
དགོངས་འཆར་མིང་ཚིགབསམ་འཆར་གྱི་དོན་ཏེ།ཚོགས་ཞུགས་པ་ཚང་མས་བསམ་འཆར་ལྷུག་པོར་བཏོན་ལྟ་བུ།
དགོངས་འདུས་མིང་ཚིགརྙིང་མ། མདོ་དགོངས་པ་འདུས་པ་དང་དོན་གཅིག།
དགོངས་འདུས་མིང་ཚིགགཏེར་སྟོན་སངས་རྒྱས་གླིང་པའི་གཏེར་ཆོས་བླ་མ་དགོངས་འདུས།
དགོངས་འདུས་སྔགས་འབུམ་ལས་བྱུང་བའི་ནད་བརྒྱ་སྔགས་གཅིག་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ནད་བརྒྱ་སྔགས་གཅིག་སྐོར་གྱི་ནང་ཚན་ནད་སྔགས་ཚན་པ་ཞིག།
དགོངས་ཡངས་མིང་ཚིགབསམ་བློ་གུ་ཡངས་སམ། བློ་རྒྱ་ཆེ་བའི་དོན་ཏེ།ནོར་འཁྲུལ་ལ་དགོངས་ཡངས་གནང་ལྟ་བུ།
དགོངས་རྫོགས་མིང་ཚིགཤི་བོ་ལ་དགེ་རྩ་བསྒྲུབས་པའི་དོན་ཏེ། དམ་པ་ཁོང་གི་དགོངས་རྫོགས་ལ་མཆོད་མེ་གང་མང་སྦར་ལྟ་བུ།
དགོངས་རྫོགས་དུས་མཆོད་མིང་ཚིགབླ་མ་སྐྱེས་ཆེན་དམ་པ་གཤེགས་པའི་དུས་ཚིགས་ཀྱི་མཆོད་པ་ལ་ཟེར།
དགོངས་རྫོགས་རྗེས་དྲན་མིང་ཚིགགཤེགས་པའམ་སྐུ་གྲོངས་པའི་དྲན་གསོ་ཞུ་བ་ལ་ཟེར།
དགོངས་ལྡེམ་དྲང་གསུམ་མིང་ཚིགདགོངས་པ་དང་ནི་ལྡེམ་དགོངས་དང། །འཇིག་རྟེན་པ་ཡི་ཐེག་པ་ལ། །དགོངས་ཏེ་གསུངས་པའི་མདོ་རྒྱུད་ཀུན། །དེ་ལྟར་བདེན་པར་མི་བཟུང་ངོ་། །ངེས་པའི་དོན་དང་ཇི་བཞིན་སྒྲ། །འཇིག་རྟེན་འདས་པའི་ཐེག་པ་དང། །དྲང་པོར་དགོངས་པ་རྣམས་ལ་ནི། །ཇི་སྐད་གསུངས་བཞིན་བདེན་པར་བཟུང། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། བཤད་ཚུལ་གྱི་སྒོ་ནས་དགོངས་པ་དང། ལྡེམ་པོར་དགོངས་པ་དང། དྲང་པོར་དགོངས་པ་དང་གསུམ་ཡོད་དེ། ཉེས་པ་བརྒྱད་ཀྱི་གཉེན་པོར་དགོངས་པ་ཅན་རྣམ་པ་བཞི་གསུངས་པ་དང། དགོངས་གཞིའི་ཆེད་དུ་ལྡེམ་དགོངས་བཞི་གསུངས་པ་དང། སྒྲ་ཇི་བཞིན་གྱི་དོན་ཉམས་སུ་ལེན་པའི་ཆེད་དུ་དྲང་པོར་གསུངས་པ་རྣམས་སུ་ཡོད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
དགོངས་ཤོག་མིང་ཚིགལས་ཁུངས་དང་སློབ་གྲྭ་སོགས་ནས་དགོངས་པ་ཞུས་ནས་འགྲོ་དགོས་སྐབས། ཆོག་མཆན་སྤྲད་པའི་འཛིན་ཤོག་ཅིགབདུན་ཕྲག་གཅིག་ལ་དགོངས་ཤོག་ཅིག་ལེན་དགོས་ལྟ་བུ།
དགོངས་སྐོར་མིང་ཚིགབྱ་བྱེད་གང་བྱེད་དགོས་བཀའ་འདྲི་གྲོས་སྡུར་ཞུ་བ།ལས་དོན་ཆེ་ཕྲ་གང་ཡིན་ཡང་འགོ་ཁྲིད་ལ་དགོངས་སྐོར་ཞུས་ནས་ཐག་བཅད་ལྟ་བུ།
དཎྜིའི་དགོངས་རྒྱན་མིང་ཚིགཕྱི་ལོ་ ༡༦༧༨ ལོར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་སྙན་ངག་མེ་ལོང་གི་འགྲེལ་བ།
དཔལ་ཡང་དག་གི་ངེས་དོན་རུ་ལུའི་དགོངས་པ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༩༠༥ ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་གཅིག་ལ་རུ་ལུ་བཟླས་སྐབས་ཤིག་ཏུ་ཐུགས་ལས་ཤར་མར་ཕབ་པའི་ཚིགས་བཅད་ཅིག
དཔལ་རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་སྦྱིན་སྲེག་གི་ཆོ་ག་མིང་ཚིགསློབ་དཔོན་ཀོང་ཀ་སྦྱིན་གྱིས་མཛད་པའི་དཔལ་རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་སྦྱིན་སྲེག་གི་ཆོ་ག པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་མཚུར་ཛྙཱ་ན་ཨཱ་ཀ་རས་བསྒྱུར། བསྟན་འགྱུར་རྒྱུད་ཟ་པར་བཞུགས།
དབུ་མའི་རྣམ་བཤད་དགོངས་པ་རབ་གསལ་མིང་ཚིགརྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ཞེས་པའོ། །
དམོད་པ་དྲག་སྔགས་ཀྱི་ངེས་དོན་དགོངས་པ་མིང་ཚིགཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོའི་ཧོར་ཟླ་བདུན་པའི་ཚེས་བཞི་ལ་མཛད་པའི་དམོད་པ་དྲག་པོའི་སྐོར་དང་འབྲེལ་བའི་ཚིགས་བཅད་ཅིག
དུས་གཞན་ལ་དགོངས་པ་མིང་ཚིགམདོ། ལེ་ལོའི་གཉེན་པོར་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་དེར་སྐྱེ་ཞེས་པ་ལྟ་བུའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། དུས་གཞན་མ་འོངས་པ་ལ་སྐྱེ་བ་ལ་དགོངས་ནས། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་ན་དེར་སྐྱེའོ་ཞེས་པ་ལྟ་བུ་ཡིན། དགོས་པ་ནི། ལེ་ལོའི་གཉེན་པོའོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། །
དུས་གཞན་ལ་དགོངས་པའི་མདོ་མིང་ཚིགམདོ། ཕར་ཕྱིན། རང་རྒྱུད་པ། མ་འོངས་པ་ན་ཐོབ་པར་འགྱུར་བའི་ཆོས་གང་ཞིག་ད་ལྟ་ཉིད་དུ་ཐོབ་བྱར་གསུངས་པའི་དྲང་དོན་གྱི་མདོ་ཞིག་ལ་དུས་གཞན་ལ་དགོངས་ནས་གསུང་པའི་མདོ་ཞེས་ཟེར། དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དུས་གཞན་ལ་དགོངས་པ་ནི། མ་འོངས་པ་ན་བདེ་བ་ཅན་དུ་སྐྱེ་བ་ཡོད་པ་ལ་དགོངས་ནས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་ན། དེ་མ་ཐག་བདེ་བ་ཅན་དུ་སྐྱེ་བར་གསུངས་པའི་མདོ་ལྟ་བུ། ཞེས་གསུངས་སོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ཞེས་བྱ་བ་མིང་ཚིགབཀའ་འགྱུར་རྙིང་རྒྱུད་ག་པར་བཞུགས།
དེ་བཞིན་གཤེགས་པ་ཡོངས་སུ་དགོངས་པའི་རྒྱལ་པོ་མིང་ཚིགམདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། རིན་ཆེན་བཀོད་པའི་འཇིག་རྟེན་གྱི་ཁམས་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་རིན་པོ་ཆེ་གཅལ་དུ་བཀྲམ་པས་རྣམ་པར་བཀྲམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ནས། དེ་བཞིན་གཤེགས་པ་ཡོངས་སུ་དགོངས་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། དེ་བཞིན་ཉིད་དུ་ཀུན་རིག་ན། །དེས་ཁྱབ་གར་གནས་སངས་རྒྱས་ཞིང༌། །ཡོན་ཏན་རིན་ཆེན་སྤྲིན་བཀོད་པ། །བགྲོད་པར་བྱ་བ་ཅི་ཡང་མེད། །ཅེས་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས།
དོན་གཞན་ལ་དགོངས་པ་མིང་ཚིགམདོ། ཕ་དང་མ་ནི་བསད་བྱ་ཞིང། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་སྟེ། དོན་གཞན་དུ་བསྒྱུར་ནས་འཆད་དགོས་པའི་ཕྱིར་རོ། །དོན་ནི། ལས་དང་སྲེད་པ་སྤང་བྱ་ཞིང་། །སྦྱོར་བའི་རྣམ་ཤེས་མཆོག་འཛིན་གཉིས། །སྐྱེ་མཆེད་སྤྱོད་ཡུལ་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། དངོས་སུ་གསུངས་པའི་སྒྲ་དེ་ཉིད་དོན་གཞན་ལ་དགོངས་ནས་གསུངས་པ་སྟེ། ཕ་དང་མ་ནི་གསད་བྱ་ཞིང་། །ཞེས་སོགས་དང་། དོན་གང་ལ་དགོངས་ཞེ་ན། ལས་དང་སྲེད་པ་སྤང་བྱ་ཞིང་། །ཞེས་སོགས་དང་། དགོས་པ་ནི། ཆོས་ནི་རྟོགས་པར་སླ་བས་དམན་པ་ཡིན་ནོ་ཞེས་པའི་གཉེན་པོའོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། །
དོན་གཞན་ལ་དགོངས་པའི་མདོ་མིང་ཚིགམདོ། ཕར་ཕྱིན། རང་རྒྱུད་པ། དོན་གཞན་ཞིག་གོ་བའི་ཕྱིར་དུ་སྒྲས་ཟིན་ལ་གཞན་ཞིག་སྟོན་པའི་དྲང་དོན་གྱི་མདོ་ཞིག་ལ་དོན་གཞན་ལ་དགོངས་པའི་མདོ་ཞེས་བརྗོད།ཕ་དང་མ་ནི་གསད་བྱ་ཞིང། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པའི་མདོ་ལྟ་བུ། དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དོན་གཞན་ལ་དགོངས་ལུགས་ནི། ཕ་མ་གཉིས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་འདུ་བྱེད་དང་སྲིད་པ། རྒྱལ་པོ་ནི་དེའི་ནང་ཚན་དུ་གྱུར་པའི་རྣམ་ཤེས། གཙང་སྦྲ་ཅན་གཉིས་ནི་ལྟ་བ་མཆོག་འཛིན་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གཉིས། ཡུལ་འཁོར་ནི་འཁོར་བས་བསྡུས་པའི་མིག་སོགས་སྐྱེ་མཆེད་དྲུག འཁོར་བཅས་ནི་འཁོར་བས་བསྡུས་པའི་ཕྱིའི་སྐྱེ་མཆེད་ཡིན་ལ། དེ་དག་གཉེན་པོའི་སྟོབས་ཀྱིས་བཅོམ་ན། དེ་འདྲའི་མི་དེས་དག་པ་བྱང་ཆུབ་ཐོབ་ཅེས་པའི་དོན་ནོ། །ཞེས་གསུངས།
དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་གནས་ལྔ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ ༡ དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ངེས་པའི་དོན་ཟབ་མོ། ཟབ་པར་སྣང་བ། སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་གང་ཡིན་པའོ། །༢ འདུལ་བའི་ཉེས་པ་ལ་མཁས་པ་དང་། ཉེས་པ་ལས་འབྱིན་པ་ལ་མཁས་པའོ། །༣ མ་མོ་ལ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྣམ་པར་གཞག་པའོ། །༤ དགོངས་པ་ཅན་བརྟག་དཀའ་བའི་ཆོས་ཀྱི་མིང་དང་། དོན་རྣམ་པར་འབྱེད་པའོ། །༥ ཆོས་ཐམས་ཅད་ཅད་ཀྱི་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། རྣམ་པར་རབ་ཏུ་དབྱེ་བའོ། །
དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱི་ལེའུ་མིང་ཚིགའཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་མདོ་སྡེ་ཅ་པར་བཞུགས།
ནད་དགོངས་མིང་ཚིགནད་པར་སྨན་བཅོས་དང་ངལ་གསོའི་ཆེད་དུ་སྤྲད་པའི་གནང་བའམ་གུང་གསེང་།སློབ་ཕྲུག་དེས་བདུན་ཕྲག་གཅིག་ལ་ནད་དགོངས་ཞུས་སོང་ལྟ་བུ།
ཕུར་པའི་འཛབ་དགོངས་མིང་ཚིགཕུར་པའི་འཛབ་དགོངས་དམིགས་པའི་འཁྲུལ་འཁོར་གྱི་ཆོས་ཚན། ཚེ་དབང་ནོར་བུས་མཛད་པའི་གཞུང་ཚན་ཞིག
བཀའ་གསུངས་པའི་དགོངས་པ་བཞི་མིང་ཚིགཉོན་མོངས་པའི་གཉེན་པོར་འགྲོ་བ། སེམས་ཅན་གྱི་དོན་དུ་འགྱུར་བ། དངོས་པོར་འཛིན་པའི་ཞེན་པ་ཟློག་པ། འབྲས་བུ་མངོན་དུ་འགྱུར་བའོ། །