Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་བཅུ་དག་ཏུ་བག་ཡོད་པར་བྱ་བ་བཅུ་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ལྟུང་བ་ལས་བརྩམས་པའི་བག་ཡོད་པ། སྙོམས་པར་འཇུག་པ་ལས་བརྩམས་པའི་བག་ཡོད་པ། སྐྱེ་བ་ལས་བརྩམས་པའི་བག་ཡོད་པ། བསོད་སྙོམས་ལས་བརྩམས་པའི་བག་ཡོད་པ། འཕྲལ་གྱི་བྱ་བ་ལས་བརྩམས་པའི་བག་ཡོད་པ། ཐོས་པ་ཡོངས་སུ་ཚོལ་བ་ལས་བརྩམས་པའི་བག་ཡོད་པ། དམ་པའི་ཆོས་བསམ་པ་ལས་བརྩམས་པའི་བག་ཡོད་པ། རབ་ཏུ་དབེན་པ་ལས་བརྩམས་པའི་བག་ཡོད་པ། རྟོགས་པའི་མཐའ་ལས་བརྩམས་པའི་བག་ཡོད་པ།
དགྲ་འདུལ་གཉེན་སྐྱོང་མིང་ཚིགསྡང་དགྲ་བོའི་གཉའ་གནོན་པ་དང་། གཉེན་ཉེ་བའི་རྒྱབ་སྐྱོར་བྱེད་པའོ། །དགྲ་འདུལ་གཉེན་སྐྱོང་བྱེད་མཁན་གྱི་དཔོན་པོ་ཞེས་པ་ལྟ་བུ།
དགྲ་འདུལ་དཔུང་འཇུག་མིང་ཚིགམི་མཐུན་ཕྱོགས་ཀྱི་དཔུང་ངམ་སྡང་དགྲ་བོ་འདུལ་བའི་ཆེད་དུ་དམག་དཔུང་འདྲེན་པའི་དོན།
དངུལ་ཆུ་གྲང་འདུལ་མིང་ཚིགདངུལ་ཆུ་དང༌། གཤའ་དཀར། ཞ་ཉེ། མར་ནག་མར་ཁུ་རྣམས་ལྷན་དུ་ལྕགས་སྣོད་ནང་བསྐོལ་ནས་ཁོལ་བའི་ཚེ་རྡོ་གཞོང་གྲང་མོའི་སྟེང་དུ་བསྣུར་ཞིང་། བ་ཆུའམ་སྟར་བུའི་ཆུས་ལན་གསུམ་བཀྲུས་པ་ལ་ཟེར་ཏེ། ནུས་པས་སྦྱར་དུག་དང༌། མཆིན་ནད། བད་ཀན་སྨུག་པོ་སོགས་ལ་ཕན།
དངུལ་ཆུ་ཚ་འདུལ་མིང་ཚིགམུ་ཟི་སེར་པོ་ལྕགས་སྣོད་དུ་བཞུས་པའི་སྟེང་དངུལ་ཆུ་བླུགས་ནས་ལྕགས་ཐུར་གྱིས་དཀྲུགས་ཤིང་སྔོན་པོར་སོང་བའི་ཚེ་རྡོ་གཞོང་ཚན་མོར་བསྣུར་ནས་དབྱེར་མེད་དུ་འདྲེས་པའི་ཕྱེ་མ་སྔོ་ནག་ལ་ཟེར་ཏེ། ནུས་པས་གག་ལྷོག་དང༌། གཉན་གཟེར། འབྲུམ་ནག་མཛེ་འབྲས་སོགས་ལ་ཕན།
དཔའ་བོ་དགྲ་འདུལ་མིང་ཚིགདགྲ་སོགས་དང་འཐབ་པར་ཡ་ང་དང་བག་ཚ་མེད་པའི་དཔེ།མི་སེར་ཉམ་ཆུང་ཚོའི་ཐོག་ལ་དཔའ་བོ་དགྲ་འདུལ་མ་བྱེད་ཅེས་པ་ལྟ་བུ།
དཔལ་ཆེན་བདུད་འདུལ་གླིང་མིང་ཚིགརྗེ་བསྟན་འཛིན་ཕུན་ཚོགས་ཀྱིས་སྐུ་ཚེའི་སྨད་ཙམ་ལ་ཕྱག་བཏབ་པའི་རཏྣའི་ཕུར་པ་སོགས་ཕྱག་རྫོགས་ཟུང་འབྲེལ་གྱི་སྒྲུབ་སྡེ་ཞིག་གི་མིང་ཡིན། འདི་ནི་གནས་རྒན་མའི་བྱང་ཤར་གནས་མཆོག་ཁྲ་ཡག་སྟག་རྩེའི་མདུན་རོལ་ན་ཡོད་ཅིང་། དེང་དུས་སྔར་ཤུལ་ཉམས་གསོའི་སྐབས་བསྟུན་སྐྱོ་བྲག་ཁང་ནེ་དགོན་པའི་ཆོས་གྲྭ་བཀའ་བརྒྱུད་བཤད་སྒྲུབ་གླིང་ཞེས་པ་དེ་ཆགས་ཡོད།
དཔལ་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མིང་ཚིགསློབ་དཔོན་ཆེན་པོ་བློ་བཟངས་སྐྱོང་གིས་མཛད་པའི་དཔལ་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག རྒྱ་གར་གྱི་པཎྜི་ཏ་སྒྲ་པཱ་ཎི་ནི་ཡོངས་སུ་རྫོགས་པའི་སྙན་དངགས་དང་ཚིག་གི་སྡེབ་ལ་མཁས་པ་ནོན་ནི་པཎྜི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་རི་བོ་ཆེན་པོ་སྤུ་ཏྲའི་མགུལ་དུ་བསྒྱུར། ཆོས་ཚན་འདི་པེ་ཅིང་པར་མ་དང་། སྣར་ཐང་པར་མ་གཉིས་ལ་མི་བཞུགས། བསྟན་འགྱུར་རྒྱུད་ནུ་པར་བཞུགས།
དཔལ་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་མིང་ཚིགསློབ་དཔོན་ཆེན་པོ་བློ་བཟངས་སྐྱོང་གིས་མཛད་པའི་དཔལ་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག ཤོ་ལོ་ཀའི་གྲངས་ཚིགས་བཅད་བདུན་བརྒྱ་པ། རྒྱ་གར་གྱི་པཎྜི་ཏ་སྒྲ་པཱ་ཎཱི་ནི་ཡོངས་སུ་རྫོགས་པའི་སྙན་དངགས་དང་ཚིག་གི་སྡེབས་ལ་མཁས་པ་ནོན་ནི་པཎྜི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་བསྒྱུར། ཆོས་ཚན་འདི་པེ་ཅིང་པར་མ་སྣར་ཐང་པར་མ་གཉིས་ལ་མི་བཞུགས། བསྟན་འགྱུར་རྒྱུད་ཐུ་པར་བཞུགས།
དཔལ་འབྱུང་པོ་འདུལ་བྱེད་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས་མིང་ཚིགམཁས་པ་ཨ་བྷ་ཡས་མཛད་པའི་དཔལ་འབྱུང་པོ་འདུལ་བྱེད་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར། བསྟན་འགྱུར་རྒྱུད་བུ་པར་བཞུགས།
དཔལ་འབྱུང་བོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ་མིང་ཚིགདཔལ་འབྱུང་བོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། བསྟན་འགྱུར་རྒྱུད་མུ་པར་བཞུགས།
དབང་སྡུད་འདུལ་བའི་ཕྱག་རྒྱ་མིང་ཚིགསྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཅུ་དགུ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྣང་སྲིད་སྐུ་རུ་དབང་འདུས་ཤིང་། ལོག་པའི་སྣང་བ་ཐུགས་རྗེས་བཟློག དབང་སྡུད་འདུལ་བའི་ཕྱག་རྒྱ་ཡིན། ཞེས་པས། དེའི་ཚིག་དོན་ནི། སྤྲུལ་པའི་སྐུ་དེར་ལས་བཞི་ལྷུན་གྱིས་གྲུབ་པས་སྣང་སྲིད་སྣོད་བཅུད་ཐམས་ཅད་སྐུ་ལ་དབང་དུ་འདུས་ཤིང་། གདུལ་བྱ་ལ་ལོག་པའི་སྣང་བ་རྣམས་ཀྱང་ཐུགས་རྗེའི་ཐབས་ཀྱིས་ཟློག་པར་མཛད་ནས། དེ་དག་དབང་དུ་སྡུད་ཅིང་འདུལ་བར་མཛད་པའི་དོན་ནོ། །
དབུ་ཕར་འདུལ་མཛོད་མིང་ཚིགདབུ་མ། ཕར་ཕྱིན། འདུལ་བ། ཆོས་མངོན་པ་མཛོད་བཅས་སོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་དེའི་སྟོབས་དཔག་ཏུ་མེད་པ་བརྟུལ་ཕོད་པ་འདུལ་བར་གསུངས་པ་ཞེས་བྱ་བའི་རྟོག་པ་མིང་ཚིགརྒྱ་གར་གྱི་མཁན་པོ་ཨུ་ལ་ཤ་མ་རཀྵི་ཏའི་ཞལ་སྔ་ནས་ལོཙྪ་བ་གླན་དགེ་སློང་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས། ཕྱིས་སུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་རྒྱ་དཔེ་ལ་ལེགས་པར་གཏུགས་ཏེ་གཏན་ལ་ཕབ། སླད་ཡང་དགེ་སློང་ཨཱ་ནནྡ་མངྒ་ལཾ་གྱིས་བི་ཀྲ་ལ་ཤཱི་ལའི་གཙུག་ལག་ཁང་གི་རྒྱ་དཔེ་ལ་གཏུགས་ནས་མི་འཆོས་སུ་མི་རུང་བ་རྣམས་ལེགས་པར་བཅོས་ཏེ་དག་པར་བགྱིས། བཀའ་འགྱུར་རྒྱུད་འབུམ་ཐ་པར་བཞུགས།
དོན་གྱི་དབང་གཉིས་མཐོང་བས་ཆོས་འདུལ་བ་ལ་རབ་ཏུ་བྱུང་བར་ཁས་བླང་བ་བྱ་བ་གཉིས་མིང་ཚིགདཀོན་བརྩེགས་འཕགས་པ་བྱམས་པའི་སེེང་གེའི་སྒྲ་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ཚེ་འདི་ལ་འབྲས་བུ་ཐོབ་པར་འགྱུར་བ། མ་འོངས་པ་ན་བདག་གིས་སངས་རྒྱས་ཀྱི་ཆོས་མཐོང་བའི་རྒྱུར་འགྱུར་བའོ། །
དྭགས་པོ་འདུལ་འཛིན་མིང་ཚིགརབ་བྱུང་གཉིས་པའི་ཤིང་སྟག་ཕྱི་ལོ་ ༡༡༣༤ ལོར་དྭགས་པོ་ཟེས་དཀར་དུ་བོན་རིགས་སུ་འཁྲུངས། བཅུ་པར་དྭགས་པོ་ལྷ་རྗེ་ལས་སྒྲོལ་མ་དཀར་མོ་དང་། མགོན་པོའི་རྗེས་གནང་། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་རྣམས་ཞུས། གནས་མཁར་དུ་སྣུབས་སྒོམ་ཆུང་ལས་བསྙེན་པར་རྫོགས། མདོ་ཁར་བ་ལས་ཕར་ཕྱིན་གསན། ཤ་མི་འདུལ་འཛིན་ཅན་ལས་འདུལ་བར་བསླབས། རྗེ་སྒམ་པོ་པ་ལས་དམ་ཆོས་མ་ལུས་པའི་དབང་ལུང་ཁྲིད་གསུམ་གསན། ཞབས་ཕྱི་ཡང་ཡུན་རིང་མཛད། དྭགས་པོ་སྒོམ་ཆུང་ཤེས་རབ་བྱང་ཆུབ་ལས་གདམས་ངག་མང་དུ་ཞུས། དྭགས་ལྷ་སྒམ་པོའི་གདན་སར་བཞུགས། སློབ་མའི་ཚོགས་ལ་འདུལ་བའི་བཤད་པ་རྒྱ་ཆེར་སྤེལ། ལོ་བརྒྱད་རིང་ཐུགས་དམ་རྩེ་གཅིག་ཏུ་སྒོམ་མཛད། རྟོགས་པའི་ཡོན་ཏན་བརྙེས། གཙུག་ལག་ཁང་གསར་བཞེངས་མཛད། རབ་བྱུང་བཞི་པའི་ས་སྟག་ཕྱི་ལོ་ ༡༢༡༨ ལོར་སྐུ་གཤེགས། དྭགས་ལྷ་སྒམ་པོའི་གདན་རབས་བཞི་པ་ཡིན།
དྲན་པས་འདུལ་བ་སྦྱིན་པ་མིང་ཚིགའདུལ་བ་ལས་བཤད་པའི་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གྱི་ཡ་གྱལ་ཞིག་ལྟུང་བ་གླེངས་ནས་གསལ་པོར་མི་དྲན་པ་ལ་ལྟུང་བ་བྱུང་མ་བྱུང་དྲན་དུ་བཅུག་ནས་མ་བྱུང་བར་ངེས་ན་དག་པ་སྦྱིན། བྱུང་བར་ངེས་ན་ཕྱིར་བཅོས་ཏེ་གདམས་ངག་སྦྱིན་པར་བྱེད་པ།
དྲེགས་འདུལ་སྟོབས་ལྡན་མིང་ཚིགསྔོ་སྨན་མིང་ཅན། དྲེག་ནད་འདུལ་བར་སྟོབས་ཆེ་བས་སོ། །
ཁ་རག་པ་འདུལ་བ་འོད་མིང་ཚིགདུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་གྲ་ཡུལ་ལ་འཁྲུངས། ཁོང་རབ་བྱུང་གསུམ་པའི་ཤིང་བྱ་ཕྱི་ལོ་ ༡༡༦༥ ལོར་གུང་ཐང་བླ་མ་ཞང་གི་སྤྱན་སྔར་ཚལ་དགོན་ཁྲ་མོར་བྱོན། ཆོས་ཐམས་ཅད་ཞུས་ཤིང་ཡུང་བུ་གད་པར་འདག་སྦྱར་ལོ་གསུམ་མཛད། སྒྲུབ་པ་ཉམས་ལེན་མཛད། རིའུ་ཆུང་གི་རྩེར་བླ་མ་ཞང་དང་། མཁན་པོ་འབན་ཐང་པ། དད་པའི་དགེ་འདུན་བཅུ་གསུམ་གྱི་སར་རབ་ཏུ་བྱུང་། མཚན་ལ་དགེ་སློང་དངོས་གྲུབ་བླ་མ་ཞེས་གསོོལ། ཕྱིས་སུ་ཞང་རིན་པོ་ཆེས་འདུལ་བ་འོད་དུ་གསོལ། རྟོགས་ལྡན་ཉག་པོ་སེང་གེ་ཡང་གྲགས། རབ་བྱུང་གསུམ་པའི་ལྕགས་གླང་ཕྱི་ལོ་ ༡༡༨༡ ལོར་ཁ་རག་གི་རི་དགོན་གསར་འདེབས་མཛད། གུང་ཐང་བླ་མ་ཞང་དང་མཐའ་བཞི་དོལ་དུ་འཁྲུག་པ་ཆེན་པོ་བྱུང་བའི་དུས། གཡུལ་དུ་ཕེབས་ནས་བླ་མའི་ཐུགས་དགོངས་རྫོགས་པར་མཛད། ཁ་རག་གི་ཤར་དུ་བཀྲ་ཤིས་ཀུན་དགའ་དང་། ནུབ་ཏུ་གསལ་སྟེང་། ཕུ་སྟོད་དུ་དོ་བོ་རི། བྱང་དུ་ཁ་ལུང་བཅས་གསར་འདེབས་མཛད། བཤས་སྒྲུབ་ཀྱི་བསྟན་པ་སྤེལ། བཀྲ་ཤིས་ཀུན་དགར་བཞུགས་སྐབས་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་ཞལ་གཟིགས། དོ་བོ་རིར་བཞུགས་དུས་ཐོག་བབས་བྱུང་བ་ཆོས་གོས་ཀྱི་མཐུ་བར་བཅུག་སྟེ། བྲག་ཁར་བསྐྱུར་བ་སོགས་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་མཛད། གདུང་བཞུ་བའི་སྐབས་ཆོས་གོས་དང་། ཐུགས་ལྗགས་མ་ཚིག་པ་སོགས་ངོ་མཚར་བའི་རྣམ་ཐར་མང་། མཚན་གཞན། དགེ་སློང་དངོས་གྲུབ་བླ་མ། ཞང་རིན་པོ་ཆེས་འདུལ་བ་འོད། རྟོགས་ལྡན་ཉག་པོ་སེང་གེ།
ཕ་རོལ་པ་རྣམས་ཀྱི་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་སྐྱོན་དང་བཅས་པ་བདུན་མིང་ཚིགརྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། རྟོགས་པའི་སྐྱོན། སྤྱོད་པའི་སྐྱོན། རྟེན་གྱི་སྐྱོན། རྟོག་པའི་སྐྱོན། འབད་པའི་སྐྱོན། ལྷག་པའི་སེམས་ཀྱི་སྐྱོན། ལྷག་པའི་ཤེས་རབ་ཀྱི་སྐྱོན་ནོ། །
ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་སྔགས་མིང་ཚིགབཀའ་འགྱུར་རྒྱུད་ཨོྃ་པར་བཞུགས།
ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་སྔགས་མིང་ཚིགགསང་སྔགས་རྒྱུད་སྡེ་བཞིའི་གཟུངས་སྔགས་དང་སྙིང་པོ་བྱིན་རླབས་ཅན་རྣམས་ཕྱོགས་གཅིག་ཏུ་རིན་པོ་ཆེ་བུ་སྟོན་པས་བཀོད་པ་སྟོད་ན་བླ་མ་བརྒྱུད་པའི་མཚན་འབུམ་མང་པོ་དང་བཅས་པ་རྣམས་བཞུགས་པའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་ཨོཾ་པར་བཞུགས།
ཕྱུགས་འདུལ་བ་མིང་ཚིགསྒོ་ཕྱུགས་ཀྱི་རིགས་ལ་རྨོ་ལས་དང་ཁལ་འགེལ་སོགས་སློབ་པའི་དོན།འབྲོག་པ་ཚོ་ཕྱུགས་འདུལ་བ་ལ་མཁས་ལྟ་བུ།
བདག་འདུལ་བའི་མཆོད་པའི་ལེའུ་མིང་ཚིགམངོན་པར་བརྗོད་པའི་རྒྱུད་བླ་མ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཀ་པར་བཞུགས།
བདུད་འདུལ་མིང་ཚིགབདུད་ཀྱི་སྡེ་འཇོམས་པའི་དོན་ཏེ།གླིང་གེ་སར་བདུད་འདུལ་བར་ཕེབས་ལྟ་བུ།
བདུད་འདུལ་མིང་ཚིགསངས་རྒྱས་ཀྱི་མཚན་ཏེ། སངས་རྒྱས་ཀྱིས་ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད། འཆི་བདག་གི་བདུད། ལྷའི་བུ་བདུད་བཅས་བདུད་བཞི་རྣམས་བཏུལ་བས་སོ། །
བདུད་འདུལ་གཏེར་བྱོན་འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་དམར་མོ་བཅས་ཀྱི་སྒྲུབ་ཐབས་མིང་ཚིགརིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་དམར་མོ་བཅས་ཀྱི་སྒྲུབ་ཐབས་ཀྱི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་མཛད་པའི་གཏེར་ཆོས་ཤིག
བདུད་འདུལ་གདན་མིང་ཚིགརྩྭ་ཀུ་ཤ་སྟེ། སྔོན་སངས་རྒྱས་ཤཱཀྱ་མུ་ནེས་རྡོ་རྗེ་གདན་དུ་སྲོད་ལ་བདུད་བཏུལ་བའི་དུས་རྩྭ་ཀུ་ཤ་གདན་བྱས་པས་སོ། །
བདུད་འདུལ་དཔའ་བོའི་ཆས་སུ་བསྙེན་པ་མིང་ཚིགསྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ་བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་ཡི་དམ་ཁྲོ་བོར་བསྒྲུབ་པ་ལ་ཁྲོ་རྒྱལ་དཔའ་བོའི་ཆས་སུ་ཞུགས་ཏེ་རུས་རྒྱན་སོགས་གསོལ་ཞིང་བརྒྱན་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། གཡང་གཞི་བྱང་བུ་ཀས་མ་ཧྲལ། བདུད་འདུལ་དཔའ་བོའི་ཆས་སུ་བསྙེན། ཞེས་པས། གཡང་གཞི་དང་བྱང་བུ་སྟག་གི་ཀས་མ་ཧྲལ་སོགས་རུས་པའི་ཆས་འདི་རྣམས་ཀྱང་མ་རུང་བདུད་སྲིན་དྲེགས་པ་ཅན་གང་ཞིག གཞོམ་ཞིང་ཟིལ་གྱིས་གནོན་པའི་སྐབས་སུ་ཡི་དམ་ཁྲོ་རྒྱལ་གྱི་ཆས་སུ་ཞུགས་ཏེ་གསོལ་ཞིང་བརྒྱན་པར་ཡང་མཛད་པའི་དོན་ནོ། །དེ་ལ་ཡང་ནང་གི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ནང་ཡི་དམ་ལྷ་ཡི་ཆས་ཡིན་པས་ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
བདུད་འདུལ་བ་བཞི་མིང་ཚིགདཀོན་བརྩེགས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ ཆོས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ། ༢ ཚུལ་བཞིན་དུ་སྦྱོར་བ། ༣ ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ། ༤ མཚན་མ་ཐམས་ཅད་ལ་མི་གནས་པའོ། །
བདུད་འདུལ་བ་སྟོན་པ་བཅུ་མིང་ཚིགཕལ་ཆེན་ལེའུ་ཞེ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་བྱུང་བ་སྟེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ན་འཐབ་མོ་དང༌། གཡུལ་ལ་མོས་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཆེ་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །ཡིད་གཉིས་དང༌། ཐེ་ཚོམ་དུ་གྱུར་པའི་མི་དང༌། ལྷ་རྣམས་ཀྱི་ཡིད་གཉིས་དང༌། ཐེ་ཚོམ་གཅད་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །བདུད་ཀྱི་སྡེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །འཐབ་མོ་དང༌། གཡུལ་ལ་མོས་པའི་ལྷ་དང༌། མི་རྣམས་ཀུན་ནས་བསྡུ་བ་དང༌། ཀུན་ནས་འདུས་པའི་ལྷ་དང་མི་རྣམས་འདུལ་བའི་དབང་གི་ཕྱིར་བདུད་འདུལ་བ་སྟོན་ཏོ། །བྱང་ཆུབ་སེམས་དཔའི་མཐུ་ལ་ཐུབ་པ་མེད་པ་ཡོངས་སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སེམས་ཅན་གཞན་མོས་ཤིང་སྤྲོ་བར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཕྱི་མའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སྙིང་པོ་བྱང་ཆུབ་ཀྱི་བར་གྱི་བདུད་ཀྱི་ལས་ཡོངས་སུ་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ཐམས་ཅད་ལས་འདས་པ་ཡོངས་སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཉོན་མོངས་པའི་སྟོབས་ཀྱིས་ཉམས་སྨད་ཅིང་སྟོབས་མེད་པར་བྱས་པ་ཡོངས་སུ་བསྟན་པ་དང༌། དགེ་བའི་རྩ་བ་བརྗོད་པ་དང༌། བྱམས་པའི་སྟོབས་ཡང་དག་པར་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་དག་ཏུ་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །
བདུད་འདུལ་བའི་མཛད་པ་མིང་ཚིགསློབ་དཔོན་རབ་དགའི་ལྷས་མཛད་པའི་སངས་རྒྱས་ཀྱི་བདུད་འདུལ་བའི་མཛད་པར་བསྟོད་པ། བསྟན་འགྱུར་བསྟོད་ཚོགས་ཀ་པར་བཞུགས།
བདུད་འདུལ་བར་བྱེད་པའི་ཆོས་བཞི་མིང་ཚིགདཀོན་བརྩེགས་འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ། ༢ ཕྲ་མའི་ཚིག་ཡོངས་སུ་སྤོང་བ། ༣ སྐྱེ་བ་མང་པོའི་དགེ་བའི་རྩ་བ་འཛིན་དུ་འཇུག་པ། ༤ སྒྲིབ་པ་མེད་པའི་བྱམས་པ་བསྒོམ་པའོ། །
བདུད་འདུལ་རྡོ་རྗེ་ཁྲོ་ལོད་ཀྱི་དབང་ཆོག་བྱིན་རླབས་མིང་ཚིགདམ་ཆོས་དགོངས་ཡོངས་འདུས་ལས། རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་གདན་དྲངས་པའི་བདུད་འདུལ་རྡོ་རྗེ་ཁྲོ་ལོད་ཀྱི་དབང་ཆོག་བྱིན་རླབས་སྤྲིན་འཕྲོ་བཀའ་རྒྱ་ཅན།
བདུད་འདུལ་རྡོ་རྗེ་ཁྲོ་ལོད་ཀྱི་དབང་ཆོག་བྱིན་རླབས་སྤྲིན་འཕྲོ་བཀའ་རྒྱ་ཅན་མིང་ཚིགདམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། བདུད་འདུལ་རྡོ་རྗེ་ཁྲོ་ལོད་ཀྱི་དབང་ཆོག་གི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
བདུད་འདུལ་རྡོ་རྗེའི་ཞལ་གདམས་སྤྲིང་ཡིག་མིང་ཚིགརིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། གཏེར་ཆེན་གྱིས་མཛད་པའི་ཞལ་གདམས་སྤྲིང་ཡིག
བདུད་འདུལ་སེང་གདོང་སྡེ་ལྔའི་བཟློག་པ་དུག་གི་ནག་པོ་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། བདུད་འདུལ་སེང་གདོང་སྡེ་ལྔའི་བཟློག་པ། རིག་འཛིན་བདུད་འདུལ་རྡོ་རྗེས་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
བདུད་འདུལ་སེང་གདོང་སྡེ་ལྔའི་སྒྲུབ་དབང་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། བདུད་འདུལ་སེང་གདོང་སྡེ་ལྔའི་སྒྲུབ་དབང་གི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
བདུད་འདུལ་སེངྒེའི་གདོང་པ་ཅན་གྱི་གསང་སྒྲུབ་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་ཡོངས་འདུས་ལས། རིག་འཛིན་བདུད་འདུལ་རྡོ་རྗེས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་བདུད་འདུལ་སེངྒེའི་གདོང་པ་ཅན་གྱི་གསང་སྒྲུབ་ཀྱི་ཆོས་ཚན།
བདུད་འདུལ་སེངྒེའི་གདོང་པ་ཅན་གྱི་གསང་སྒྲུབ་ཤིན་ཏུ་ཟབ་མོ་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། བདུད་འདུལ་སེངྒེའི་གདོང་པ་ཅན་གྱི་གསང་སྒྲུབ་ཀྱི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་སྤྲེའུ་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ཉིན་ལ་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
བཞུ་འདུལ་མིང་ཚིགགསེར་སོགས་སྲ་མཁྲེགས་ཀྱི་དངོས་པོ་མེ་ལ་བཞུས་ནས་འདུལ་བ་སྟེ།གསེར་བཞུ་འདུལ་བྱས་ལྟ་བུ།
བར་འདུལ་མིང་ཚིགབར་འདུལ་ཁ་ཆེའི་བརྒྱུད་པ་དང་དོན་གཅིག་ཡིན་པས་དེར་ལྟོས།
བར་འདུལ་ཁ་ཆེའི་བརྒྱུད་པ་མིང་ཚིགཀླུ་སྒྲུབ་ནས་རིམ་བཞིན་བརྒྱུད་པའི་མཐར། ཕྱིས་སུ་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ལས་ས་སྐྱ་པཎ་ཆེན་སོགས་བསྙེན་པར་རྫོགས་ཤིང་དེ་ལས་ཀྱང་རིམ་པར་དར་བའི་སྡོམ་རྒྱུན།
བལ་འདུལ་མིང་ཚིགབལ་རྣམས་ས་ངོས་གཙང་ཞིང་འཇམ་པ་ཞིག་ཏུ་སྤུངས་རྗེས། ཤིང་ཐུར་ཕྲ་མོ་རིང་ཐུང་ལ་ཁྲི་གསུམ་ཡས་མས་ཅན་ཞིག་གིས་བྲབས་ནས་བལ་སྐུད་འཁེལ་པེ་ལེན་བྱས་པའི་དོན།སང་ཉིན་བལ་འདུལ་རྒྱུ་ཡིན་ཞེས་པ་ལྟ་བུ།
བསྒྱུར་བས་འདུལ་བ་ལ་དགོངས་པ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་གྱི་ནང་གསེས་ཤིག་སྟེ། གདུལ་བྱ་ལ་སྣང་བའི་ལྷ་རིགས་ཐ་དད་ཀྱི་སྐུ་མདོག་གང་ལ་མོས་པ་ལྟར་བསྒྱུར་བའི་ཕྱིར་བསྒྱུར་བས་འདུལ་བ་ལ་དགོངས་པ་ཞེས་བྱ། དེའི་དོན་ནི་མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་བསྒྱུར་བས་འདུལ་བ་ལ་དགོངས་པ་ནི་འདི་ལྟ་སྟེ། བཻཌཱུརྱ་ལྟ་བུ་དང༌། ཀང་ཀ་རི་ལྟ་བུ་དང༌། ལེ་བརྒན་ལྟ་བུ་དང༌། གསེར་སྦྱངས་ལྟ་བུ་དང༌། སྣ་ཚོགས་ལྟ་བུའོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། རིགས་གང་ལ་མོས་པ་ལྟར་སྣང་བས་སོ་སོར་བསྒྱུར་བས་འདུལ་བ་ལ་དགོངས་པ་ནི། འདི་ལྟ༷་སྟེ། རྡོ་རྗེའི་རིགས་བཻ་ཌཱུརྱ་ལྟ་བུ་རྐྱེན་གྱིས་མི་འགྱུར་བས་མཐིང་ག་དང༌། དེ་བཞིན་གཤེགས་པའི་རིགས་ཀང་ཀ་རི་ལྟ་བུ་དྲི་མས་མ་བསླད་པས་དཀར་པོ་དང། པདྨའི་རིགས་ལེ་བརྒན་ལྟ་བུ་ཆགས་པ་མེད་པས་དམར་བ་དང༌། རིན་པོ་ཆེའི་རིགས་གསེར་སྦྱངས་པ་ལྟ་བུ་ཡེ་ཤེས་རྒྱས་པས་སེར་པོ་དང༌། ལས་ཀྱི་རིགས་སྣ༷་ཚོགས་པ་ལྟ་བུ་ཕྲིན་ལས་ཅིར་ཡང་མཛད་པས་ལྗང་གུའོ། །དེའང་རིགས་ལྔ་དང་ཡེ་ཤེས་ལྔ་དང་ཁ་དོག་ལྔ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སྦྱར་བའི་ཚུལ་ནི་རྒྱུད་ཀུན་ན་གསལ་ལ། དེ་ལྟར་སྐུ་མདོག་ལ་རང་བཞིན་བཞི་དང་རིགས་ལྔ་སྟེ་ཡན་ལག་དགུ་བཤད་པའོ། །ཞེས་གསུངས།
བྱ་འདུལ་འཛིན་བརྩོན་འགྲུས་འབར་མིང་ཚིགརབ་བྱུང་གཉིས་པའི་ལྕགས་ལུག་ཕྱི་ལོ་ ༡༠༩༡ ལོར་གཙང་རོང་གཡུང་དུ་འཁྲུངས། གཞོན་དུས་སུ་འབྲེ་ཆེན་པོ་ཤེས་རབ་འབར་ལས་རབ་བྱུང་བསྒྲུབས། མཚན་ལ་བརྩོན་འགྲུས་འབར་ཞེས་གསོལ། སོག་འདུལ་འཛིན་ལས་འདུལ་བ་སོགས་ཆོས་སྐོར་གསན། རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་འབར་དང་། རྨ་ཚོ་བྱང་ཆུབ་རྡོ་རྗེ་དགེ་སློབ་གཉིས་ལས་འདུལ་བ་ལེགས་པར་སྦྱངས། རྒྱལ་ཚ་ཞང་ཡེ་ལས་དབུ་ཚད་དང་། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ལས་ཡོ་ག་སོགས་གསན། ཟུལ་ཕུར་བཤད་གྲྭ་བཙུགས། ཚོགས་པ་ལོ་ངོ་དགུའི་རིང་བསྐྱངས། མན་ངག་ཉམས་ལེན་མཛད་དེ་བཞུགས། དོན་དྲུག་པ་རབ་བྱུང་གསུམ་པའི་མེ་ཁྱི་ཕྱི་ལོ་ ༡༡༦༦ ལོར་ཟུལ་ཕུའི་གཟིམས་ཁང་དུ་སྐུ་གཤེགས། སློབ་མ་བསྟན་འགྲོར་ཕན་ཐོགས་ནུས་པ་དོན་དྲུག་ཙམ་བྱོན། གྲགས་ཆེ་བ་ནི་རྩིས་པ་གཞོན་ནུ་སེང་གེ་དང་། གཙང་རོང་པ་ལྕེ་འདུལ་འཛིན། བྱའི་སྣག་དཔོན་རོག་ཆོས་དབང་བཅས་ཡིན།
བྱང་ཆུབ་སེམས་དཔའ་འདུལ་བ་འཛིན་པའི་ཆོས་བཅུ་མིང་ཚིགའཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། འདུལ་བའང་རབ་ཏུ་ཤེས། འདུལ་བའི་ཚུལ་ཡང་རབ་ཏུ་ཤེས། འདུལ་བ་ཟབ་པའང་རབ་ཏུ་ཤེས། འདུལ་བ་ཞིབ་པའང་རབ་ཏུ་ཤེས། རུང་བ་དང་མི་རུང་བའང་རབ་ཏུ་ཤེས། རང་བཞིན་གྱི་ཁ་ན་མ་ཐོ་བའང་རབ་ཏུ་ཤེེས། བཅས་པའི་ཁ་ན་མ་ཐོ་བའང་རབ་ཏུ་ཤེས། སོ་སོར་ཐར་པའི་བསླབ་པའི་གླེང་གཞི་དང་འབྱུང་བའང་རབ་ཏུ་ཤེས། ཉན་ཐོས་ཀྱི་འདུལ་བའང་རབ་ཏུ་ཤེས། བྱང་ཆུབ་སེམས་དཔའི་འདུལ་བའང་རབ་ཏུ་ཤེས་སོ། །
བྱང་ཆུབ་སེམས་དཔའ་འདུལ་བའི་ཆོས་བཅུ་མིང་ཚིགའཕགས་པ་དཀོན་བརྩེགས་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པ་རྣམས་ཡིན། བྱང་ཆུབ་ཀྱི་སེམས་བྱི་དོར་ཤིན་ཏུ་བྱས་པ་རྣམས་ཡིན། དབང་པོ་བསྡམས་པ་རྣམས་ཡིན། ལམ་དུ་ཞུགས་པ་རྣམས་ཡིན། ཁུར་ཆེན་པོ་འཁྱེར་ཕོད་པ་རྣམས་ཡིན། སེམས་ཅན་གྱི་དོན་རྣམས་ལ་ཡོངས་སུ་མི་སྐྱོ་བ་རྣམས་ཡིན། ཡང་དག་པས་འཚོ་བ་རྣམས་ཡིན། ཚུལ་འཆོས་པ་དང། ཁ་གསག་གི་རྙེད་པ་ཐམས་ཅད་དང་བྲལ་བ་རྣམས་ཡིན། གཡོ་སྒྱུ་དང་བྲལ་བ་རྣམས་ཡིན། དྲང་བའི་རང་བཞིན་ཅན་བས་དྲང་བ་རྣམས་ཡིན་ནོ། །
བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་འདུལ་བའི་རྒྱུ་མཐུན་པའི་རྨི་ལམ་བཞི་མིང་ཚིགའཕགས་པ་བཞི་པ་སྒྲུབ་པའི་མདོ་ལས་བྱུང་བ་སྟེ། གྱད་ཆེན་པོས་གྱད་ཐམས་ཅད་མནན་ནས་བ་དན་ཐོགས་ཏེ་འགྲོ་བར་མཐོང་བ། དཔའ་བོ་ཆེན་པོས་གཡུལ་ལས་འདས་ཏེ་འགྲོ་བར་མཐོང་བ། རྒྱལ་པོ་དབང་བསྐུར་བར་མཐོང་བ། བདག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་བདུད་འདུལ་བར་མཐོང་བའོ། །
བྱམས་མེ་ལྷ་མཆོག་བདུན་པ་ལྷ་སྤྲུལ་ཉི་མ་ཀུན་ཁྱབ་འཕྲིན་ལས་འགྲོ་འདུལ་མིང་ཚིགཁོང་གི་འཁྲུངས་ཡུལ། ནང་ཆེན་དགེ་རྒྱལ་ཤོག་གསར་ཕུག་པར། ཡབ་ཨ་ཏི་སྦོག་སྦོག་དང་། ཡུམ་ཨ་གྲོ་བཟའ་གསེར་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ ༡༩༦༢ ལོར་སྐུ་འཁྲུངས། བྱམས་མགོན་སི་ཏུ་རིན་པོ་ཆེ་པད་མ་དོན་ཡོད་ཉིན་བྱེད་ནས་ལྷ་སྤྲུལ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ། ཀརྨ་ཀུན་ཁྱབ་འགྲོ་འདུལ་དཔལ་བཟང་པོའི་སྡེ་ཞེས་མཚན་གསོལ། རིམ་བཞིན་ནང་ཆེན་དགོན་ཁག་ཡོངས་འདུས་དང་མགར་ཆེན་རིན་པོ་ཆེས་གཙོས་བླ་སྤྲུལ་དང་དགེ་འདུན་བརྒྱ་ཕྲག་འདུས་པའི་དབུས་སུ་ཁྲི་གསོལ་མཛད་སྒོ་ཟབ་རྒྱས་ཞུས། དུལ་མོ་ཆོས་རྗེ་དང་རྫ་ནག་དབོན་སྤྲུལ་སོགས་ནས་དབང་ལུང་སྣ་ཚོགས་དང་། ནང་ཆེན་ཨ་ལྡེའུ་རིན་པོ་ཆེའི་དྲུང་ནས་སྒྲུབ་ཐོབ་སྐོར་ལྔ་སོགས་འབྲུག་པའི་ཆོས་སྐོར་གྱི་དབང་ཆོས་ཟབ་ཁྲིད་རྣམས་གསན། སྔོན་འགྲོ་འབུམ་བཞི་ཆ་ལྔ་དང་། སྐུ་མཚམས་སུ་ཡང་ཁྱོན་བསྡོམས་ལོ་བདུན་ལྷག་བཞུགས་ཤིང་། ནང་ཆེན་ནས་ལྷ་སའི་ཇོ་བོའི་སྐུ་མདུན་བར་ལུས་ཕྱག་འབུལ་སྐབས། རྫ་སྟོད་དང་སྦ་ཆེན་གྱི་ས་མཚམས་སུ་མཐིང་གཞུང་གི་ཆུ་ཆེན་ཞིག་ཡོད་པ་དེར་བྱོན་སྐབས་ཁོང་གི་ཕྱག་རོགས་གཞན་རྣམས་རྟ་ཐོག་ནས་ཆུ་སྒྲོལ་བ་དང་། འོན་ཀྱང་བླ་མ་ཁོང་ནི་སྔར་བཞིན་སྐུ་ཕྱག་འབུལ་གྱིན་དུ་བྱོན་པས་བླ་མ་ཆུ་འགྲམ་དུ་ཕེབས་པ་དང་ཆུ་ཆེན་པོ་དེ་རང་འགར་ཆད་དེ་ཆུ་ནང་གི་སྲོག་ཆགས་ལ་གནོད་མེད་དུ་སྐུ་ཕྱག་འབུལ་གྱིན་དུ་བྱོན་པས་དེར་ཡོད་མི་ཀུན་སྔར་བས་དད་པ་ལྷག་པར་ཆེ་བ་བྱུང་། དེ་བཞིན་ཐང་ཆེན་ཞིག་ཏུ་བྱོན་སྐབས་ཕེབས་ལམ་གང་དུ་ཡིན་ནམ་སྙམ་པའི་སྐབས་བློ་བུར་དུ་རྐྱང་ཞིག་བྱུང་བ་དེས་ཉིན་བཅོ་བརྒྱད་ཀྱི་བར་ལམ་བསྟན་དུ་བྱུང་བ་སོགས་ངོ་མཚར་ཆེ་བ་མང་དུ་བྱུང་། མ་ཟད་ལུང་རྟོགས་ཀྱི་བསྟན་པ་ལ་སྨན་པ་རྒྱ་ཆེར་སྒྲུབ། ཞོར་དུ་སྨྱོ་ནད་དང་། གྲིབ། གདོན་གྱིས་ཟིན་པའི་འགྲོ་བ་ནད་པ་རྣམས་ལ་གསོ་དཔྱད་ལྟར་བསྲེགས་པ་དང་། ཕྱག་པ། དྲག་སྔགས་ཀྱིས་འདུལ་བ་སོགས་ནུས་པ་ཚད་དང་ལྡན། ད་ལྟ་སྐུ་འཚོ་བཞིན་བཞུགས་པའོ། །