Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
རིགས་པ་དང་འགལ་བའི་སྐྱོན་མིང་ཚིགརང་དང་གཞན་གྱི་ལུགས་སོ་སོའི་གཏན་ཚིགས་རིགས་པ་དང་མི་མཐུན་པར་བརྗོད་པ་ཞིག་ཡིན།བོད་མཁས་པས། ཟག་བཅས་ཐམས་ཅད་སྡུག་བསྔལ་འབའ་ཞིག་པར། །མདོ་རྒྱུད་ཀུན་ལས་ལན་མང་གསུངས་མོད་ཀྱང་། ། མཚར་སྡུག་སྙིང་པོ་སྦྱིན་པའི་སྨིན་ལེགས་མའི། །ལུས་སྐྱེས་རེག་པའི་མཆོག་འདི་ཤིན་ཏུ་བདེ། །ཞེས་པ་ལྟ་བུའོ། །
རིགས་པ་དང་འགལ་ཡང་སྐྱོན་མེད་པ་མིང་ཚིགརང་དང་གཞན་གྱི་ལུགས་སོ་སོའི་གཏན་ཚིགས་རིགས་པ་དང་མི་མཐུན་པར་བརྗོད་པ་ཞིག་ཡིན་ཡང་། བརྗོད་དོན་གཞན་སྟོན་རྒྱུ་ཡོད་ན་རང་རང་སོ་སོའི་གཏན་ཚིགས་རིགས་པ་སྤྱིའི་འགྲོས་དང་འགལ་ཡང་སྐྱོན་མེད་པ་ཡིན་ཏེ། སྙན་ངག་མེ་ལོང་མའི་རྩ་བར། གཞལ་བྱ་ཡིན་ཡང་གཞལ་བྱ་མིན། །ཆ་ལྡན་ཡིན་ཡང་ཆ་ལྡན་མིན། །གཅིག་ཉིད་ཡིན་ཡང་གཅིག་ཉིད་མིན། །སྣ་ཚོགས་གཟུགས་ཁྱོད་ལ་ཕྱག་འཚལ། །ཞེས་གསལ་བའི་གཟུགས་སུ་སྣང་ཞིང་རྗེས་དཔག་ཚད་མས་རྟོགས་ཡུལ་དུ་གྱུར་པའི་གཞལ་བྱ་ཡིན་ཀྱང་མངོན་སུམ་གྱི་ཡུལ་མིན་པས་གཞལ་བྱ་མ་ཡིན་པ་དང་། ཡང་ས་ལ་སོགས་པ་ཇི་སྙེད་པའི་གཟུགས་ཡིན་པའི་ཆ་ནས་ཆ་ལྡན་ཡིན་ཡང་། དམ་པའི་བདག་ཉིད་ཀྱི་ངོ་བོ་ནི་ཆ་དང་བྲལ་བས་ཆ་ལྡན་མིིན་ལ། རང་གི་གཟུགས་རྟག་པའི་རང་བཞིན་གཅིག་ཉིད་ཡིན་ཀྱང་། སྤྲུལ་བ་སྣ་ཚོགས་པ་ཡོད་པས་གཅིག་ཉིད་མིན་པའི་སྣ་ཚོགས་པའི་གཟུགས་ཅན་ལྷ་དབང་ཕྱུག་ལ་ཕྱག་འཚལ་ཞེས་གཞི་གཅིག་གི་སྟེང་དུ་འགལ་བ་དུ་མ་ཚོགས་པར་བརྗོད་པ་ལྟ་བུ་རིགས་པ་དང་འགལ་ན་ཡང་། ལྷ་དབང་ཕྱུག་གི་ཡོན་ཏན་ཆེད་དུ་བརྗོད་པ་ལྟ་བུ་ནི་སྐྱོན་དུ་མི་འགྱུར་རོ། །བོད་མཁས་པས། སྤྲོས་དང་བྲལ་ཡང་སྤྲོས་པ་སྨད་བྱུང་གང་། །འབད་རྩོལ་མེད་བཞིན་འབད་པ་ཀུན་སྟོན་པ། ། གཅིག་ཉིད་ཁོ་ན་སྣ་ཚོགས་གཟུགས་སྤྱིར་ཡང་། །འཆར་བ་རྒྱལ་སྐུའི་གསང་བ་བསམ་མི་ཁྱབ། །ཅེས་པ་ལྟ་བུའོ། །
རིགས་པ་དང་རིགས་མིན་གཉིས་ཀས་བསྐྱེད་པ་མ་ཡིན་པའི་ལས་མིང་ཚིགལས་ཉོན་མོངས་པ་ཅན་དང་ལས་དགེ་བ་མ་ཡིན་པ་རྣམས་སོ། །
རིགས་པ་དང་རིགས་མིན་གྱིས་བསྐྱེད་པའི་ལས་མིང་ཚིགམདོ། མངོན་པ། རིགས་པ་དང་རིགས་པ་མ་ཡིན་པས་བསྐྱེད་པའི་ལས་ཀྱི་དབྱེ་བ་ནི་བསྟན་བཅོས་ལས་རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་པས་བསྐྱེད་པ་དང་། གཉིས་ཀས་བསྐྱེད་པ་མ་ཡིན་པའི་ལས་གསུམ་གསུངས་པ་ལ་རིགས་པ་མིན་པས་བསྐྱེད་པ་ནི་ལས་ཉོན་མོངས་པ་ཅན་ཡིན་ཏེ། དེ་ཡང་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སྐྱེད་པའི་ཕྱིར་རོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ་དེ་ནི་ལས་ཉོན་མོངས་ཅན་ཁོ་ནར་མ་ཟད་ཀྱི་འགྲོ་བ་དང་གནས་པ་དང་བཟའ་བ་དང་གོ་བ་ལ་སོགས་པ་འཇིག་རྟེན་ན་འདི་ལྟར་བྱའོ་ཞེས་གྲགས་པའི་ཆོ་ག་ལས་ཉམས་ནས་དེ་དང་མི་མཐུན་པར་བྱེད་པའང་རིགས་པ་མ་ཡིན་པས་བསྐྱེད་པ་ཡིན་ནོ་ཞེའོ། །རིགས་པས་བསྐྱེད་པ་ནི་ལས་དགེ་བ་ཡིན་ནོ། །ཁ་ཅིག་ནི་དེར་མ་ཟད་ཀྱི་ཆོ་ག་མ་ཉམས་པའང་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་ལས་གཞན་པ་ནི་གཉིས་ཀ་མ་ཡིན་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
རིགས་པ་དྲུག་གི་རང་བཞིན་བསྟན་པ་མིང་ཚིགཐ་མལ་ནད་ལ་སྨན་པ་བསྟེན་ཚོད་དུ། །འཁོར་བའི་ནད་འབྱིན་བླ་མ་བསྟེན་པར་རིགས། །འཇིགས་པའི་འཕྲང་ལ་སྐྱེལ་མ་བསྟེན་ཚོད་དུ། །བར་དོའི་སྐྱབས་ལ་བླ་མ་བསྟེན་པར་རིགས། །གྲོས་འདུན་ཆེད་དུ་རྒན་རབས་བསྟེན་ཚོད་དུ། །གཏན་གྱི་གྲོས་འདུན་བླ་མ་བསྟེན་པར་རིགས། །ཁ་ཉེན་དབང་གིས་རྗེ་དཔོན་བསྟེན་ཚོད་དུ། །རྐྱེན་ངན་ཞི་ཕྱིར་བླ་མ་བསྟེན་པར་རིགས། །གྲུ་བས་ཐབས་མཁས་མཉན་པ་བསྟེན་ཚོད་དུ། །སྡུག་བསྔལ་མཚོ་སྒྲོལ་བླ་མ་བསྟེན་པར་རིགས། །ཚོང་པས་རྒྱ་མཚོའི་དེད་དཔོན་བསྟེན་དོད་དུ། ། བྱང་ཆུབ་འགྲུབ་ཕྱིར་བླ་མ་བསྟེན་པར་རིགས། །ཞེས་གསུངས།
རིགས་པ་དྲུག་ཅུ་པ་མིང་ཚིགམགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་དབུ་མ་རིགས་ཚོགས་ལྔའི་ཡ་གྱལ་ཞིག་སྟེ། དངོས་སྨྲའི་འདོད་པ་བྱེ་བྲག་ཏུ་དགག་པའི་བསྟན་བཅོས་ཤིག་ཡིན།
རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་མིང་ཚིགསློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ། རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤྲཱིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་ཏེ་གཏན་ལ་ཕབ། བསྟན་འགྱུར་དབུ་མ་ཙ་པར་བཞུགས།
རིགས་པ་དྲུག་ཅུ་པའི་འགྲེལ་པ་མིང་ཚིགསློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་དབུ་མ་ཡ་པར་བཞུགས།
རིགས་པ་བཞི་མིང་ཚིགལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་པའི་བསྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ།
རིགས་པ་མ་ཡིན་པས་བསྐྱེད་པའི་ལས་མིང་ཚིགལས་ཉོན་མོངས་ཅན་རྣམས་ཏེ། མི་དགེ་བ་རང་བཞིན་གྱིས་ཁ་ན་མ་ཐོ་པ་དང་བསྒྲིབས་ལ་ལུང་མ་བསྟན་ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པས་སྐྱེད་པའི་ཕྱིར་རོ། །གཞན་དག་ན་རེ། ཆོ་ག་ཉམས་པ་ལས་ཡང་བསྐྱེད་པ་ཡིན་ཏེ། གང་གིས་ཇི་ལྟར་འགྲོ་བར་བྱ་བ་དང་གནས་པར་བྱ་བ་དང་། བཟའ་བར་བྱ་བ་དང་། བགོ་བར་བྱ་བ་དང་། དེ་ལ་སོགས་པ་དེ་གཞན་དུ་བྱེད་ན་དེ་ནི་རིགས་པ་མ་ཡིན་པས་བྱེད་པའི་ཕྱིར་རིགས་པ་མ་ཡིན་པས་སྐྱེད་པ་ཞེས་འདོད་དོ། །
རིགས་པ་མིན་པའི་གཏན་ཚིགས་མིང་ཚིགསྒྲུབ་བྱེད་དང་རྒྱུ་མཚན་ཡང་དག་པ་མ་ཡིན་པ་སྟེ། མི་འོས་པའམ་མི་འགྲོ་བའི་རྒྱུ་མཚན།
རིགས་པ་རྣམ་པ་བཞི་མིང་ཚིགམདོ་སྡེ་དགོངས་འགྲེལ་དང་བྱང་ས་ནས་བྱུང་བ་སྟེ། ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ།
རིགས་པ་ལ་འཇུག་པ་མིང་ཚིགཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། སྒྲུབ་ངག་ཡང་དག་དང་ལྟར་སྣང༌། སུན་འབྱིན་ཡང་དག་དང་ལྟར་སྣང་བཅས་ཀྱི་རིགས་ལམ་རྣམས་གསལ་བར་སྟོན་པའི་གཞུང༌། སློབ་དཔོན་ཕྱོགས་གླང་གིས་མཛད་པ། རྒྱའི་ལོ་ཙཱ་བ་ཐང་ཟན་ཙང་གིས་རྒྱ་ཡིག་ཏུ་བསྒྱུར་ཅིང་སླད་ཀྱི་རྒྱའི་དགེ་བཤེས་སིང་ཀྱང་ཇུས་དང༌། བོད་ཀྱི་དགེ་བཤེས་སྟོན་གཞོན་གྱིས་བོད་ཡིག་ཏུ་བསྒྱུར། ཕྱིས་རྒྱ་ནག་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱིས་བསྒྱུར་ཞུས་བྱས་པའོ། །
རིགས་པ་ལྔ་མིང་ཚིགལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པའི་རིགས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་འགལ་བའི་རིགས་པ། དུས་དང་དུས་མ་ཡིན་པ་སོ་སོར་རྟོགས་པའི་རིགས་པ། ཡང་དག་པར་སྦྱར་བའི་རིགས་པ། དགེ་བའི་ཆོས་ཐམས་ཅད་སྒྲུབ་པའི་རིགས་པ་བཅས་ལྔའོ། །
རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་མིང་ཚིགཔཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། མཇུག་ཏུ་སྡེ་དགེ་པར་མ་དང་། ཅོ་ནེ་ལ་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ལ་སོགས་པ་དང་། བོད་ཀྱི་ལོ་ཙཱ བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། པེ་ཅིང་སྣར་ཐང་ལ་ཤཱཀྱ་ཐུབ་པས་བདུད་ཀྱི་སྡེ་བོ་ཆེ། ། ཆོས་ཀྱི་གྲགས་པས་མུ་སྟེགས་མ་ལུས་པ། ། ཉི་མས་དམག་རུམ་རིག་པའི་ཐིགས་པ་ཡིས། ། བདག་གི་ལྟ་བ་དྲུངས་ཕྱུང་ངོ་མཚར་ཉིད། ། སྡེ་དགེ་པར་མ་དང་། ཅོ་ནེ་ལ་འགྱུར་བྱང་ལས་མཛད་བྱང་མེད་པ་དང་། པེ་ཅིང་སྣར་ཐང་ལ་མཛད་བྱང་ལས་འགྱུར་བྱང་ཆད་ཀྱང་། བུ་སྟོན་དང་། པེ་ཅིང་སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ལ་མཛད་འགྱུར་གཉིས་ཀ་བཞུགས། བསྟན་འགྱུར་ཚད་མ་ཅ་པར་བཞུགས།
རིགས་པའི་ཐིགས་པའི་དོན་བསྡུས་པ་མིང་ཚིགརྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲས་མཛད་པའི་རིགས་པའི་ཐིགས་པའི་དོན་བསྡུས་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་ཚད་མ་ཚ་པར་བཞུགས།
རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་མིང་ཚིགསློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལས་མཛད་པའི་རིགས་པའི་ཐིགས་པའི་ཕྱོགས་སྔ་་མ་མདོར་བསྡུས་པ། རྒྱ་གར་གྱི་མཁན་པོ་ཤུངྔྷ་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཏེ་གཏན་ལ་ཕབ། བསྟན་འགྱུར་ཚད་མ་ཚ་པར་བཞུགས།
རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་མིང་ཚིགསློབ་དཔོན་ཆོས་མཆོག་གིས་མཛད་པའི་རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སླད་ཀྱིས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་ཚད་མ་ཚ་པར་བཞུགས།
རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་མིང་ཚིགསློབ་དཔོན་དུལ་བའི་ལྷས་མཛད་པའི་རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་ཚད་མ་ཚ་པར་བཞུགས།
རིགས་པའི་དགག་བྱ་མིང་ཚིགམདོ། དབུ་མ། ལུང་རིགས་ཀྱི་དགག་བྱ་ནི་ཡུལ་དང་ཡུལ་ཅན་གཉིས་ལས། དང་པོ་ལ་ཡང་ཀུན་བཏགས་ཀྱི་མ་རིག་པས་བཏགས་པ་དང། ལྷན་སྐྱེས་ཀྱི་མ་རིག་པས་བཏགས་པ་གཉིས་ལས། དང་པོ་ནི་དངོས་པོར་སྨྲ་བ་དག་གིས་ལུང་རིགས་ལྟར་སྣང་གི་འཐད་པ་ལ་བརྟེན་ནས་རྟོག་པས་སྦྱར་བ་དག་སྟེ། འདི་ལ་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང། མེད་པར་སྐུར་འདེབས་ཀྱི་མཐའ་གཉིས། དང་པོ་ལ། གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས། དང་པོ་ནི། ཕྱི་རོལ་པས་བཏགས་པའི་ཕུང་པོ་ལས་དོན་གཞན་པའི་གང་ཟག་དང། རང་སྡེ་མང་པོས་བཀུར་བས་བཏགས་པའི་ཕུང་པོ་དང་ངོ་བོ་གཅིག་པའི་གང་ཟག་དང་བརྗོད་དུ་མེད་པའི་གང་ཟག་རྣམས་སོ། །གཉིས་པ་ནི། ཕྱི་རོལ་མུ་སྟེགས་བྱེད་ནས་སེམས་ཙམ་པའི་བར་གྱིས་གཟུགས་སོགས་ཀྱི་དངོས་པོ་བདེན་གྲུབ་ཏུ་བཏགས་པ་རྣམས་སོ། །གཉིས་པ་ནི། མུ་སྟེགས་རྒྱང་འཕེན་པས། རྒྱུ་ལས་དགེ་སྡིག་དང། འབྲས་བུ་ཚེ་ཕྱི་མའི་བདེ་སྡུག་སོགས་མེད་པར་བཏགས་པ་རྣམས་སོ། །གཉིས་པ་ལྷན་སྐྱེས་ཀྱི་མ་རིག་པས་བཏགས་པ་ནི་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་གང་ཟག་ཏུ་འཛིན་པ་དང། ཆོས་སུ་འཛིན་པ་གཉིས་ཀྱི་དམིགས་ཡུལ་གང་ཟག་དང། ཆོས་སུ་འཇོག་ལ། འཛིན་སྟངས་ཀྱི་གཟུང་བྱ་བདེན་པ་ནི་གང་ཟག་གི་བདག་དང། ཆོས་ཀྱི་བདག་ཏུ་འཇོག་པའོ། །གཉིས་པ་ཡུལ་ཅན་ནི། ཡུལ་དེ་དང་དེར་རྟོག་པའི་བློ་དང་ལྟ་བ་ངན་པ་ཐམས་ཅད་ཡིན་ནོ། །འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་པར་ལྟར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། སྤྱི་དགག་བྱའི་ཆོས་ངོས་འཛིན་པ་ནི། ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ནི། གང་ཟག་གི་བདག་གོ ། མྱུ་གུ་བདེན་མེད་དང་རང་བཞིན་སྐྱེ་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ནི། བདེན་པར་གྲུབ་པ་དང་། རང་བཞིན་གྱིས་སྐྱེ་བའོ། །དེ་དང་དེའི་གོ་དོན་ནི་འདི་ལྟར། བདག་དང་བདེན་པ་ཞེས་བྱ་བ་ནི་རྟོག་པས་བཏགས་པ་ཡིན་ལ། འདོགས་བྱེད་ཀྱི་རྟོག་པ་ལ་གཉིས་ཏེ། ལྷན་སྐྱེས་པའི་རྟོག་པ་དང་། གྲུབ་མཐའ་ངན་པས་ཀུན་ནས་བསླང་བའི་རྟོག་པའོ། །རྟོག་པ་དང་པོས་ནི། ཉེར་ལེན་གྱི་ཕུང་པོའི་སྟེང་དུ་ངའོ་ཞེས་དང་། མྱུ་གུའི་ཡན་ལག་རྡུལ་རྫས་བརྒྱད་པོའི་སྟེང་དུ། མྱུ་གུའོ་ཞེས་ཡན་ལག་ཅན་དུ་སྒྲོ་འདོགས་པར་བྱེད་ལ། རྟོག་པ་གཉིས་པས་ནི། ཕུང་པོའི་སྟེང་དུ་རྟག་ཅིག་རང་དབང་ཅན་གྱི་བདག་དང་། མྱུ་གུའི་སྟེང་དུ་བདེན་པའི་གཅིག་དང་དུ་མ་གང་རུང་དང་། ཡང་མྱུ་གུའི་སྟེང་དུ་མཐའ་བཞི་པོ་གང་རུང་ལས་སྐྱེ་བ་ལ་སོགས་པར་སྒྲོ་འདོགས་པར་བྱེད་དོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་དབུ་མ་རྣམ་ངེས་ལེའུ་བརྒྱད་པ་ལས་གསུངས་སོ། །
རིགས་པའི་དབང་ཕྱུག་མིང་ཚིགརིགས་པ་སྨྲ་བ་ལ་མཆོག་ཏུ་གྱུར་པའི་སློབ་དཔོན།
རིགས་པའི་རྒྱུ་མིང་ཚིགརྒྱུ་ཡི་རྒྱན་གྱི་ནང་གསེས་བཅུ་དྲུག་པ་སྟེ། བརྗོད་པར་འདོད་པའི་རྒྱུ་དེས་འགྲུབ་པར་འོས་པའི་འབྲས་བུ་གཞན་སྐྱེ་བར་སྟོན་པ་ཞིག་ཡིན།བོད་མཁས་པས། སྐྱེས་ཐོབ་གསལ་བའི་བློ་དེ་དམ་པ་ཡི། །མགོན་གྱིས་ཟིན་པའི་དཀའ་བའི་གནད་རྣམས་ཀུན། ། མུར་མུར་སུབ་སུབ་མ་ཡིན་མཐའ་ཆོད་པར། །འགྲེལ་ནུས་འདི་ཡང་རིགས་ཤིང་འོས་པ་ཉིད། །ཅེས་པ་ལྟ་བུའོ། །
རིགས་པའི་རྗེས་དཔག་མིང་ཚིགལྐོག་གྱུར་རམ་མངོན་དུ་གྱུར་མེད་པའི་གནས་ཚུལ་ལ་དཔྱོད་བྱེད་ཀྱི་རིགས་པ།
རིགས་པའི་རྗེས་འབྲང་མིང་ཚིགམདོ་སྡེ་བ་ལ་ལུང་གི་རྗེས་འབྲང་བ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་བ་གཉིས་ཡོད་པའི་ནང་གི་ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་བ་ལྟ་བུའོ། །
རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་མིང་ཚིགཚད་མ་སྡེ་བདུན་གྱི་རྗེས་སུ་འབྲང་མཁན་གྱི་སེམས་ཙམ་པ།
རིགས་པའི་སྦྱོར་བ་མིང་ཚིགབྲམ་ཟེའི་སློབ་དཔོན་ཆེན་པོ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་ཀྱིས་མཛད་པའི་རིགས་པའི་སྦྱོར་བ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བའི་ཞལ་སྔ་ནས་་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ། བསྟན་འགྱུར་ཚད་མ་ཞ་པར་བཞུགས།
རིགས་པར་སྨྲ་མིང་ཚིགམཁས་པ་སྟེ། རིགས་པའི་སྒོ་ནས་གཞུང་ལུགས་སོགས་སྨྲ་ཤེས་པས་སོ། །
རིགས་པས་གྲུབ་པའི་རྫས་ཡོད་མིང་ཚིགརྫས་ཡོད་བཞིའི་ནང་གསེས། ཤེས་བྱ་ལྟ་བུ་རིགས་པས་གྲུབ་པའི་ཆ་ནས་རྫས་སུ་ཡོད་པའོ། །
རིགས་པས་དཔྱད་མི་བཟོད་པ་མིང་ཚིགམདོ། དབུ་མ། རྗེའི་ལམ་རིམ་ཆེན་མོ་ལས། རིགས་པས་དཔྱད་བཟོད་མི་བཟོད་ཀྱི་དོན་ནི། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་དེས་རྙེད་མ་རྙེད་ཡིན་ལ། དེ་ཡང་བཞི་བརྒྱ་པའི་འགྲེལ་པ་ལས། ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་ནི། རང་བཞིན་ཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པ་ལྟར། གཟུགས་སོགས་ལ་སྐྱེ་འགག་ལ་སོགས་པའི་རང་བཞིན་ཡོད་མེད་འཚོལ་བ་ཡིན་ནོ། །དེ་ལྟ་ན་གཟུགས་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་སྐྱེ་འགག་ཡོད་མེད་བཙལ་བ་ཡིན་གྱི། རིགས་པ་དེས་སྐྱེ་འགག་ཙམ་ཚོལ་བ་མིན་ནོ། །དེས་ན་རིགས་པ་དེ་ལ་དེ་ཉིད་ལ་དཔྱོད་པ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་གྲུབ་མ་གྲུབ་དཔྱོད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རིགས་པ་དེས་དཔྱད་པའམ་བཙལ་བ་ན་སྐྱེ་བ་ལ་སོགས་པ་ཅུང་ཟད་ཀྱང་མ་རྙེད་པ་ལ་དཔྱད་མི་བཟོད་པ་ཞེས་ཟེར་ལ། རིགས་པ་དེས་མ་རྙེད་པ་ཙམ་གྱིས་ཁེགས་པ་མིན་གྱི། ཡོད་ན་རིགས་པ་དེས་འགྲུབ་དགོས་པ་ལས་དེས་མ་གྲུབ་ན་ཁེགས་པ་ཡིན་ནོ། །གཟུགས་ལ་སོགས་པའི་སྐྱེ་འགག་རྣམས་ཀྱང་ཐ་སྙད་པའི་ཤེས་པས་འགྲུབ་པ་ཡིན་གྱི། དེ་དག་ཡོད་ཀྱང་རིགས་ཤེས་ཀྱིས་མི་འགྲུབ་པས། དེས་མ་རྙེད་པས་དེ་དག་ཇི་ལྟར་ཁེགས་ཏེ། དཔེར་ན་མིག་གི་ཤེས་པས་སྒྲ་མ་རྙེད་ཀྱང་དེས་མི་ཁེགས་པ་བཞིན་ནོ། །དེས་ན་སྐྱེ་འགག་ལ་སོགས་པ་རང་གི་ངོ་བོས་གྲུབ་པའམ། དེ་ཁོ་ནར་གྲུབ་ན་རིགས་པ་དེས་དེ་རྙེད་དགོས་ཏེ། རིགས་པ་དེས་གཟུགས་སོགས་ལ་རང་གི་ངོ་བོས་གྲུབ་པའི་སྐྱེ་འགག་ཡོད་མེད་ཚུལ་བཞིན་དུ་དཔྱོད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་དེས་སྐྱེ་བ་སོགས་མ་རྙེད་པས་རང་གི་ངོ་བོས་གྲུབ་པའམ། དེ་ཁོ་ནར་གྲུབ་པའི་སྐྱེ་འགག་སོགས་འགོག་པ་ཡིན་ཏེ། རང་གི་ངོ་བོས་གྲུབ་ན་དེས་རྙེད་དགོས་པ་ལས་མ་རྙེད་པའི་ཕྱིར་རོ། །ཤར་ཕྱོགས་སུ་བུམ་པ་ཡོད་ན་རྙེད་པར་ངེས་པའི་འཚོལ་མཁན་གྱིས་ཤར་དུ་བུམ་པ་བཙལ་བའི་ཚེ་མ་རྙེད་ན། དེས་ཤར་ན་བུམ་པ་ཡོད་པ་ཁེགས་པ་ཡིན་གྱི། བུམ་པ་ཡོད་པ་ཙམ་དེས་ཇི་ལྟར་ཁེགས། དེ་བཞིན་དུ་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཡོད་ན་རྙེད་པར་ངེས་པའི་དབུ་མ་པའི་རིགས་པས་བཙལ་བ་ན་སྐྱེ་བ་མ་རྙེད་པ་དེས། རང་བཞིན་ནམ་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་ཁེགས་པ་ཡིན་གྱི། སྐྱེ་བ་ཙམ་ཇི་ལྟར་ཁེགས། ཞེས་དང་། དེའི་ཕྱིར་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་དང་། རང་བཞིན་ཡོད་མེད་དཔྱོད་པའི་རིགས་ཤེས་ཀྱིས་སྐྱེ་འགག་མ་རྙེད་པ་དང་སྐྱེ་འགག་མེད་པར་རྙེད་པ་གཉིས་མ་ཕྱེད་པར་གཅིག་ཏུ་བཟུང་བ་འདིས་ད་ལྟ་བ་རྣམས་ལྟ་ཅི་སྨོས་ཏེ། སྔོན་གྱི་མཁས་པ་འགའ་རེ་ལའང་འཁྲུལ་པ་བསྐྱེད་སྣང་བས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཞིབ་ཏུ་དཔྱོད་ལ་དེ་དག་ཕྱེད་པར་གྱིས་ཤིག ཅེས་གསུངས།
རིགས་པས་བསྐྱེད་པའི་ལས་མིང་ཚིགལས་དགེ་བ་དག་གོ ། ཁ་ཅིག་གིས་ཆོ་ག་མ་ཉམས་པ་ཡང་ཡིན་ནོ་ཞེས་ཟེར་རོ། །
རིགས་པས་རབ་ཏུ་བཅུག་པའི་ལས་མིང་ཚིགམདོ། མངོན་པ། རིགས་པས་ཏེ་ཐབས་ཀྱི་བྱེ་བྲག་གིས་རབ་ཏུ་བཅུག་པའི་ལུས་ངག་ཡིད་གསུམ་གྱི་ལས་རྣམ་པ་གསུམ་ཀུན་སློང་དང་བཅས་པ་ནི་འཇིག་རྟེན་ན་ཡིག་འབྲུ་དང་རྒྱ་དང་བགྲང་པ་དང་བཅས་པའི་སྙན་ངག་དང་། ཡིད་ཀྱི་ཆོས་རྣམས་བསྡོམས་ཤིང་བགྲང་བའི་གྲངས་ཏེ་གོ་རིམ་བཞིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། རིགས་པས་རབ་ཏུ་བཅུག་པའི་ལས་ནི་སློབ་པ་རིགས་པ་ཐབས་ཀྱིས་རབ་ཏུ་བཅུག་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་ཀུན་ནས་སློང་བ་མཚུངས་ལྡན་དང་བཅས་པ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །དེ་ལ་ཀ་ལ་སོགས་པའི་ཡིག་འབྲུའི་གཟུགས་འབྲི་བ་དང། ལྷ་ལ་སོགས་པའི་འབུར་གྱི་རྒྱ་རྐོ་པ་ནི་ལུས་ཀྱི་ལས་དང། དངོས་པོ་གཅིག་ལ་སོགས་པ་བགྲང་བ་དང་བཅས་པའི་སྙན་ངག་ནི་ངག་གི་ལས་སོ། །བཅུ་པ་བཅུ་ལ་བརྒྱའོ་ཞེས་བྱ་བ་ལ་སོགས་པའི་གྲངས་བསྡོམས་ཏེ་འཛིན་པ་ནི་ཡིད་ཀྱི་ལས་ཏེ་དེ་ལྟར་ན་གོ་རིམ་བཞིན་དུ་ཤེས་པར་བྱའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
རིགས་ཕུན་སུམ་ཚོགས་པ་དྲུག་ཅུ་རྩ་བཞི་མིང་ཚིགམདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། ༡ རིགས་དེ་ནི་བཙུན་པ་ཡིན། ༢ རིགས་དེ་ནི་ཀུན་གྱིས་མངོན་པར་ཤེས་པ་ཡིན། ༣ རིགས་དེ་ནི་ཕྲན་ཚེགས་མེད་ཅིང་གནོད་པར་བྱེད་པ་མེད་པ་ཡིན། ༤ རིགས་དེ་ནི་རྒྱུད་ཕུན་སུམ་ཚོགས་པ་ཡིན། ༥ རིགས་དེ་ནི་ཆོ་འབྲང་ཕུན་སུམ་ཚོགས་པ་ཡིན། ༦ རིགས་དེ་ནི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། ༧ རིགས་དེ་ནི་སྔོན་གྱི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། ༨ རིགས་དེ་ནི་བཙུན་པའི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། ༩ རིགས་དེ་ནི་ཀུན་གྱིས་མངོན་པར་ཤེས་པའི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། ༡༠ རིགས་དེ་ནི་དབང་ཆེ་བར་གྲགས་པའི་སྐྱེས་བུ་ཟུང་ཕུན་སུམ་ཚོགས་པ་ཡིན། ༡༡ རིགས་དེ་ནི་སྐྱེས་པ་མང་བ་ཡིན། ༡༢ རིགས་དེ་ནི་བུད་མེད་མང་བ་ཡིན། ༡༣ རིགས་དེ་ནི་འཇིགས་པ་མེད་པ་ཡིན། ༡༤ རིགས་དེ་ནི་དམའ་བ་མེད་ཅིང་ཞུམ་པ་མེད་པ་ཡིན། ༡༥ རིགས་དེ་ནི་བརྐམ་པ་མེད་པ་ཡིན། ༡༦ རིགས་དེ་ནི་ཤེས་རབ་དང་ལྡན་པ་ཡིན། ༡༧ རིགས་དེ་ནི་བློན་པོས་བལྟ་ཞིང་ལོངས་སྤྱོད་ལ་སྤྱོད་པ་ཡིན། ༡༨ རིགས་དེ་ནི་བཟོ་དོན་ཡོད་པས་བཤམས་ཤིང་ལོངས་སྤྱོད་པ་ཡིན། ༡༩ རིགས་དེ་ནི་བཟོ་དོན་ཡོད་པས་བཤམས་ཤིང་ལོངས་སྤྱོད་ལ་སྤྱོད་པ་ཡིན། ༢༠ རིགས་དེ་ནི་མཛའ་བ་བརྟན་པ་ཡིན། ༢༡ རིགས་དེ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆོགས་ཀྱི་སྲོག་ལ་ལྟ་བ་ཡིན། ༢༢ རིགས་དེ་ནི་བྱས་པ་གཟོ་བ་དང་ལྡན་པ་ཡིན། ༢༣ རིགས་དེ་ནི་བརྟུལ་ཞུགས་ཤེས་པ་ཡིན། ༢༤ རིགས་དེ་ནི་འདུན་པས་མི་འགྲོ་བ་ཡིན། ༢༥ རིགས་དེ་ནི་ཞེ་སྡང་གིས་མི་འགྲོ་བ་ཡིན། ༢༦ རིགས་དེ་ནི་གཏི་མུག་གིས་མི་འགྲོ་བ་ཡིན། ༢༧ རིགས་དེ་ནི་འཇིགས་པས་མི་འགྲོ་བ་ཡིན། ༢༨ རིགས་དེ་ནི་ཁ་ན་མ་ཐོ་བས་འཇིགས་པ་ཡིན། ༢༩ རིགས་དེ་ནི་གཏི་མུག་ལ་མི་གནས་པ་ཡིན། ༣༠ རིགས་དེ་ནི་ལག་སྦབས་ཆེ་བ་ཡིན། ༣༡ རིགས་དེ་ནི་བྱ་བ་ལ་མོས་པ་ཡིན། ༣༢ རིགས་དེ་ནི་གཏོང་བ་ལ་མོས་པ་ཡིན། ༣༣ རིགས་དེ་ནི་སྦྱིན་པ་ལ་མོས་པ་ཡིན། ༣༤ རིགས་དེ་ནི་ཞོ་ཤ་ཤེས་པ་ཡིན། ༣༥ རིགས་དེ་ནི་རྩལ་བརྟན་པ་ཡིན། ༣༦ རིགས་དེ་ནི་མཐུ་རྩལ་དང་ལྡན་པ་ཡིན། ༣༧ རིགས་དེ་ནི་རྩལ་མཆོག་དང་ལྡན་པ་ཡིན། ༣༨ རིགས་དེ་ནི་དྲང་སྲོང་མཆོད་པ་ཡིན། ༣༩ རིགས་དེ་ནི་ལྷ་མཆོད་པ་ཡིན། ༤༠ རིགས་དེ་ནི་མཆོད་རྟེན་མཆོད་པ་ཡིན། ༤༡ རིགས་དེ་ནི་མཚུན་རྗེད་པ་ཡིན། ༤༢ རིགས་དེ་ནི་འཁོན་དུ་འཛིན་པ་མེད་པ་ཡིན། ༤༣ རིགས་དེ་ནི་ཕྱོགས་བཅུར་སྒྲ་གྲགས་པ་ཡིན། ༤༤ རིགས་དེ་ནི་འཁོར་ཆེན་པོ་དང་ལྡན་པ་ཡིན། ༤༥ རིགས་དེ་ནི་འཁོར་མི་ཕྱེད་པ་དང་ལྡན་པ་ཡིན། ༤༦ རིགས་དེ་ནི་བླ་ན་མེད་པའི་འཁོར་དང་ལྡན་པ་ཡིན། ༤༧ རིགས་དེ་ནི་རིགས་ཀྱི་ནང་ན་གཙོ་བོར་བྱ་བ་ཡིན། ༤༨ རིགས་དེ་ནི་རིགས་ལ་དབང་ཐོབ་པ་ཡིན། ༤༩ རིགས་དེ་ནི་དབང་ཆེ་བར་གྲགས་པ་ཡིན། ༥༠ རིགས་དེ་ནི་ཕར་འཛིན་པ་ཡིན། ༥༡ རིགས་དེ་ནི་མར་འཛིན་པ་ཡིན། ༥༢ རིགས་དེ་ནི་དགེ་སྦྱོང་དུ་འཛིན་པ་ཡིན། ༥༣ རིགས་དེ་ནི་བྲམ་ཟེར་འཛིན་པ་ཡིན། ༥༤ རིགས་དེ་ནི་ནོར་དང་འབྲུའི་བང་མཛོད་མང་བ་ཡིན། ༥༥ རིགས་དེ་ནི་དབྱིག་དང༌། གསེར་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻཌཱུརྱ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་དང༌། ས་ལེ་སྦྲམ་དང༌། དངུལ་དང༌། རྫས་དང༌། ཡོ་བྱད་མང་བ་མ་ཡིན། ༥༦ རིགས་དེ་ནི་གླང་པོ་ཆེ་དང༌། རྟ་དང༌། རྔ་མོང་དང༌། བ་ལང་དང༌། ལུག་ཤིན་ཏུ་མང་བ་ཡིན། ༥༧ རིགས་དེ་ནི་བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་ཤིན་ཏུ་མང་བ་ཡིན། ༥༨ རིགས་དེ་ནི་ཐུབ་པར་དཀའ་བ་ཡིན། ༥༩ རིགས་དེ་ནི་དོན་ཐམས་ཅད་གྲུབ་པ་ཡིན། ༦༠ རིགས་དེ་ནི་འཁོར་ལོས་སྒྱུར་བའི་རིགས་ཀྱི་རྒྱུད་དུ་སྐྱེས་པ་ཡིན། ༦༡ རིགས་དེ་ནི་སྔོན་གྱི་དགེ་བའི་རྩ་བའི་གྲོགས་ཀྱིས་བསྐྱེད་པ་ཡིན། ༦༢ རིགས་དེ་ནི་བྱང་ཆུབ་སེམས་དཔའི་རིགས་སུ་རིགས་བཙུན་པར་སྐྱེས་པ་ཡིན། ༦༣ རིགས་དེ་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སློང་དང་བྲམ་ཟེའི་སྐྱེ་རྒུ་དང་བཅས་པའི་ནང་ན་རིགས་ལས་སྨོས་པའི་སྐྱོན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་དང་བྲལ་བ། ༦༤ གང་དུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་འབྱུང་བར་འགྱུར་བའི་རིགས་བཅས་སོ། །
རིགས་ཕྲེང་མིང་ཚིགདུག་མོ་ཉུང་སྟེ། གཞན་ལ་འཁྲིལ་ནས་ཕྲེང་བ་ལྟར་རིགས་བསྒྲིགས་ནས་སྐྱེས་པ་རིགས་ཀྱི་འཕྲེང་བ་ཞེས་སོ། །
རིགས་བདག་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། རིགས་བདག་གིས་རྒྱས་འདེབས་བྱེད་པའི་ཚུལ་ནི། དམ་ཚིག་སེམས་དཔའི་ཅོད་པན་ལ་རིགས་བདག་གིས་རྒྱས་འདེབས་བྱེད་པར་མདོར་བྱས་ལས་དངོས་སུ་མ་བཤད་ཀྱང་། མདོ་བསྲེ་དང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བཤད་པ་ལྟར། དབུ་རྒྱན་ལ་ནི་རིགས་ཀྱི་བདག་པོ་བསམ། །ཞེས་གསུངས་པས་བསྟན། ཚུལ་ཇི་ལྟར་དུ་སྒོམ་པ་ནི། དམ་ཚིག་སེམས་དཔའི་རལ་བའི་ཅོད་པན་ལ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཁ་སྦྱོར་གྱི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་འཛག་པའི་རྒྱུན་གྱིས་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་གསུམ་པོ་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་པ་ནི། རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། རྡོ་རྗེ་འཛིན་མཆོག་ཅོད་པན་ལའོ། །ཞེས་པས་བསྟན་པར་མདོ་བསྲེ་ལས་བཤད། རིགས་བདག་ཡུམ་བཅས་སུ་བསྒོོམ་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བཤད། རྡོ་རྗེ་དང་དྲིལ་བུ་འཛིན་པ་སློབ་དཔོན་ཐུབ་པ་དཔལ་གྱིས་བཤད། དེ་ལ་ཁ་ཅིག སྐབས་འདིར་རིགས་བདག་གིས་རྒྱས་འདེབས་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན་དེའི་རྒྱུ་མཚན་ཡོད་དེ། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དེ་སྐུ་གསུམ་ལམ་ཁྱེར་གྱི་སྒོ་ནས་བསྐྱེད་ཆོག་ཡོངས་སུ་རྫོགས་པར་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེས་ན་འདུས་པའི་སྒྲུབ་ཐབས་ཚར་གཅིག་པོ་འདི་ལ་ལྷའི་བསྐྱེད་ཆོག་མི་འདྲ་བ་ལྔ་ཡོད་དེ། ལྷག་མོས་ཀྱི་ལྷ་རྣམས་སྐབས་ཅིག་གིས་བསྐྱེད་པ། དང་པོ་མགོན་པོ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་སྐུ་གསུམ་ལམ་ཁྱེར་གྱི་སྒོ་ནས་བསྐྱེད་པ། ལུས་དཀྱིལ་གྱི་ལྷ་རྣམས་ས་བོན་རྐྱང་པ་ལས་བསྐྱེད་པ། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་སྒོ་འདུན་གྱི་སྒོ་ནས་བསྐྱེད་པ་རྣམས་སུ་ཡོད་པའི་ཕྱིར།
རིགས་བདག་བཀའ་ཡིག་མིང་ཚིགཧོར་གོ་དན་རྒྱལ་པོས་ས་པཎ་ལ་ཕུལ་བའི་འཇའ་ས་གདན་འདྲེན་མ་ལ་ཟེར།
རིགས་བཙུན་པ་མིང་ཚིགརིགས་བཟང་བའམ་རིགས་མ་འཆོལ་བའི་དོན།
རིགས་བཙུན་པ་དྲུག་མིང་ཚིགའདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ནག་པོའི་རིགས་བཙུན་པ་ནི་ཤན་པ་ལ་སོགས་པའོ། །སྔོན་པོའི་རིགས་བཙུན་པ་ནི་རབ་ཏུ་བྱུང་བ་གཅེར་བུ་པ་དག་གོ །སེར་པོའི་རིགས་བཙུན་པ་ནི་རབ་ཏུ་བྱུང་བ་ཀུན་ཏུ་འཚོ་ཞེས་བྱ་བ་དག་གོ །དམར་པོའི་རིགས་བཙུན་པ་ནི་ཤཱཀྱའི་སྲས་ཀྱི་དགེ་སློང་དག་གོ ། དཀར་པོའི་རིགས་བཙུན་པ་ནི་ཀུན་ཏུ་འཚོ་བའི་ཉན་ཐོས་ཁྱིམ་པ་དག་གོ །མཆོག་ཏུ་དཀར་བའི་རིགས་བཙུན་པ་ནི་ནནྡ་དང་། བཏྶ་དང་། ཀྲི་ཀི་དང་། སིང་ཀྲི་ཀི་དང་། གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ་ཞེས་བྱ་བ་དག་གོ།
རིགས་བཙུན་པར་འགྱུར་བའི་ཆོས་བཅུ་མིང་ཚིགལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། མ་ཁེངས་པ། ངའོ་སྙམ་པའི་ང་རྒྱལ་མེད་པ། མར་ཤེས་པ། ཕར་ཤེས་པ། དགེ་སྦྱོང་དུ་ཤེས་པ། བྲམ་ཟེར་ཤེས་པ། ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་བྱེད་པ། ཕ་མ་ལ་ལྡང་བ། འཕགས་པ་རྣམས་ལ་ལྡང་བ། རིགས་དམའ་བར་སྐྱེས་པའི་གང་ཟག་རྣམས་ལ་དབང་མི་ཟ་བའོ། །
རིགས་བཞི་མིང་ཚིགརྒྱལ་རིགས། བྲམ་ཟེའི་རིགས། རྗེའུ་རིགས། གདོལ་རིགས་སོ། །
རིགས་བཞི་རྡོ་རྗེ་འཛིན་པའི་ས་མིང་ཚིགསྔགས། སྤྱོད་རྒྱུད། རྙིང་མ། རིགས་བཞི་རྡོ་རྗེ་འཛིན་པའི་ས་ནི་སྤྱོད་རྒྱུད་ཀྱི་འབྲས་བུ་སྟེ། རྒྱས་པར་སྤྱོད་རྒྱུད་ཀྱི་ཐེག་པར་གཟིགས།
རིགས་བཞིའི་ཕྱག་ཆེན་མིང་ཚིགསྔགས། རྣལ་འབྱོར་རྒྱུད། ཐུགས་ཀྱི་ངོ་བོ་སྦྱོང་བའི་རྒྱལ་པོའི་ཕྱག་ཆེན་ནི་གོང་རྣམ་པར་སྣང་མཛད་དང་འདྲ། ཡོན་ཏན་ངོ་བོ་རྒྱལ་མཆོག་རིན་ཆེན་གྱི་ཕྱག་ཆེན་ནི་གཡས་མཆོག་སྦྱིན་གཡོན་མཉམ་བཞག གསུང་གི་ངོ་བོ་ཤཱཀྱ་རིགས་དབང་གི་ཕྱག་ཆེན་ནི་ཐལ་མོ་བརྐྱངས་པ་སྙིང་གའི་ཐད་དུ་གྱེན་དུ་བསླངས་པའི་ཁ་ཕྱིར་བསྟན་ཏེ་མཐེབ་མཛུབ་སྦྱར། གཡོན་དེ་དང་འདྲ་བ་ནང་དུ་བསྟན་ཏེ་ཁ་སྤྲད་པའོ། །ཕྲིན་ལས་ཀྱི་ངོ་བོ་མེ་ཏོག་ཆེར་རྒྱས་ཀྱི་ཕྱག་ཆེན་ནི་གཡོན་མཉམ་བཞག་གཡས་ཐུགས་ཀར་གྱེན་དུ་བསླང་སྟེ་སྐྱབས་སྦྱིན་མཛད་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
རིགས་བཞིའི་ཕྱག་རྒྱ་མིང་ཚིགརྡོ་རྗེ་བསྡམས་པ་ལས་གུང་མོ་དང་མཐའ་བཞི་སྦྱར་ལ་བསྒྲེང་། མཛུབ་མོ་དང་སྲིན་ལག་གཉིས་པདྨ་འདྲ་བར་བྱས་པ་ནི་ངན་སོང་སྦྱོང་བའི་འོ། །ཕྱག་རྒྱ་གོང་མ་དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བ་བྱས་པ་ནི་རྒྱལ་མཆོག་གིའོ། །མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་སྦྱར་ལ། ལྷག་མ་འབར་བ་ལྟར་བྱས་པ་ནི་ཤཱཀ་ཐུབ་ཀྱིའོ། །དེ་ཉིད་གཡོན་དུ་བསྒྱུར་བ་ནི་མེ་ཏོག་ཆེར་རྒྱས་ཀྱིའོ་ཞེས་ངོར་ཆེན་ཀུན་དགའ་བཟང་པོའི་ཀུན་རིག་གི་སྒྲུབ་ཐབས་སྒྲིབ་པ་རྣམ་སེལ་ལས་སོ། །
རིགས་བཞིའི་སེམས་ཅན་མིང་ཚིགམིའི་རིགས་སྤྱི་སྟེ། སྔར་རྒྱ་གར་བས། མི་ཡོད་ཚད་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། གདོལ་པའི་རིགས་བཅས་བཞིར་ཕྱེ་ཡོད་པ་ཡིན།
རིགས་བཟང་མིང་ཚིགརིགས་ཁྱད་དུ་འཕགས་པའམ། རིགས་ཀྱི་ཐུ་བོ།རིགས་བཟང་ཞིང་བློ་གསལ་བ་ཞེས་པ་ལྟ་བུ།
རིགས་བཟློག་པ་མིང་ཚིགམདོ། འདུལ་བ། ཚེས་གཅིག་ལ་ཁ་གསོག་གི་གོས་རྙེད་པ་ཕྱིས་སུ་བོར་ནས་རེ་ཐག་ཆད་པ་ན་རིགས་བཟློག་པ་ཡིན་ལ། དེ་ཡང་རིགས་བཟློག་པ་དང་ཤན་འབྱུང་བ་གཉིས་ལ་མུ་བཞི་ཡོད་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལྟར་ན་རིགས་བཟློག་པ་དང་། ཤན་འབྱུང་བ་ལ་མུ་བཞི་སྟེ། རིགས་བཟློག་ལ་ཤན་མི་འབྱུང་བ། ཤན་འབྱུང་ལ་རིགས་མི་ཟློག་པ། ཤན་ཀྱང་འབྱུང་ལ་རིགས་ཀྱང་ཟློག་པ། གཉིས་ཀ་མི་འབྱུང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། ཚེས་གཅིག་ལ་ཁ་སོགས་ཀྱི་གོས་རྙེད། ཚེས་ལྔ་ལ་ཁ་སྐོང་གི་གོས་རྙེད་པ་ཚེས་དྲུག་ལྟ་བུ་ལ་ཚིག་པའམ་བོར་བའི་སྒོ་ནས་མེད་པར་གྱུར་པའམ། མ་རྙེད་ཀྱང་རེ་བ་ཆད་པ་ན་ཞག་བཅུ་འདས་པའི་ཚེ་ཞག་བཅུ་འཆང་སྤང་བསྐྱེད་པ་ལྟ་བུ་ཡིན་ཏེ། ཟླ་འཇོག་གི་སྤང་བ་ལས་རིགས་ཟློག་ཅིང་ཤན་བརྡེག་བྱ་མེད་པའི་ཤན་འབྱུང་དོན་མེད་པའི་ཕྱིར། གཉིས་པ་ནི། ཚེས་གཅིག་ལ་ཁ་སོགས་ཀྱི་གོས་རྙེད། ཚེས་ལྔ་ལ་ཁ་སྐོང་གི་གོས་རྙེད་ཀྱང་ཚད་དུ་མ་ཆོག་པར་བྱིན་གྱིས་མ་བརླབས་པར་རེ་བ་དང་བཅས་ཏེ་ཞག་སུམ་ཅུ་འདས་པ་ན་སྤང་ལྟུང་བསྐྱེད་པ་ཡིན་ཏེ། སྔ་མ་ལ་རང་སྟོབས་དང་། ཕྱི་མ་ལ་ཤན་སྟོབས་ཀྱིས་ཟླ་འཇོག་གི་སྤང་བ་འབྱུང་བའི་ཕྱིར། གསུམ་པ་ནི། སྔར་བཤད་ཟིན་ཅིང་། བཞི་པ་གོ་སླ་བར་ཟད་དོ། །ཞེས་གསུངས།
རིགས་བརྒྱ་མིང་ཚིགགཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་སྣང༌། མཉམ་ཉིད་ཡེ་ཤེས་རིན་འབྱུང༌། སོར་རྟོག་ཡེ་ཤེས་འོད་དཔག་མེད། བྱ་གྲུབ་ཡེ་ཤེས་དོན་གྲུབ། ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པ་པ་སྟེ་རིགས་ཆེན་ལྔ་ལ་རིགས་ཆུང་ལྔ་ལྔས་ཕྱེ་བའི་ཉི་ཤུ་རྩ་ལྔ། དེ་ལ་ཡུམ་བཞིས་ཕྱེ་བས་རིགས་བརྒྱའོ། །
རིགས་བརྒྱ་མིང་ཚིགགསང་འདུས་ལྷ་སོ་གཉིས་ཀྱི་ཁྲོ་བཅུ་དང་བྱམས་པ་ཀུན་བཟང་བཅས་ཕུད་པའི་ལྷག་མ། གཤེགས་པ་ལྔ། ཡུམ་བཞི། ས་སྙིང་སོགས་སེམས་དཔའ་དྲུག གཟུགས་རྡོ་རྗེ་མ་སོགས་ལྔ་སྟེ། ལྷ་ཉི་ཤུ་པོ་རྣམས་ལ། རྣམ་སྣང་གི་རྣམ་སྣང༌། རྣམ་སྣང་གི་མི་བསྐྱོད་པ། རྣམ་སྣང་གི་རིན་འབྱུང༌། རྣམ་སྣང་གི་འོད་དཔག་མེད། རྣམ་སྣང་གི་དོན་གྲུབ་བཅས། ལྷ་རེ་རེ་ལ་རིགས་ལྔ་ལྔར་ཕྱེ་བས་དམ་པ་རིགས་བརྒྱའོ། །
རིགས་བརྒྱ་མིང་ཚིགཕུང་ཁམས་སོ་དྲུག་དག་པའི་རིགས་སོ་དྲུག། ཐོད་པ་དུམ་བུ་བཅུ་གཉིས་ཀྱི་རིགས་བཅུ་གཉིས་ཏེ་འདི་ནི་རྩ་བའི་རིགས་དྲུག་ལས་ཐབས་ཤེས་ཀྱིས་ཕྱེ་བའམ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལ་སྐུ་བཞིས་ཕྱེ་བ་བཅུ་གཉིས། སོ་སུམ་ཅུ་རྩ་གཉིས་ནི་ས་ཆུ་མེ་རླུང་རེ་རེ་ལ་དེ་བཞི་བཞིས་ཕྱེ། དེ་ལ་ཐབས་ཤེས་ཀྱིས་ཕྱེ་བའི་སོ་གཉིས། སེན་མོ་ཉི་ཤུ་ནི་འབྱུང་བ་རེ་རེ་ལ་ལྔ་རེ་ཕྱེ་བ་དང་བརྒྱའོ། །
རིགས་བརྒྱ་མིང་ཚིགཡོ་ག་ལྟར་ན་རིགས་ལྔ་རེ་རེར་ལྔ་ལྔ་ཉེར་ལྔ་དང་དེ་རེ་རེར་སྐུ་གསུམ་ཡེ་ཤེས་བཞིའི་གྲངས་ཀྱིས་བསྒྱུར་པའོ། །
རིགས་བརྒྱའི་ཁྱབ་བདག་མིང་ཚིགརྡོ་རྗེ་འཆང་གི་མཚན་ཏེ། དང་པོ་སྐུ་ཉིད་ཀྱིས་སྤྲུལ་པ་ལྔ་བསྒྲུབས། དེ་ནས་དེ་རེ་རེ་ལས་ལྔ་རེ་སྤྲུལ་བས་ཉི་ཤུ་རྩ་ལྔ་བྱུང་། དེ་ཚོ་ཡང་བཞི་རེར་སྤྲུལ་པས་བརྒྱ་ཐམ་པར་བྱོན། དེ་ཡང་དེ་བཞིན་གཤེགས་པའི་རིགས་དང་། རིན་པོ་ཆེའི་རིགས་དང་། པད་མའི་རིགས་དང་། རྡོ་རྗེའི་རིགས་སོ། །དེ་ལྟ་བུ་འགྲོ་བློའི་སྣང་ངོར་འཚམས་པའི་སྤྲུལ་པ་རིགས་བརྒྱ་ཕྲག་གི་བདག་ཉིད་ཡིན་པས་ནའོ། །