Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཐུན་མོང་གི་མངོན་པར་ཤེས་པ་ལྔ། ཁྱད་པར་གྱི་མངོན་པར་ཤེས་པ་ལྔ། བླ་ན་མེད་པའི་མངོན་པར་ཤེས་པ་ལྔ། ཟག་བཅས་ཀྱི་མངོན་པར་ཤེས་པ་ལྔ། ཟག་མེད་ཀྱི་མངོན་པར་ཤེས་པ་ལྔ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ལྔ། འདས་པའི་མངོན་པར་ཤེས་པ་ལྔ། མ་འོངས་པའི་མངོན་པར་ཤེས་པ་ལྔ། ད་ལྟའི་མངོན་པར་ཤེས་པ་ལྔ། མ་ངེས་པའི་མངོན་པར་ཤེས་པ་ལྔ། བདེན་པ་གཉིས་ཀྱི་མངོན་པར་ཤེས་པ་ལྔ། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་སྟེ་དྲུག་ཅུའོ། +
མདོ་ལུགས་དང་རྒྱུད་ལུགས་གཉིས་ལས། དང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་བའི་མདོ་ལས། 1. མཉེན་པ། 2. འཇམ་པ། 3. ཡིད་དུ་འོང་བ། 4. ཡིད་དུ་འཐད་པའམ་ཡིད་ལ་འཐད་པ། 5. དག་པ། 6. དྲི་མ་མེད་པ། 7. གསལ་བའམ་གསལ་དབྱངས། 8. སྙན་ཞིང་འཇེབས་པའམ་སྙན་འཇེབས། 9. སྙན་པར་འོས་པ། 10. མི་ཚུགས་པ། 11. སྙན་པ། 12. དུལ་བ། 13. མི་རྩུབ་པ། 14. མི་བརླང་བ། 15. ཤིན་ཏུ་དུལ་བའམ་རབ་ཏུ་དུལ་བ། 16. རྣར་སྙན་པ་རྣ་བར་སྙན་པ། 17. ལུས་སིམ་པར་བྱེད་པ། 18. སེམས་སིམ་པར་བྱེད་པ། 19. སྙིང་དགའ་བར་བྱེད་པ། 20. དགའ་བ་དང་བདེ་བ་བསྐྱེད་པ། 21. ཡོངས་སུ་གདུང་བ་མེད་པ། 22. ཀུན་ཏུ་ཤེས་པར་བྱ་བ། 23. རྣམ་པར་རིག་པའི་བྱ་བ། 24. རྣམ་པར་གསལ་བ། 25. དགའ་བར་བྱེད་པ། 26. མངོན་པར་དགའ་བར་བྱེད་པ། 27. ཀུན་ཏུ་ཤེས་པར་བྱེད་པ། 28. རྣམ་པར་རིག་པར་བྱ་བ། 29. རིགས་པ། 30. འབྲེལ་བ། 31. ཚིག་ཟློས་པའི་སྐྱོན་མེད་པ། 32. སེང་གེའི་སྒྲའི་ཤུགས། 33. ཀླུའི་སྒྲ་སྐད་དམ་གླང་པོ་ཆེའི་སྒྲ་སྐད། 34. འབྲུག་གི་སྒྲ་དབྱངས། 35. ཀླུའི་དབང་པོའི་སྒྲ་དབྱངས། 36. དྲི་ཟའི་གླུ་དབྱངས། 37. ཀ་ལ་པིང་ཀའི་གླུ་དབྱངས། 38. ཚངས་པའི་སྒྲ་དབྱངས་བསྒྲགས་པ། 39. ཤང་ཤང་ཏེའུའི་སྒྲ་དབྱངས་བསྒྲགས་པ། 40. ལྷའི་དབང་པོའི་དབྱངས་ལྟར་སྙན་པ། 41. ཇའི་སྒྲ། 42. མ་ཁེངས་པ། 43. མ་དམའ་བ། 44. སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ། 45. ཚིག་ཟུར་ཆག་པ་མེད་པ། 46. མི་ཚང་བ་མེད་པ། 47. མ་ཞུམ་པ། 48. མི་ཞན་པ། 49. རབ་ཏུ་དགའ་བ། 50. ཁྱབ་པ། 51. ཆུབ་པ། 52. རྒྱུན་ཆགས་པ། 53. འབྲེལ་བ། 54. སྒྲ་ཐམས་ཅད་རྫོགས་པར་བྱེད་པ། 55. དབང་པོ་ཐམས་ཅད་ཚིམ་པར་བྱེད་པ། 56. མ་སྨད་པ། 57. མི་འགྱུར་བ། 58. མ་བརྟགས་པ། 59. འཁོར་ཀུན་འདུན་ཏུ་གྲགས་པ། 60. རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བཅས་སོ། +
1. མེ་མོ་ཡོས (རབ་བྱུང་ལོ)། 2. ས་ཕོ་འབྲུག(རྣམ་བྱུང་ལོ)། 3. ས་མོ་སྦྲུལ (དཀར་པོ་ལོ)། 4. ལྕགས་ཕོ་རྟ (རབ་མྱོས་ལོ)། 5. ལྕགས་མོ་ལུག (སྐྱེས་བདག་ལོ)། 6. ཆུ་ཕོ་སྤྲེལ (ཨིངྒ་ར་ལོ)། 7. ཆུ་མོ་བྱ (དཔའ་གདོང་ལོ)། 8. ཤིང་ཕོ་ཁྱི (དངོས་པོ་ལོ)། 9. ཤིང་མོ་ཕག(ན་ཚད་ལྡན་ལོ)། 10. མེ་ཕོ་བྱི་ (འཛིན་བྱེད་ལོ)། 11. མེ་མོ་གླང (དབང་ཕྱུག་ལོ)། 12. ས་ཕོ་སྟག (འབྲུ་མང་པོ་ལོ)། 13. ས་མོ་ཡོས (མྱོས་ལྡན་ལོ)། 14. ལྕགས་ཕོ་འབྲུག(རྣམ་གནོན་ལོ)། 15. ལྕགས་མོ་སྦྲུལ (ཁྱུ་མཆོག་ལོ)། 16. ཆུ་ཕོ་རྟ (སྣ་ཚོགས་ལོ)། 17. ཆུ་མོ་ལུག(ཉི་མ་ལོ) +
གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། འདི་སྐོར་རྒྱལ་བ་ཏ་ལའི་བདུན་པའི་འཇམ་དབྱངས་བསྟོད་འགྲེལ་ནང་ན་ཡོད། +
སྒྱུར་བྱེད་འབྲས་བུ་གསུམ་སྟེ། ཨ་རུ་ར་དང་བ་རུ་ར། སྐྱུ་རུ་ར་གསུ་མ། +
དབྱངས་ཀྱི་ཡན་ལག་དྲུག་ཅུ་པ་སྟེ། ཚངས་དབྱངས་དྲུག་ཅུ་ད་དང་དོན་གཅིག +
འཁྱུད་པ་སོགས་འདོད་པའི་སྒྱུ་རྩལ་རེ་བཞི། +
རྡོ་རྗེའི་ཕོ་ཉ་བཅུ་དྲུག རིན་ཆེན་ཕོ་ཉ་བཅུ་དྲུག པདྨའི་ཕོ་ཉ་བཅུ་དྲུག ལས་ཀྱི་ཕོ་ཉ་བཅུ་དྲུག་གོ +
མདོ་རྒྱ་ཆེ་རོལ་པ་ལས་བཤད་ལྟར་ན། 1. ཚངས་པའི་ཡི་གེ 2. ཁ་རེ་ཥྚའི་ཡི་གེ 3. པདྨའི་སྙིང་པོའི་ཡི་གེ 4. ཨངྒའི་ཡི་གེ 5. པངྒའི་ཡི་གེ 6. མཱག་ཏོའི་ཡི་གེ 7. བཀྲ་ཤིས་པའི་ཡི་གེ 8. སོར་གདུབ་ཀྱི་ཡི་གེ 9. ས་ཀཱ་ནའི་ཡི་གེ 10. སཱ་དྷ་ནའི་ཡི་གེ 11. ཨ་ཧུ་བའི་ཡི་གེ 12. རྩུབ་མོའི་ཡི་གེ 13. འགྲོ་ལྡིང་བའི་ཡི་གེ 14. མོན་ཡུལ་གྱི་ཡི་གེ 15. ལྷོ་ཕྱོགས་པའི་ཡི་གེ 16. དྲག་པོའི་ཡི་གེ 17. གྲངས་ཀྱི་ཡི་གེ 18. སྤྱིའུ་གཙུགས་ཀྱི་ཡི་གེ 19. རྗེས་སུ་མཐུན་པའི་ཡི་གེ 20. དྷ་ར་དའི་ཡི་གེ 21. ཁྱད་གསུའི་ཡི་གེ 22. རྒྱ་ནག་གི་ཡི་གེ 23. ཧུ་ནའི་ཡི་གེ 24. དབུས་ཀྱི་ཡི་གེ 25. རྒྱལ་གྱི་ཡི་གེ 26. ཀླུའི་ཡི་གེ 27. ལྷའི་ཡི་གེ 28. གནོད་སྦྱིན་ཡི་གེ 29. དྲི་ཟའི་ཡི་གེ 30. མིའམ་ཅིའི་ཡི་གེ 31. ལྟོ་འཕྱེ་ཆེན་པོའི་ཡི་གེ 32. ལྷ་མ་ཡིན་གྱི་ཡི་གེ 33. ནམ་མཁའ་ལྡིང་གི་ཡི་གེ 34. རི་དྭགས་འཁོར་ལོའི་ཡི་གེ 35. བྱ་རོག་སྐད་ཀྱི་ཡི་གེ 36. སའི་ལྷའི་ཡི་གེ 37. བར་སྣང་ལྷའི་ཡི་གེ 38. བྱང་སྒྲ་མི་སྙན་གྱི་ཡི་གེ 39. ནུབ་བ་ལང་སྤྱོད་ཀྱི་ཡི་གེ 40. ཤར་ལུས་འཕགས་པོའི་ཡི་གེ 41. འདེགས་པའི་ཡི་གེ 42. བཞག་པའི་ཡི་གེ 43. རབ་ཏུ་བཞག་པའི་ཡི་གེ 44. རྒྱ་མཚོའི་ཡི་གེ 45. རྡོ་རྗེའི་ཡི་གེ 46. སྤྲིང་ཡིག་རབ་ཏུ་སྤྲིང་བའི་ཡི་གེ 47. རྣམ་པར་བཞག་པའི་ཡི་གེ 48. ཕུན་སུམ་ཡིན་པའི་ཡི་གེ 49. བསྟན་བཅོས་བསྐོར་བའི་ཡི་གེ 50. རྩིས་བསྐོར་བའི་ཡི་གེ 51. འདེགས་པ་བསྐོར་བའི་ཡི་གེ 52. རྐང་པས་བྲིས་པའི་ཡི་གེ 53. ཚིག་ཕྱི་མ་གཉིས་གྲུབ་པའི་ཡི་གེ 54. ཇི་སྲིད་ཚིག་ཕྱི་མ་བཅུ་གྲུབ་པའི་ཡི་གེ 55. བར་པ་བསྒྲུབ་པའི་ཡི་གེ 56. སྒྲ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ 57. རིག་པ་དང་རྗེས་སུ་མཐུན་པའི་ཡི་གེ 58. རྣམ་པར་བསྲེས་པའི་ཡི་གེ 59. དྲང་སྲོང་དཀའ་ཐུབ་ཀྱིས་གདུང་བའི་ཡི་གེ 60. གསལ་བའི་ཡི་གེ 61. ས་རབ་ཏུ་ལྟ་བའི་ཡི་གེ 62. སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ 63. སྙིང་པོ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ་སོགས། +
ཁྲོ་ཁྲོ་འདྲ་ལ་རྔམ་རྔམ་དང་། གཤེ་གཤེ་འདྲ་ལ་གཏུམ་གཏུམ་འདྲ། མེ་རི་དང་ནི་མེ་དཔུང་འདྲ། བསྐལ་པའི་དུས་མེ་ལྟ་བུའོ། འོད་དང་ཟེར་ནི་ཉི་མ་འབུམ། དུས་ཅིག་ལ་ནི་ཤར་བ་ཙམ། ཁྲོ་བོ་ཞེ་སྡང་རྡོ་རྗེ་རྒོད། གཉེར་མ་གློག་སྟོང་དུས་ཅིག་འགྱུ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། རྡེག་ཆོམ་དང་ནི་འུར་ཆོམ་སྒྲ། རི་རབ་འབུམ་ནི་བསྙིལ་བ་ཙམ། ཁ་ནས་བཤད་པའི་བརྡས་བོས་ན། དུས་མཐའ་རླུང་ཆེན་འཐོར་བ་ཙམ། དེ་ལྟ་བུ་ཡི་ཁྲོ་བོའི་ཚུལ། ཞེ་སྡང་ཅན་གྱི་འཇུག་སྒོའོ། ཅེས་སོ། +
འདུས་བྱས་ཀྱི་ཆོས་དོན་གཉིས་དང་འདུས་མ་བྱས་ཀྱི་ཆོས་གསུམ་སྟེ་དོན་ལྔའོ། དང་བོ་གཟུགས་ཀྱི་ཆོས་བཅུ། གཅིག་སེམས་ལས་བྱུང་བའི་ཆོས། ས་མང་པོ་བའི་ཆོས་བཅུ། དགེ་བའི་ས་མང་པོ་བའི་ཆོས་བཅུ། ཉོན་མོངས་པའི་ས་མང་པོ་བའི་ཆོས་དྲུག མི་དགེ་བའི་ས་མང་པོ་བའི་ཆོས་གཉིས། ཉོན་མོངས་པའི་ས་ཆུང་ངུ་ཡི་ཆོས་བཅུ། མ་ངེས་པའི་ས་ཡི་ཆོས་བརྒྱད། མཚུངས་ལྡན་མིན་པའི་འདུ་བྱེད་ཀྱི་ཆོས་བཅུ་བཞི་བཅས་དང་འདུས་མ་བྱས་ཀྱི་ཆོས་གསུམ་བསྡོམས་པས་དོན་ལྔའོ། +
སྙན་ངག་མེ་ལོང་ནང་གི་དཔེ་རྒྱན་ལས་འཕྲོས་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་སྡེ་ཚན་བཞི་བོ་ཡོད་པ་ལ་སྒྲ་དྲུག་ཅུ་རེ་དྲུག་དང་། དེ་མིན་རྩ་བ་ལས་མི་གསལ་བའི་སྒྲ་བཅུ་གཅིག་སྟེ། ཆ་དང༌། གྲོགས་དང༌། སྤུན་ཟླ། མཐོང་བ། ཐོས་པ། དྲན་པ། རེག་པ། ཕམ་པ། སྙེག་བ། འཛེགས་པ། སེམས་པ་བཅས་བདུན་ཅུ་དོན་བདུན་ནོ། སྡེ་ཚན་བཞི་པོའི་ནང་གསེས་དང་པོ་ལ་སྒྲ་ཉེར་གཉིས་དང་གཉིས་པ་ལ་སྒྲ་བཅུ་དགུ གསུམ་པ་ལ་བཅོ་ལྔ། བཞི་བ་ལ་བཅུ་ཐམ་པའོ། +
དང་པོ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གཉིས་དང༌། འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་ཅུ། གཏི་མུག་ལས་གྱུར་པའི་རྟོག་པ་བདུན། +
མཚན་བཟང་པོ་གཉིས་པོ་དེ་རྟཊ་མཚན་གཙོ་བོ་དང༌། དེའི་ཡན་ལག་གི་ཚུལ་དུ་སྐུའི་ཀུན་སྤྱོད། སྤྱན་གྱི་གཟིགས་སྟངས་སོགས་ལས་བྱུང་བའི་དཔེ་བཟང་པོ་བརྒྱད་ཅུ་ཐམ་པ་ཡོད་དོ། 1. སེན་མོ་ཟངས་ཀྱི་མདོག་ལྟ་བུ། 2. སེན་མོའི་མདོག་སྣུམ་པ། 3. སེན་མོ་མཐོ་བ། 4. སོར་མོ་རྣམས་ཟླུམ་པ། 5. སོར་མོ་བྱིན་གྱིས་ཕྲ་བ། 6. སོར་མོ་རྣམས་རྒྱས་པ། 7. རྩ་མི་མངོན་པ། 8. རྩ་མདུད་མེད་པ། 9. ལོང་བུ་མི་མངོན་པ། 10. ཞབས་མི་མཉམ་པ་མེད་པ། 11. སེང་གེའི་སྟབས་སུ་གཤེགས་པ། 12. གླང་པོ་ཆེའི་སྟབས་སུ་གཤེགས་པ། 13. ངང་བའི་སྟབས་སུ་གཤེགས་པ། 14. ཁྱུ་མཆོག་གི་སྟབས་སུ་གཤེགས་པ། 15. གཡས་ཕྱོགས་སུ་ལྡོག་ཅིང་གཟིགས་པ། 16. མཛེས་པར་གཤེགས་པ། 17. མི་གཡོ་བར་གཤེགས་པ། 18. སྐུ་འཁྲིལ་བག་ཆགས་པ། 19. སྐུ་བྱི་དོར་བྱས་པ་ལྟ་བུ། 20. སྐུ་རིམ་པར་འཚམ་པ། 21. སྐུ་གཙང་བ། 22. སྐུ་འཇམ་པ། 23. སྐུ་རྣམ་པར་དག་པ།24. མཚན་ཡོངས་སུ་རྫོགས་པ། 25. སྐུ་ཁོ་ལག་ཡངས་ཤིང་བཟང་བ། 26. གོམ་པ་སྙོམས་པ། 27. སྐུ་ཤིན་ཏུ་གཞོན་མདོག་ཅན། 28. སྐུ་ཞུམ་པ་མེད་པ། 29. སྐུ་རྒྱས་པ། 30. སྐུ་ཤིན་ཏུ་གྲིམས་པ། 31. སྐུ་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེད་པ། 32. གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ། 33. སྐུ་ཟླུམ་པ། 34. སྐུ་སྐབས་ཕྱིན་པ། 35. སྐུ་མ་སྙེངས་པ། 36. ཕྱལ་ཕྱང་ངེ་བ། 37. ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ། 38. ལྟེ་བ་ཟབ་པ། 39. ཀུན་ནས་མཛེས་པ། 40. ཀུན་སྤྱོད་གཙང་བ། 41. སྐུ་ལ་སྨེ་བ་དང་གནག་བག་མེད་པ། 42. ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ། 43. ཕྱག་གི་རི་མོ་མདངས་ཡོད་པ། 44. ཕྱག་གི་རི་མོ་ཟབ་པ། 45. ཕྱག་གི་རི་མོ་རིང་བ། 46. ཞལ་ཧ་ཅང་ཡང་མི་རིང་བ། 47. ཞལ་གཟིགས་ཀྱི་གཟུགས་བརྙན་སྣང་བ། 48. ལྗགས་མཉམ་པ། 49.ལྗགས་སྲབ་པ། 50. ལྗགས་དམར་བ། 51. གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ། 52. གསུང་སྙན་ཅིང་མཉེན་ལ་འཇམ་པ། 53. མཆེ་བ་ཟླུམ་པ། 54. མཆེ་བ་རྣོ་བ། 55. མཆེ་བ་དཀར་བ། 56. མཆེ་བ་མཉམ་པ། 57. མཆེ་བ་བྱིན་གྱིས་ཕྲ་བ། 58. ཤངས་མཐོ་བ། 59. ཤངས་གཙང་བ། 60. སྤྱན་རྣམ་པར་དག་པ། 61. སྤྱན་ཡངས་པ། 62. རྫི་མ་སྡུག་པ། 63. སྤྱན་དཀར་ནག་འབྱེས་ཅིང་པད་མའི་འདབ་མའི་མདངས་ལྟ་བུ། 64. སྨིན་ཚུགས་རིང་བ། 65. སྨིན་མ་འཇམ་པ། 66. སྨིན་མ་སྤུ་མཉམ་པ། 67. སྨིན་མ་སྣུམ་པ། 68. སྙན་ཤལ་སྟུག་ཅིང་རིང་བ། 69. སྙན་མཉམ་པ། 70. སྙན་གྱི་དབང་པོ་མ་ཉམས་པ། 71. དཔྲལ་བ་ལེགས་པར་དབྱེས་པ། 72. དཔྲལ་བ་དབྱེས་ཆེ་བ། 73. དབུ་ཤིན་ཏུ་རྒྱས་པ། 74. དབུ་སྐྲ་བུང་བ་ལྟར་ནག་པ། 75. དབུ་སྐྲ་སྡུག་པ། 76. དབུ་སྐྲ་འཇམ་པ། 77. དབུ་སྐྲ་འཛིངས་པ། 78. དབུ་སྐྲ་མི་གཤོར་བ། 79. དབུ་སྐྲ་དྲི་ཞིམ་པ། 80.ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བས་བརྒྱན་པ་ (སྡོང་རིས་འཁྱིལ་བ)།
དཔེ་བྱད་བརྒྱད་ཅུའི་ཡན་ལག་དང་དོན་གཅིག +
ཡི་གེ་སོ་སོར་ཀློག་པའི་ང་རོ་འཐོན་གནས་དང་ང་རོ་འདོན་པའི་བྱེད་པ། ང་རོ་འདོན་པའི་འདུ་བྱེད་བཅས་གསུམ་ལ་ཟེར། +
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་བརྒྱད་དམ། སྐུ་ཚེ་དེ་ལ་སངས་རྒྱས་པའམ། མཆོག་གི་དངོས་གྲུབ་གང་རུང་ཐོབ་པ་ལ་གྲུབ་ཐོབ་དང་གྲུབ་ཆེན་ཟེར། གྲུབ་ཆེན་འདི་རྣམས་དུས་སྐབས་གང་དུ་བྱུང་བ་ན། ཇོ་ནང་ཏཱ་ར་ན་ཐས་བརྩམས་པའི་《རྒྱ་གར་ཆོས་འབྱུང་》ལས། ནང་པའི་སློབ་དཔོན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པ་ཕྱེད་ལྷག་ཙམ་སློབ་དཔོན་ཆོས་གྲགས་ཀྱི་དུས་མན་ཆད་ནས་རྒྱལ་པོ་ཙ་ན་ཀས་སྲིད་དབང་བཟུང་བ་ཡན་ཆད་དུ་བྱོན་པ་དང༌། རྒྱལ་པོ་གོ་པཱ་ལ་ནས་རཱ་མ་པཱ་ལའི་བར་པཱ་ལ་བདུན་བརྒྱུད་ཀྱི་རིང་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཤིན་ཏུ་མང་བར་བྱོན་ཞེས་བཤད་པ་ལྟར་ན། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ནང་གི་མང་ཆེ་བ་བོད་ཀྱི་རབ་བྱུང་གོང་གི་ཤཱཀྱུའི་འདས་ལོ་(འདིའི་ནང་གི་ཤཱཀྱའི་འདས་ལོ་རྣམས་ཁ་ཆེ་པཎ་ཆེན་ཤཱཀྱ་བྐྲིའི་ལུགས་ཀྱི་འདས་ལོ་གཞིར་བཟུང་བ་ཡིན)1165 ལོ——བོད་ཀྱི་རབ་བྱུང་གསུམ་པའི་མཇུག་བར་དང་། སྤྱི་ལོའི་དུས་རབས་བདུན་པ་ནས་དུས་རབས་བཅུ་གཉིས་པའི་མཇུག་བར་གྱི་ལོ་དྲུག་བརྒྱ་ཐམ་པའི་རིང་དེར་བྱུང་བར་མངོན། འདིར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་མིང་ཙམ་སྨོས་ན། 1. ལུ་ཨི་པ། ཉ་ལྟོ་བ། 2. དྷ་རི་ཀ་པ། སྨད་འཚོང་ལ་གཡོག་བྱེད་པ། 3. ཌིམ་ཀེ་པ། 4. ལི་ལ་པ། 5. བིར་ཝ་བ། དཔལ་ལྡན་ཆོས་སྐྱོང་། 6.ཊོམ་བྷི་བ། 7. ཤ་ཝ་རི་པ། རི་དྭགས་རྔོན་པ། 8. ས་ར་ཧ་པ། བྲམ་བྲེས་ར་ཧ་པ། 9. ཀོ་ཀ་ལི་བ། ཉལ་པོ་ལ་དགའ་བ། 10. མི་ན་པ། ཉ་པ། 11. གོ་རཀྵ་པ། རྐང་ལག་མེད་པ། 12. ཙ་འུར་ཁ་པ། བ་ལང་སྐྱོང་། 13. བི་ན་པ། རོ་མོ་ལ་ཆགས་པ། 14. རཧྣ་ཨ་ཀ་ར་ཤནྷི། རིན་ཆེན་འབྱུང་གནས་ཞི་བ། 15. ཏོག་ཙེ་པ། འཇོར་ཐོགས་མཁན། 16. ཧཎྚི་པ། ཐགས་མཁན། 17. ཙ་མ་རི་པ། ལྷམ་མཁན། 18. ཁངྒ་པ། རལ་གྲི་ཅན། 19. ཀླུ་སྒྲུབ་སློབ་དཔོན། ཀླུ་སྒྲུབ། 20. ཀཧྞི་པ། ནག་པོ་སྤྱོད་པ། 21. ཀ་ན་རི་པ། སློབ་དཔོན་ཨརྱ་དེ་བ། 22. ཐེ་གེ་ན་པ། བརྫུན་ལ་དགའ་བ། 23. ཏེ་ལོ་པ། ཏིལ་བརྡུང་མཁན། 24. ནཱ་རོ་པ། པཎ་ཆེན་ནཱ་རོ་པ། 25. ཤ་ལི་པ། སྤྱང་ཀི་པ། 26. ཙ་ཏ་པ། ཆོས་སློང་མཁན། 27. བྷ་ཧ་པ། 28. དྷོ་ཁན་དྷི་པ། 29.ཨ་ཛུ་ཀི ལེ་ལོ་ཅན། 30. ས་ཀ་ལ་པ། སྨྱོན་པ། 31. ཌོམ་བི་བ། ཁྲུས་མཁན། 32. མེ་ཀོ་པ། དུར་ཁྲོད་པ། 33. ཀ་མ་རི་པ། མགར་བ། 34. ཛ་ལན་དྷ་ར་པ། འབར་བ་འཛིན། 35. ར་ཧུ་ལ། སྒྲ་གཅན་འཛིན། 36. དྷ་རྨ་པ། ཆོས་སྨྲ་བ། ། 37. དྷོ་ཀ་རི་པ། སྣོད་འཁུར་བ། 38. མེ་དྷ་ནི། ཞིང་པ། 39. སདྷ་ཛ་ལ། 40. དྲིལ་བུ་པ། 41. ཨ་ཡོ་གི 42. ཙ་ལོ་གི 43. གུ་ཧུ་རི་པ། བྱ་པ། 44. ལུ་ཙི་ཀ ཙོག་འདུག་ལྐོག་ལངས། 45. ཀམ་ཀ་ལ། གདུ་བུ་པ། 46. ཀམ་པ་ལི། ལ་ཝ་པ། 47. བྷ་དེ་པ། 48. ཏེན་ཏ་པ། ཆོ་ལོ་པ། 49. ཀུ་ཀུ་རི་པ། ཁྱི་ལ་དགའ་བ། 50. ཀུ་ཛྙ་ལི། ལྟག་ཝ་ཅན། 51. དྷརྨ་པ། ཐོས་ཤེས་ཅན། 52. མ་དྷི་ལ། ང་རྒྱལ་ཅན། 53. ཨ་ཙི་ཎྟ། ཤིང་འཚོང་མཁན། 54. བྷ་ལ་ཧ། 55. ན་ལི་པ། འདམ་གྱིས་གམ་གོས་པའི་པདྨ། 56. བྷུ་སུ་ཀུ་པ། འདུ་ཤེས་གསུམ་པ། 57. ཨིནྡྲ་བོ་དྷི། བྱང་ཆུབ་དབང་པོ། 58. ལེགས་སྨིན་ཀ་ར། དེའི་སྐུ་མཆེད་(མོ) 59. ཛ་ལེནྡྲ་པ། འབར་བའི་དབང་པོ། 60. ནི་ར་གུ་ན། ཡོན་ཏན་མེད་པ། 61. ཙ་བ་རི་པ། འཁུར་པ་འཚོང་བ། 62. ཙ་པ་ཀ 63. བྷི་ཁ་ན། 64. ཏིལ་བརྡུང་པ། 65. ཀུ་མ་རི། 66. དུ་མེ་བ། 67. མ་ཎི་བྷ་དྲ་ (མོ) 68. རྣལ་འབྱོར་མ་མེ་ཁ་ལ། 69. དེའི་སྐུ་མཆེད་(མོ) 70. ཀ་ན་ཀ་པ། མུ་ཅོར་སྨྲ་བ། 71. ཀུན་ཐ་ལི་པ། འཚེམ་བུ་པ། 72. དྷ་པུ་རི་པ། ཀུ་ཤའི་ཐག་པ་གཅུ་མཁན། 73. ཨུ་དྷ་རི་པ། རྫུ་འཕྲུལ་གྱིས་འཕུར་མཁན། 74. ཀ་པཱ་ལི་པ། ཐོད་པ་ཅན། 75. ཀི་ར་པ། སྲིད་དམག་ལ་དགའ་བ། 76. མཚོ་སྐྱེས་རྡོ་རྗེ། 77. སྭརྦ་བྷ་ག་ལ། མཐོང་ཚད་ཟ་བ། 78. ན་ག་བོ་དྷི། ཀླུ་བྱང་ཆུབ། 79. ཁུང་ལི་པ། བྲིས་སྐུ་འཆང་བ། 80. པ་ན་ཧ། མཆིལ་ལྷམ་ཅན། 81. ཀོ་ཀ་ལི་པ། བྱ་ཀོ་ཀ་ལི་ལ་དགའ་བ། 82. ཨ་ན་ཀ ལུས་བཟང་པ། 83. སམུནྡྲ། ཚོང་བྱེད་མཁན། 84. བྱ་རི་པ། བཅུད་ལེན་མཁན་བཅས་ཡིན། སྤྱིར་གསང་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དུས་ཁོ་ནར་ལྔ་སྟོང་ལྷག་ཙམ་བྱུང་བར་བཤད་ཅིང་། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་གྲུབ་ཐོབ་བརྒྱད་ཅུ་ཞེས་གྲགས་པ་ནི། བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་སྐབས་དངོས་སུ་བྱོན་པའི་གྲུབ་ཐོབ་ཀྱི་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་མིང་དེ་ལྟར་གྲགས་པ་ཡིན་ཟེར་སྲོལ་ཡོད།
ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་རྣམས་ལ། བཅུ་བ་དང་པོ་ལ། 1. བརྫུན། 2. སྐྱོན་ནས་སྨྲ་བ། 3. དགེ་སློང་ལ་ཕྲ་མ་བྱེད་པ། 4. སྐྱོ་སྔོགས་བྱེད་པ། 5. གནས་ངན་ལེན་བྱེད་པ། 6. མིའི་ཆོས་བླ་མ་བརྗོད་པ། 7. ཚིག་དྲུག་གམ་ལྔ་ནས་ལྷག་པར་ཆོས་བཤད་ན། 8. ཚིག་མཐུན་དང༌ཚིག་ལྷག་པར་སློབ་པ། 9. ཤེས་ངོར་བྱེད་པ། 10. ཁྱད་དུ་གསོད་པ། བཅུ་བ་གཉིས་པ་ལ། 11. ས་བོན་གྱི་ཚོགས་དང་འབྱུང་པོའི་ཚོགས་འཇིགས་པ། 12. འཕྱ་བ། 13. བསྒོ་བ་བཅག་པ། 14. ཁྲི། 15. གདིང་བ། 16. སྐྲོད་པ། 17. ཕྱིས་མནན་པ། 18. རྩ་བ་འབྱུང་བ་ལ་འདུག་པ། 19. སྲོག་ཆགས་དང་བཅས་པ་ལ་སྤྱོད་པ། 20. རིམ་གཉིས་སམ་གསུམ་བརྩིག་པ། བཅུ་པ་གསུམ་པ་ལ། 21. མ་བསྐོས་པར་སྟོན་པ། 22. ཉི་མ་ནུབ་ཀྱི་བར་དུ་སྟོན་པ། 23. ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ། 24. གོས་སྦྱིན་པ། 25. གོས་འཚེམ་པ། 26. དགེ་སློང་མའི་མགྲོན་པ་མང་པོ་དང་ལྷན་ཅིག་འགྲོ་བ། 27. དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ། 28. དབེན་པ་ན་འདུག་པ། 29. དབེན་པ་ན་འགྲེང་བ། 30. དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ། བཅུ་བ་བཞི་པ་ལ། 31. ཡང་ཡང་ཟ་བ། 32. གནས་གཅིག་ན་གནས་པ། 33. ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ། 34. ལྷག་མར་མ་བྱས་པའི་བཟའ་བ། 35. ལྷག་པར་མ་བྱས་པའི་སྟོབས། 36. འདུས་ཤིང་ཟ་བ། 37. དུས་མ་ཡིན་པར་ཟ་བ། 38. གསོག་འཇོག་སྤང་བ། 39. སྦྱིན་ལེན་མ་བྱས་པར་ཟ་བ། 40. ཟས་གསོད་པ་སྤོང་བ། བཅུ་བ་ལྔ་པ་ལ། 41. སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ། 42. ཉལ་པོ་བྱེད་པོ་གཤོམ་པའི་ཁྱིམ་ན་གནས་པ། 43. ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་ན་འགྲེང་བ། 44. གཅེར་བུ་བ་ལ་སྦྱིན་པ། 45. དམག་ལ་བལྟ་བ། 46. དམག་གི་ནང་ན་གནས་པ། 47. གཡུལ་བཤམས་པ་འཁྲུགས་སུ་འགྲོ་བ། 48. བརྡེག་པ། 49.གཟས་པ། 50. གནས་ངན་ལེན་འཆབ་པ། བཅུ་བ་དྲུག་པ་ལ། 51. ཟས་གཅོད་དུ་འཇུག་པ། 52. མེ་འཁུད་པ། 53. དད་པ་ཕྱིར། 54. བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ། 55. ལྟ་བར་འགྱུར་བ་མི་འདོར་བ། 56. སྤངས་པའི་རྗེས་སུ་ཕྱོགས་པ། 57. བསྙིལ་བ་སྡུད་པ། 58. ཁ་མ་བསྒྱུར་པའི་གོས་གྱོན་པ། 59. རིན་པོ་ཆེ་ལ་རག་པ། 60. ཁྲུས་བྱེད་པ་ལྟུང་བྱེད། བཅུ་བ་བདུན་པ་ལ། 61. དུད་འགྲོ་གསོད་པ། 62. འགྱོད་པ་བསྐྱེད་པ། 63. མཛུབ་མོས་ག་ག་ཚིལ་བྱེད་པ། 64. ཆུ་ལ་རྩེ་བ། 65. བུད་མེད་དང་ལྷན་ཅིག་ཉལ་བ། 66. སྔངས་པར་བྱེད་པ། 67. སྤེད་པ། 68. ཕྱིར་མ་བླང་པར་སྤྱོད་པ། 69. གཞི་མེད་པ་སྐུར་བར་འདེབས་པ། 70. སྐྱེས་པ་མེད་པའི་བུད་མེད་དང་ལམ་དུ་འགྲོ་བ། བཅུ་བ་བརྒྱད་པ་ལ། 71. རྐུན་མ་དང་ལྷན་ཅིག་འགྲོ་བ། 72. ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ། 73. ས་བརྐོ་བ། 74. མགྲོན་གཉེར་བ་ལས་རིང་དུ་འདུག་པ། 75. ཉན་རྣ་ལས་གྱུར་པ། 76. བསླབ་པ་ཉེ་བར་འཇོག་པ་སྤང་བ། 77. མི་སྨྲ་བར་འགྲོ་བ། 78. མ་གུས་པའི་ཚུལ། 79. འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་གྱུར་བ་འཐུང་བ། 80. དུས་མ་ཡིན་པར་འགྲོ་བ། བཅུ་བ་དགུ་བ་ལ། 81. གྲོང་རྒྱུ་བ། 82. རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ། 83. བསླབ་པའི་ཚིག་གི་དངོས་པོ་ཁྱད་དུ་གསོད་པ། 84. ཁབ་རལ་འཚོས་པ། 85. ཁྱིའི་རྐང་པ་འཚོས་པ། 86. ཤིང་བལ་གྱིས་གོས་པར་བྱ་བ། 87. གདིངས་པ་ལས་གྱུར་པ། 88. དབྱར་གྱི་རས་ཆེན་ལས་གྱུར་པ། 89. གཡན་པ་དགབ་པ་ལས་གྱུར་བ། 90. བདེ་བར་གཤེགས་པའི་གོས་ཀྱི་ཚད་ལས་གྱུར་བ།
སེམས་ཀྱི་ཆོས་བརྒྱད་དང་། སེམས་ལས་བྱུང་བའི་ཆོས་ང་གཅིག གཟུགས་ཀྱི་ཆོས་བཅུ་གཅིག སེམས་དང་མི་ལྡན་པའི་འདུ་བྱེད་ཀྱི་ཆོས་ཉེར་བཞི། འདུས་མ་བྱས་པའི་ཆོས་དྲུག +