Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ། གཏི་མུག་མེད་པ་སྟེ་གསུམ།  +
དང་པོ་དགེ་བ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་བསྒྲུབ་པ་དགེ་སློང་འཁོར་ལོ་བཞི་དང་ལྡན་གཅིག་དགོས་ཏེ། འཁོར་ལོ་བཞི་གང་ཞེ་ན། ཀླུ་སྒྲུབ་ཀྱིས་མཐུན་པར་གྱུར་པའི་ཡུལ་དུ་གནས་པ་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་བསྟེན་པ་དང༌། བདག་གི་ལེགས་སྨོན་སྔོན་བསགས་བསོད་ནམས་ཀྱི། འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ་ཞེས་གསུངས་པས། སྐྱེས་བུ་དམ་པ་ལ་བརྟེན་ནས། དམ་པའི་ཆོས་ལ་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པར་བསྒྲུབ་པ་ལ་བརྟེན་ནས་དགེ་བ་སྒོམ་པ་ནི་དགེ་བའོ། དེ་ཡང་བྱ་བ་ལས་ཀྱི་འཁོར་ལོ། དགེ་འདུན་གྱི་བྱ་གཞག་རྣམ་དག་ཀློག་པ་ཐོས་བསམ་གྱི་འཁོར་ལོ་མདོ་རྒྱུད་ཀྱི་བསླབ་སྦྱངས། སྤང་བ་བསམ་གཏན་གྱི་འཁོར་ལོ་རྩེ་གཅིག་གི་ཉམས་ལེན་བརྩོན་པ་གསུམ་ལ་འདུས་པར་གསུངས་སོ། མི་དགེ་བ་གང་ཞེ་ན། དེ་བཞིན་དུ་སྐྱེས་བུ་དམ་པ་མ་ཡིན་པ་ལ་བསྟེན་པ་དང་། དམ་པའི་ཆོས་མ་ཡིན་པ་ལ་ཉན་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལུས་དང་ངག་དང་ཡིད་་ཀྱི་ཉེས་པ་སྤྱོད་པའོ། ལུང་མ་བསྟན་ནི། དེ་གཉིས་དང་མི་ལྡན་ཅིང་ཀུན་སློང་དྲག་པོ་མེད་པའོ།  +
སྐྱེས་བུ་ཆེན་པོའི་བྱང་ཆུབ་སེམས་ཀྱི་སྲུང་མ། སྤྱན་རས་གཟིགས་སྲུང་མའི་རྣམ་པར་སྟོན་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེས་བུ་འབྲིང་གི་ཚུལ་ཁྲིམས་ཀྱི་བསླབ་པའི་སྲུང་མ། གསང་བདག་ཕྱག་ན་རྡོ་རྗེ་སྲུང་མའི་རྣམ་པར་སྟོན་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། སྐྱེས་བུ་ཆུང་ངུའི་དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་པ། སྐྱབས་འགྲོ་ལས་འབྲས་སོགས་དང་། ཟབ་མོ་དབུ་མའི་ལྟ་བའི་སྲུང་མ། རྗེ་བཙུན་འཇམ་དཔལ་དབྱངས་སྲུང་མའི་རྣམ་པར་སྟོན་པ། དམ་ཅན་ཆོས་ཀྱི་རྒྱལ་པོའོ།  +
རྩ་དག་པ་དང༌། རླུང་དག་པ། ཐིག་ལེ་དག་པའོ། ཞེས་པའང་དགོས་པ་གསུམ་མོ།  +
གསལ་བྱེད་སུམ་ཅུའི་ནང་ནས་ར་ལ་ས་གསུམ་ནི་མགོ་ཅན་གསུམ་མོ།  +
མགོ་ནས་མཇུག་གི་བར་དུ།  +
ཤིང་མངར་རྒྱ་མ་གང་། སྐྱུ་རུ་ར་རྒྱ་མ་གང༌། ཀ་ར་དཀར་པོ་རྒྱ་མ་གང་།  +
ཚིག་དོན་དཀའ་གསུམ་སྟེ། ཚིག་འགྲེལ། གཞུང་གི་ཚིག་རེ་རེ་བཞིན་དུ་གོ་བ་སྐྱེ་བའི་འགྲེལ་བཤད་བྱས་པ་དང་། དོན་འགྲེལ། ཐོག་མར་ནང་དོན་བསྡུས་པའི་ས་བཅད་བསྟན་པ། རྗེས་སུ་དཀའ་གནད་ལ་དོགས་པ་ཆོད་ངེས་ཀྱི་གསལ་བཤད། ཐ་མར་བཤད་ཟིན་པའི་དོན་གྱི་སྙིང་པོ་གོ་བདེ་བར་འཆད་པ། དཀའ་འགྲེལ། གཞུང་གི་བརྗོད་དོན་དཀའ་གནད་ཡོད་པའི་རིགས་ལ་གསལ་བཤད་བྱས་པ།  +
རྒན་མགོ་དཀར་དང་། གཞོན་སོ་དཀར། བར་དར་མ་གསུམ།  +
རྒྱ་གསོས་དང་། ཤིང་དངུལ། སྨོན་རྔོད་དེ་སྔར་བོད་ས་ཁུལ་གྱི་ཁྲལ་ཆེན་གསུམ།  +
ཀྱི་ཡི་འི་གསུམ་ལ་གི་གུ་མེད་པར་རྗེས་འཇུག་ང་ཡིག་སྦྱར་བས་ཀྱང་ཡང་འང་ཞེས་བྱུང་བའི་ཚིག་ཕྲད་གསུམ།  +
པོ་ཏོ་བ་དང་། སྤྱན་སྔ་བ། ཕུ་ཆུང་བ་རྣམས་སོ།  +
མང་པོ་དང་། འཚམ་པ། ཉུང་བ་སྟེ་གསུམ།  +
མ་ཧཱའི་རྒྱུད། ཨ་ནུའི་ལུང་། ཨ་ཏིའི་མན་ངག་གོ།  +
མདོ་ཁམས་ཏེ་སྨད་ཁམས་དང༌། མདོ་སྨད་དེ་གཡེར་མོ་ཐང༌། ཙོང་ཁ་སྟེ་གྱི་ཐང་བཅས་འབྲི་ཆུ་དང་རྨ་ཆུ་གཉིས་ཀྱི་སྟོད་རྒྱུད་ཡུལ་ལུང་སྤྱིའི་མིང་།  +
སྒྱེ་སྣོད་ཆེ་འབྲིང་ཆུང་གསུམ།  +
སྒྲ་གཞུང་ཀ་ལཱ་པ། ཙནྡྲ་པ། དབྱངས་ཅན་མ་སྟེ་གསུམ། གཞོན་ནུ་གདོང་དྲུག་གིས་བརྩམས་པའི་སྒྲ་མདོ་ཀ་ལཱ་པ་དང་། སློབ་དཔོན་ཙནྡྲ་གོ་མིས་བརྩམས་པའི་སྒྲ་མདོ་ཙནྡྲ་པ། ལྷ་མོ་དབྱངས་ཅན་མས་བརྩམས་པའི་སྒྲ་མདོ་དབྱངས་ཅན་མ་གསུམ།  +
ཤར་ལྷོ་ཐུན་མོང་དུ་འདོད་པའི་རྒྱན་གྱི་ནང་གསེས་གཉིས་པ་སྒྲ་རྒྱན་ལ་རྩ་བའི་དབྱེ་བ་རྣམ་པ་གསུམ་ནི། བྱ་སླ་བ་ཐོག་མའི་ཟུང་ལྡན་དང༌། བྱ་དཀའི་རྣམ་གྲངས་གཞན། དབྱངས་སོགས་ངེས་པའི་བྱ་དཀའ་བའོ།  +
སྐད་ཀྱི་སྒྲ། དག་པོ། གསལ་པོ་བཅས་གསུམ།  +