Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
རྗེ་ཙོང་ཁ་པ་དང༌། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་གསུམ། +
སྡོམ་པ་གསུམ་དང་ལྡན་པ་སྟེ། རྣལ་འབྱོར་པ་སྐུ་འདུལ་བའི་སྡོམ་པ་ཕྱི་སོ་ཐར། གསུང་མདོ་སྡེའི་སྡོམ་པ་བར་བྱང་སེམས། ཐུགས་ནང་གསང་སྔགས་ཀྱི་སྡོམ་པ་གསུམ་དང་ལྡན་པའོ། +
ཤར་ལྷོ་གཉིས་ཀ་ཐུན་མོང་དུ་འདོད་པའི་རྗེས་ཁྲིད་ཀྱི་རྒྱན་གསུམ་ནི། རྐང་པ་ལ་བསྐོར་བའི་རྗེས་ཁྲིད། ཚིག་ལ་བསྐོར་བའི་རྗེས་ཁྲིད། རིང་བར་ཐོས་པའི་རྗེས་ཁྲིད་གསུམ་མོ། +
རྗེས་འཇུག་ཡི་གེ་བཅུ་བོའི་ནང་གི་ན་ར་ལ་གསུམ་ནི་རྗེས་འཇུག་གི་མ་ནིང་ཡི་གེ་གསུམ་མོ། +
ཐང་གཅིག་སུམ་ཅུ་ལ་ཡུད་ཙམ་གཅིག +
དངོས་སྟོབས་རྗེས་དཔག་དང༌། ཡིད་ཆེས་རྗེས་དཔག གྲགས་པའི་རྗེས་དཔག་སྟེ་གསུམ། +
ཚེས་བཅོ་ལྔ་ལ་ཟླ་བ་རིལ་པོ་ཡོད་སྟབས་ཉ་གང་བ་དང༌། ཚེས་སུམ་ཅུ་ལ་ཟླ་བའི་དཀར་ཆ་མཐོང་རྒྱུ་མེད་པས་ན་སྟོང་པ་ཞེས་པ། བརྒྱད་ནི་ཚེས་བརྒྱད་ལ་ཟླ་གམ་ཡོད་པ་དེ་གསུམ་ལ་ཟེར། +
ཉ་ཤ་དང་། ཕག་ཤ། སྒོ་ང་བཅས་གསུམ། +
གཉིས་སུ་མེད་པའི་ལྟ་བ་དང༌། ཡེངས་པ་མེད་པའི་སྒོམ་པ། ཟུང་དུ་འཇུག་པའི་སྤྱོད་པ། +
ཉི་མ་དང་། ཟླ་བ། སྐར་མ་སྟེ་གསུམ། +
ཉིན་མོ་ཆ་གསུམ་དུ་བགོས་པའི་ཆ་དང་པོ་ནི་སྔ་དྲོའི་ཆ། གཉིས་པ་ནི་ཉིན་གུང་ཆ། གསུམ་པ་ནི་ཕྱི་དྲོའི་ཆ། +
ལག་མཐིལ་གཡོན་པར་ཆུ་བླུག་སྟེ། གཡས་པའི་སྲིན་ལག་གིས་སྤྱི་མགྲིན་སྙིང་ཀ་སོགས་ལུས་ཀྱི་ཉེ་བའི་གནས་སུ་རེག་པས་ན་རེག གནས་ལ་འཐོར་བས་ན་འཐོར། ཆུ་ལྷག་མ་གང་དུ་འཐུང་བས་ན་འཐུང་བའོ། +
འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ། +
ཡང་ན། རླུང་མཁྲིས་བད་ཀན་གྱི་ཉེས་པ་གསུམ། +
ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ། ལས་ཀྱི་ཀུན་ནས་ཉོན་མོངས་པ། སྐྱེ་པའི་ཀུན་ནས་ཉོན་མོངས་པ། +
རབ་བྱུང་ནི་ལོ་རྒན་དྲུག་ཅུ་སྐོར་གཅིག་གི་མིང་སྟེ། རབ་བྱུང (མེ་མོ་ཡོས) རྣམ་འབྱུང (ས་ཕོ་འབྲུག)དཀར་པོ (ས་མོ་སྦྲུལ) རབ་མྱོས (ལྕགས་ཕོ་རྟ)སྐྱེས་བདག(ལྕགས་མོ་ལུག) ཨངྒིར(ཆུ་ཕོ་སྤྲེལ)དཔལ་གདོང (ཆུ་མོ་བྱ) དངོས་པོ (ཤིང་ཕོ་ཁྱི) ན་ཚོད་ལྡན (ཤིང་མོ་ཕག)འཛིན་བྱེད (མེ་ཕོ་བྱི) དབང་ཕྱུག (མེ་མོ་གླང)འབྲུ་མང་པོ (ས་ཕོ་སྟག)མྱོས་ལྡན (ས་མོ་ཡོས)རྣམ་གནོན(ལྕགས་ཕོ་འབྲུག)ཁྱུ་མཆོག (ལྕགས་མོ་སྦྲུལ)སྣ་ཚོགས (ཆུ་ཕོ་རྟ) ཉི་མ (ཆུ་མོ་ལུག) ཉི་སྒྲོལ་བྱེད(ཤིང་ཕོ་སྤྲེལ)ས་སྐྱོང (ཤིང་མོ་བྱ) མི་ཟད (མེ་ཕོ་ཁྱི) ཐམས་ཅད་འདུལ (མེ་མོ་ཕག) ཀུན་འཛིན (ས་ཕོ་བྱི)འགལ་བ(ས་མོ་གླང) རྣམ་འགྱུར(ལྕགས་ཕོ་སྟག)བོང་བུ(ལྕགས་མོ་ཡོས) དགའ་བ (ཆུ་ཕོ་འབྲུག)རྣམ་རྒྱལ (ཆུ་མོ་སྦྲུལ) རྒྱལ་བ (ཤིང་ཕོ་རྟ)མྱོས་བྱེད(ཤིང་མོ་ལུག) གདོང་ངན (མེ་ཕོ་སྤྲེལ)གསེར་འཕྱང (མེ་མོ་བྱ) རྣམ་འཕྱང (ས་ཕོ་ཁྱི)སྒྱུར་བྱེད (ས་མོ་ཕག) ཀུན་ལྡན (ལྕགས་ཕོ་བྱི) འཕར་བ (ལྕགས་མོ་གླང) དགེ་བྱེད(ཆུ་ཕོ་སྟག) མཛེས་བྱེད (ཆུ་མོ་ཡོས) ཁྲོ་མོ (ཤིང་ཕོ་འབྲུག)སྣ་ཚོགས་དབྱིག (ཤིང་མོ་སྦྲུལ) ཟིལ་གནོན (མེ་ཕོ་རྟ)སྤྲེའུ (མེ་མོ་ལུག) ཕུར་བུ་ཅན (ས་ཕོ་སྤྲེལ) ཞི་བ (ས་མོ་བྱ) ཐུན་མོང(ལྕགས་ཕོ་ཁྱི)འགལ་བྱེད (ལྕགས་མོ་ཕག) ཡོངས་འཛིན (ཆུ་ཕོ་བྱི) བག་མེད (ཆུ་མོ་གླང) ཀུན་དགའ (ཤིང་ཕོ་སྟག)སྲིན་བུ (ཤིང་མོ་ཡོས) མེ (མེ་ཕོ་འབྲུག)དམར་སེར་ཅན (མེ་མོ་སྦྲུལ) དུས་ཀྱི་ཕོ་ཉ (ས་ཕོ་རྟ)དོན་གྲུབ (ས་མོ་ལུག) དྲག་པོ (ལྕགས་ཕོ་སྤྲེལ)བློ་ངན (ལྕགས་མོ་བྱ) རྔ་ཆེན(ཆུ་ཕོ་ཁྱི)། ཁྲག་སྐྱུག (ཆུ་མོ་ཕག) མིག་དམར (ཤིང་ཕོ་བྱི) ཁྲོ་བོ (ཤིང་མོ་གླང)ཟད་པ (མེ་ཕོ་སྟག) བཅས་ཡིན། བོད་ཀྱི་རབ་བྱུང་དང་པོ་འགོ་ཚུགས་མཚམས་ནི་སྤྱི་ལོ 1027 ཡིན་པ་དང་། གྱི་ཇོ་ལོ་ཙ་བ་ཟླ་བའི་འོད་ཟེར་གྱིས་རྩིས་སྲོལ་བཏོད་པའོ། +
སྔར་བོད་རྒྱལ་ཐོ་ཐོ་རི་སྙན་བཙན་གྱི་དུས་སུ་སྐབས་བབས་ཀྱི་རྟེན་སྐལ་དུ་བྱུང་བའི་གསང་བའི་རྟེན་གསུམ། +
ལྷོ་ཁའི་ཡུལ་མིང་གསུམ། +
བླ་མ་དང་། ཡི་དམ། མཁའ་འགྲོ་གསུམ། +
སྒོ་དང༌། སྲོག རྩོམ་ཚུལ་གསུམ། +