Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
སྟོད་ནས་སྨད་ཀྱི་བར་དུ།  +
ཧོར་ཟླ་བདུན་པ། བརྒྱད་པ། དགུ་པ་གསུམ།  +
མདོ་སྡེ་དང་མཐུན། འདུལ་བ་ལས་སྣང་། མངོན་པའི་ཆོས་ཉིད་དང་མི་འགལ་བ་སྟེ། དེ་ལ་སྔགས་ཀྱི་འདུལ་བ་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་དང༌། མདོ་སྡེ་ནི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན། མངོན་པའི་ཆོས་ཉིད་ནི་ལྟ་བ་ཕྱིན་ཅི་མ་ལོག་པའོ།  +
དོན་དང་ལྡན་པའི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས།  +
རབ་པས་དང་པོའི་བདེན་པ་མཐོང་བ། འབྲིང་བས་ཡི་དམ་ལྷའི་ཞལ་མཐོང་སྣང་ཐོབ་པ། ཐ་མས་རིག་པའི་གནས་ལྔ་ལ་མཁས་པའོ།  +
བསྟན་པ་དངོས་དང་གཟུགས་བརྙན་གྱི་བསྟན་པ་གཉིས་ལས། དང་པོ་དངོས་ཀྱི་བསྟན་པ། ལྟ་བའི་སྙིགས་མ་ཕྱིན་ཅི་ལོག་བསྒྱུར་དཀའ་བ་ལ་འབྲས་བུ་བསྒྲུབ་པ་ལུང་གི་དུས། འབྲས་བུའི་དུས་ལའང་གསུམ་སྟེ། དགྲ་བཅོམ་འབྱུང་བ་ལྔ་བརྒྱ་དང་། ཕྱིར་འོང་བ་དང་ཕྱིར་མི་འོང་འབྱུང་བ་ལྔ་བརྒྱ་དང༌། རྒྱུན་ཞུགས་འབྱུང་བ་ལྔ་བརྒྱའོ། བསྒྲུབ་པའི་དུས་ལའང་གསུམ་སྟེ། ཤེས་རབ་བསླབ་ལྡན་ལྔ་བརྒྱ་དང༌། ཏིང་འཛིན་བསླབ་ལྡན་ལྔ་བརྒྱ་དང༌། ཚུལ་ཁྲིམས་བསླབ་ལྡན་ལྔ་བརྒྱའོ། ལུང་གི་དུས་ལའང་གསུམ་སྟེ། མདོ་སྡེའི་ཆོས་ལྡན་ལྔ་བརྒྱ་དང་། འདུལ་བའི་ཆོས་ལྡན་ལྔ་བརྒྱ་དང༌། མངོན་པའི་ཆོས་ལྡན་ལྔ་བརྒྱའོ། གཟུགས་བརྙན་གྱི་བསྟན་པ་ལྔ་བརྒྱ་ཕྲག་གཅིག་རྟགས་ཙམ་འཛིན་ནོ།  +
རྒྱང་གྲགས་གཅིག་ལྟ་བུ།  +
མི་ཡིན་པ་སྨྲ་ཤེས་པ་དོན་གོ་བ་གསུམ། མི་ཡིན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ། འདོད་ཁམས་པའི་བསྡུས་པ་ཡིན་པ་སྟེ་གསུམ།  +
སངས་རྒྱས་ཀྱི་ཏིང་ངེ་འཛིན་དང༌། ཐུགས་རྗེ་དང༌། བདེན་སྟོབས་ཀྱིས་བྱིན་གྱིས་བརླབས་ནས་གསུངས་པའི་བཀའ་གསུམ།  +
དོན་རྒྱན་དང༌། སྒྲ་རྒྱན། གབ་ཚིག་གི་རྒྱན་གསུམ།  +
སྔ་དྲོ་ཕྱི་དྲོ་དགུང་ཐུན་གསུམ་ལྟ་བུ།  +
ཐེག་པ་ཆེ་འབྲིང་ཆུང་གསུམ།  +
སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཐོ་རངས་རིག་པ་གསུམ་བརྙེས་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང་། འཆི་འཕོ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའོ། བྱམས་སྨོན་ལས། རིགས་གསུམ་མངོན་དུ་གྱུར་པ་ཡི་འང་དེའོ། མི་ཕམ་པདྨ་དཀར་བོའི་བཞེད་པ་ལ། བསམ་གཏན་བཞི། རབ་མཐའི་བསམ་གཏན། རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་ལ་བརྟགས་ཏེ་རིག་པ་གསུམ་བརྙེས་པའོ། ཡང་ལུགས་གཅིག་ལ། འདས་པ་དང་མ་འོངས་དང༌། ཟག་པ་ཟད་པའི་རིག་པ་གསུམ་མོ།  +
དང་པོར་ཐོས་པ། དེ་ལས་ཐོས་བྱུང་གི་ཤེས་རབ་སྐྱེ། བར་དུ་བསམ་པ། དེ་ལས་བསམ་བྱུང་གི་ཤེས་རབ་བྱུང་། ཐ་མར་སྒོམ་པ། དེ་ལས་སྒོམ་བྱུང་གི་ཤེས་རབ་སྐྱེ། ཐོས་པ་ནི་གཞན་གྱི་དྲུང་ནས་ཐོས་པ་དེ་ཡིན་ཅིང༌། དེ་ལ་བསྟེན་ནས་དོན་བློ་ལ་མ་བརྗེད་པར་ངེས་པ་དེ་ཐོས་བྱུང་གི་ཤེས་རབ་ཡིན་ལ། ཤེས་རབ་དེ་ལ་བརྟེན་ལ་ངེས་ཟིན་པའི་དོན་དེ་ལ་བསམ་བློ་བཏང་བ་དེ་བསམ་པ་དང༌། དེ་ལ་བརྟེན་ནས་དོན་དེར་ཐག་ཆོད་པའི་གོ་རྟོགས་རྙེད་པ་དེ་བསམ་བྱུང་གི་ཤེས་རབ་དང༌། བསམ་པའི་དོན་དེ་ལ་སེམས་རྩེ་གཅིག་ཏུ་འཛིན་པ་ནི་སྒོམ་པ་དང་། དེ་ལ་བརྟེན་ནས་སེམས་དམིགས་པ་དེ་ལ་གང་འདོད་འདོད་དུ་གནས་ཐུབ་པ་ནི་སྒོམ་བྱུང་གི་ཤེས་རབ་ཡིན་ནོ།  +
ངོ་བོ་ཀ་ནས་དག་པ་རིག་སྟོང་དབྱེར་མེད། རང་བཞིན་ལྷུན་གྱིས་གྲུབ་པ་གསལ་སྟོང་དབྱེར་མེད། ཐུགས་རྗེ་ཀུན་ལ་ཁྱབ་པ་སྣང་སྟོང་དབྱེར་མེད་དེ་གསུམ།  +
ལྷ་དང་། མི། ལྷ་མ་ཡིན་ཏེ་གསུམ།  +
མིག་གིས་མཐོང་བ་དང་། རྣ་བས་ཐོས་པ། ཡིད་ཀྱིས་དོགས་པ་གསུམ།  +
གཟུགས་ཀྱི་མཐའ་སྟེ། སྲོ་མ་བདུན་ལ་ཤིག་གཅིག  +
ས་བརྒྱད་པ་ནས་བཅུ་པའི་བར་གྱི་ས་གསུམ།  +
དགྲ་བཅོམ་པས་དག་པ་གསུམ་ལ་བརྟེན་ནས་ཆོས་བཤད་པ་སྟེ། དག་པ་གསུམ་ནི། ཉན་པ་པོའི་སྣོད་དག་པ། འཆད་པ་པོའི་ངག་དག་པ། གསུང་རབ་ཀྱི་བརྗོད་བྱ་དག་པའོ།  +