Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
གནས་ལུས་ལོངས་སྤྱོད་མཛད་པ་ཡོངས་དག་བཞི་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ། རྫོགས་རིམ་གྱི་ལམ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྨིན་བྱེད་ཀྱི་རྒྱུར་འགྲོ་བ་བཅས་ལ་དག་རྫོགས་སྨིན་གསུམ་ཟེར། +
སྐུ་ལ་དད་པ་དང་། གསུང་ལ་གུས་པ། ཐུགས་ལ་སྤྲོ་བའོ། +
སྐུ་ལ་དང་བའི་དད་པ། གསུང་ལ་ཡིད་ཆེས་ཀྱི་དད་པ། ཐུགས་ལ་མངོན་པར་འདོད་པའི་དད་པ་སྟེ་གསུམ། +
འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ། +
ཕྱི་དུས་ཀྱི་འཁོར་ལོ་ནི། རི་རབ། གླིང་བཞི། གླིང་ཕྲན་བརྒྱད་སོགས་སྣོད་ཀྱི་འཇིག་རྟེན་ཁམས་ཡིན། ནང་དུས་ཀྱི་འཁོར་ལོ་ནི། འདོད་ཁམས་ལྔ། འདོད་ལྷ་དྲུག གཟུགས་ཁམས་བཅུ་དྲུག གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་ནང་བཅུད་ཀྱི་འཇིག་རྟེན་སྲིད་པ་སུམ་ཅུ་སོ་གཅིག་སོགས་ཡིན། གཞན་དུས་ཀྱི་འཁོར་ལོ་ནི། སྐྱེད་རིམ་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་སོགས་ཡིན། +
མཐོང་ཆོས་མྱོང་འགྱུར་གྱི་ལས། སྐྱེས་ནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོ། +
འདས་པ་དང་། མ་འོངས། ད་ལྟ་གསུམ། འཇིག་རྟེན་ཐ་སྙད་སྤྱིར་གྲངས་པའི་དུས་འདས། མ་འོངས། ད་ལྟ་དུས་གསུམ། +
རྟགས་འཇུག་སྐབས་བྱ་བྱེད་ཐ་དད་མི་དད་ཀུན་ལ་ཁྱབ་བའི་འདས། མ་འོངས། ད་ལྟ་གསུམ། +
ཡ་ཐོག་རིང་མོ་དང་མ་ཐོག་རིང་མོ་གཉིས་ལ་ཁུག་པ་ཅིག +
ཚིགས་བཅད་ཡིན་ན་ཚིག་རྐང་བཞི་ལ་ཤོ་ལོ་ཀའམ་ཚིགས་བཅད་གཅིག་དང་། ཚིག་ལྷུག་ལ་ཚེག་བར་སུམ་ཅུ་སོ་གཉིས་ལ་ཤོ་ལོ་ཀ་རེར་བརྩིས། ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་གཅིག་ཏུ་བརྩིས། +
དུས་གསུམ་སྤྱི་ཙམ་པ་དང་། དུས་གསུམ་བྱེ་བྲག་པ། དུས་གསུམ་ཐོར་བུ་བ། +
འཕུལ་གཏན་ནས་མེད་པའོ། འཕུལ་ཡོད་ཀྱང་སྔོན་འཇུག་གཅིག་གཉིས་ལས་མི་འགྱུར་བར་ཡིག་གཟུགས་གཅིག་པའོ། ཡིག་གཟུགས་འགྱུར་ཡང་དུས་གསུམ་སྟོན་པའི་ཚིག་གི་སྒྲ་གདངས་མི་འགྱུར་བ། +
ཐབས་ཀྱི་དྷུ་ཏི་རྒྱུངས་པ་སྟེ། དེ་ན་བྱང་སེམས་དཀར་པོ་གནས། ཤེས་རབ་དྷུ་ཏི་སྲོག་གི་རྩ། དེ་ན་བྱང་སེམས་དམར་པོ་གནས། གསང་བ་ཨ་ཝ་དྷུ་ཏི་རྩ། རྩ་གཉིས་བར་ན་དྲང་པོར་གནས། དེ་གཉིས་དཔེར་ན་བ་དག་ལ། ཉི་ཟེར་ཕོག་པར་ལྟ་བུར་ཡོད། དེ་གཉིས་རྩ་བ་མཚན་མར་ཟུག རྩེ་མོ་སྤྱི་གཙུག་འཁོར་ལོའི་དབུས། ཚངས་པའི་བུ་གའི་དབུས་ན་གནས་ཞེས་གསུངས་སོ། +
སྔར་རྒྱ་གར་གྱི་གྲུབ་ཐོབ་ས་ར་ཧ་པ་དགྱེས་པའི་གླུ་སྟེ། རྒྱལ་པོ་དོ་ཧ་དང༌། བློན་པོ་དོ་ཧ། དམངས་དོ་ཧ་བཅས་གསུམ། +
གཟའ་མིག་དམར། ཕུར་བུ། སྤེན་པ་གསུམ། +
གཟུགས་ཁམས་གནས་བཅུ་བདུན་ཏེ། དེ་ལ་ནང་གསེས་སྡེ་ཚན་བཞིར་ཕྱེ་སྟེ་བསམ་གཏན་དང་པོ་ལ་གནས་གསུམ། གཉིས་པ་ལ་གནས་གསུམ། གསུམ་པ་ལ་གནས་གསུམ། བཞི་པ་ལ་སོ་སྐྱེའི་གནས་གསུམ་དང་འཕགས་པའི་གནས་ལྔ་བཅས་བརྒྱད། +
རབ་གནས་ཀྱི་རྗེས་དྲན་བཞིའི་སྐབས་སུ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་སྟེ། ཆོས་སྟོན་ན་ཉན་པར་འདོད་པ་ལ་ཆགས་པ་མེད། ཉན་པར་མི་འདོད་པ་ལ་སྡང་བ་མེད། རེས་ཉན་རེས་མི་ཉན་པ་ལ་ཆགས་སྡང་གཉིས་ཀ་མེད་པར་བཏང་སྙོམ་དྲན་པ་དང་ལྡན་པར་གནས་པའོ། +
བཤང་གཅིན་རྔུལ་གསུམ། +
ཡང་ན། དུག་གསུམ་སྟེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། +
དུས་ཀྱི་མཐའི་ནང་གསེས་སྐད་ཅིག་མ་དྲུག་ཅུ་རེ་ལྔ་ལ་སེ་གོལ་གཅིག +