Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
སོ་ཐར་གྱི་ཚུལ་ཁྲིམས་དང་། ལེགས་སྨོན་གྱི་ཚུལ་ཁྲིམས། འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་སོ།  +
རྟགས་ཡང་དག་གི་ཚུལ་གསུམ་ནི། ཕྱོགས་ཆོས (ཕྱོགས་ཀྱི་ཆོས་ཉིད)། རྗེས་ཁྱབ (མཐུན་པའི་ཕྱོགས་ཉིད་ལ་ཡོད་བར་ངེས་པ)། ལྡོག་ཁྱབ་ཀྱི་ཚུལ (མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ)།  +
མར་མེའི་མར་ཁུ་དང་འདྲ་བའི་ཚེ། སྡོང་བུ་དང་འདྲ་བའི་སྲོག མི་ལྕེ་དང་འདྲ་བའི་བླ་སྟེ་དེ་གསུམ་སེམས་ཅན་རྣམས་ཀྱི་རྟེན་གྱི་དབང་པོ་འཚོ་བར་བྱེད་པའི་རྐྱེན་གསུམ།  +
ལྷ་ཚེ་དཔག་མེད་དང་། སྒྲོལ་དཀར། རྣམ་རྒྱལ་མ་སྟེ་གསུམ།  +
ཡི་གེའི་ཚོགས། མིང་གི་ཚོགས། ཚིག་གི་ཚོགས་ཏེ་གསུམ།  +
ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་སྟེ་ཚོར་བ་བདེ་བ་དང༌། ཚོར་བ་སྡུག་བསྔལ། ཚོར་བ་བཏང་སྙོམས་སོ།  +
ཀུན་བརྟགས་པའི་མཚན་ཉིད། གཞན་གྱི་དབང་གི་མཚན་ཉིད། ཡོངས་སུ་གྲུབ་པའི་མཚན་ཉིད།  +
ཚིག་སྔ་མ་མཚམས་སྦྱོར་བྱེད་པ་དང་། ཕྱི་མ་མཚམས་སྦྱོར་བྱར་བཟུང་ནས་དུས་སྔ་ཕྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས་དང་གཅིགཚིག་དོན་སྔ་ཕྱི་གཉིས་ཀ་མཚམས་སྦྱོར་བྱར་བཟུང་ནས་དུས་རིམ་གྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས་དང་གཉིས། ཚིག་དོན་སྔ་ཕྱི་གཉིས་ཀ་མཚམས་སྦྱོར་བྱར་བཟུང་ནས་དུས་ཅིག་ཅར་དུ་འཇུག་པའི་མཚམས་སྦྱོར་ལྷག་བཅས་དང་གསུམ་མོ།  +
རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སྡིག་པ། བཅས་པའི་ཁ་ན་མ་ཐོ་བ་ནི་སངས་རྒྱས་ཀྱི་ཁྲིམས་བཅས་དང་འགལ་བའི་ཉེས་པའོ།།  +
འཚོ་ཞིང་གནས་པའི་རྒྱུ་སྟེ་ཚེ་དང་། བསོད་ནམས། ལས།  +
སེམས་སྡེ་དང་། ཀློང་སྡེ། མན་ངག་གི་སྡེ་སྟེ་རྙིང་མ་བའི་ཆོས་ཀྱི་སྒྲུབ་ཐབས་སྡེ་གསུམ།  +
ཁྱིམ་ཞག་ཉིན་ཞག་ཚེས་ཞག་སྟེ་གསུམ།  +
སྲོང་བཙན་སྒམ་པོའི་སྐབས་སུ་འབྲོ་དང་མཆིམས་དང་སྣ་ནམ་གསུམ་ནི་ཞང་གསུམ་ཟེར་བ་དང་། སྦས་ནི་བློན་གཅིག་ཟེར།  +
སྲོང་བཙན་སྒམ་པོའི་སྐབས་སུ་འབྲོ་དང་མཆིས་དང་སྣ་ནམ་གསུམ་ནི་ཞང་གསུམ་ཟེར་བ་དང་། སྦས་ནི་བློན་གཅིག་ཟེར། (page 230.2)  +
ནོང་ཅི་ཡོད་འབུལ་བའི་སྙིང་ཁམས་དགོས། ལས་ཆོས་སུ་མཐོང་བའི་དད་པ་དགོས། ཚ་ཐུབ་གྲང་ཐུབ་ཀྱི་བསྒྲུབ་པ་དགོས་ཅེས་གསུངས་ཏེ། དགོས་པ་གསུམ་གྱི་ལུས་འབུལ་ལོ་ཞེས་བའང་འདི་ཉིད་དོ།  +
ཆོས་སྐུའི་དུས་ན་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས། ལོངས་སྐུའི་དུས་ན་ཚངས་པ་རྔ་སྒྲའི་ཞིང་ཁམས། སྤྲུལ་སྐུའི་དུས་ན་ཚངས་ཆེན་གྱི་ཞིང་ཁམས་སོ།  +
མངོན་གྱུར་དང་། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར།  +
གསོ་སྦྱོང་གི་གཞི་དང་། དབྱར་གནས་ཀྱི་གཞི། དགག་དབྱེའི་གཞི་གསུམ།  +
གསོ་སྦྱོང་། དབྱར་གནས། དགག་དབྱེ་གསུམ་ཡོད། ཟླ་བ་རེ་རེ་བཞིན་ཚེས་བཅོ་ལྔ་དང་གནམ་སྟོང་གཉིས་ལ་གསོ་སྦྱོང་རེ་དང༌། དབྱར་ཁ་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་ཟླ་བདུན་པའི་གནམ་སྟོང་གི་བར་དབྱར་ཁྲིམས་བསྲུང་བའི་དབྱར་གནས། ཟླ་བདུན་བའི་གནམ་སྟོང་གི་ཉིན་དབྱར་གནས་གྲོལ་བའི་མཇུག་བསྡོམས་ཀྱི་དགག་དབྱེ།  +