Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
སློབ་དཔོན་ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས་དང་། ཞི་བ་འཚོས་དབུ་མ་རྒྱན། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་པ་ལ་རང་རྒྱུད་ཤར་གསུམ་ཟེར་ཞིང༌། གཞུང་དེ་གསུམ་མཛད་པ་པོ་དབུ་མ་རང་རྒྱུད་པའི་སློབ་དཔོན་གསུམ་ལ་ཤར་གསུམ་མཁན་པོ་ཞེས་གྲགས། +
རིག་པ་དང༌། སྐད་ཆ། སྤྱོད་པ་གསུམ། +
གྲངས་ཀྱི་མཐའ་སྟེ། གྲངས་ནས་དྲུག་ཅུ་ལ་གྲང་མེད་གཅིག ཆོས་མངོན་པ་ལས། 1. གཅིག 2. བཅུ། 3. བརྒྱ། 4. སྟོང་། 5. ཁྲི། 6. འབུམ། 7. ས་ཡ། 8. བྱེ་བ། 9. དུང་ཕྱུར། 10. ཐེར་འབུམ། 11. ཐེར་འབུམ་ཆེན་པོ། 12. ཁྲག་ཁྲིག 13. ཁྲག་ཁྲིག་ཆེན་པོ། 14. རབ་བཀྲམ། 15. རབ་བཀྲམ་ཆེན་པོ། 16. གཏམ་པ། 17. གཏམ་པ་ཆེན་པོ། 18. དཀྲིགས། 19. དཀྲིགས་ཆེན་པོ། 20, མི་འཁྲུག 21. མི་འཁྲུག་ཆེན་པོ། 22. ཁྱད་འབྱིན། 23. ཁྱད་འབྱིན་ཆེན་པོ། 24. སྤངས་རྟེན། 25. སྤངས་རྟེན་ཆེན་པོ། 26. དེད་འདྲེན། 27. དེད་འདྲེན་ཆེན་པོ། 28. མཐའ་སྣང་། 29. མཐའ་སྣང་ཆེན་པོ། 30. རྒྱུ་རིགས། 31. རྒྱུ་རིགས་ཆེན་པོ། 32. འོད་མཛེས། 33. འོད་མཛེས་ཆེན་པོ། 34. དབང་པོ། 35. དབང་པོ་ཆེན་པོ། 36. ལེགས་འབྱིན། 37. ལེགས་འབྱིན་ཆེན་པོ། 38. རྟོགས་འགྲོ། 39. རྟོགས་འགྲོ་ཆེན་པོ། 40. འབྱིན་བསྡུས། 41. འབྱིན་བསྡུས་ཆེན་པོ། 42. རྒྱ་རྟགས། 43. རྒྱ་རྟགས་ཆེན་པོ། 44. སྟོབས་འཁོར། 45 སྟོབས་འཁོར་ཆེན་པོ། 46. བརྡ་ཤེས། 47. བརྡ་ཤེས་ཆེན་པོ། 48. རྣམ་འབྱུང༌། 49. རྣམ་འབྱུང་ཆེན་པོ། 50. སྟོབས་མིག 51. སྟོབས་མིག་ཆེན་པོ། 52. བྱམས་པ། 53. བྱམས་པ་ཆེན་པོ། 54. སྙིང་རྗེ། 55. སྙིང་རྗེ་ཆེན་པོ། 56. དགའ་བ། 57. དགའ་བ་ཆེན་པོ། 58. བཏང་སྙོམས། 59. བཏང་སྙོམས་ཆེན་པོ། 60. གྲངས་མེད་བཅས་གྲངས་གནས་དྲུག་ཅུ་ཐམ་པའོ། +
སྐད་གྲགས་དང་ནུས་སྟོབས་གཉིས། +
ཐོས་པ་ལས་བྱུང་བའི་ཤེས་རབ་དང༌། བསམ་པ་ལས་བྱུང་བའི་ཤེས་རབ། བསྒོམས་པ་ལས་བྱུང་བའི་ཤེས་རབ་སྟེ་གསུམ། +
དོན་དམ་རྟོགས་པའི་ཤེས་རབ། ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་བོ། +
སློབ་པ་དང༌། མི་སློབ་པ། སློབ་པ་མ་ཡིན་པ་ལ་མི་སློབ་པ་ཡང་མ་ཡིན་པ། +
དགྲ་ནག་གི་རྒྱུད། གདོང་དྲུག་གི་རྒྱུད། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད། +
ས་སྐྱའི་བླ་མ་ས་ཆེན་ཀུན་དགའ་སྙིང་པོ་དང༌། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་བཅས་གསུམ། +
ནཱ་རོ་མཁའ་སྤྱོད། ཨིན་ཊ་མཁའ་སྤྱོད། མི་ཏྲི་མཁའ་སྤྱོད་དོ། +
ས་བླ་དང་། ས་སྟེང་། ས་འོག་སྟེ་གསུམ། +
ཡང་ན་ས་དང་པོ་དང་། གཉིས་པ། གསུམ་པ་སྟེ་གསུམ། +
ཞལ་ནས་གསུངས་པའི་བཀའ་དང༌། རྗེས་སུ་གནང་བའི་བཀའ་དང༌། བྱིན་གྱིས་བརླབས་པའི་བཀའ་སྟེ་གསུམ། +
ཕྱི་རོལ་པ་དང་ནང་པའོ། +
ཚོགས་བསགས་པར་མཉམ་པ་ཉིད། ཆོས་སྐུ་བརྙེས་པར་མཉམ་པ་ཉིད། འགྲོ་བའི་དོན་སྤྱོད་པར་མཉམ་པ་ཉིད་དོ། +
སེ་ར་དང་། འབྲས་སྤུངས། དགའ་ལྡན་ཏེ་གསུམ། +
དམ་ཚིག་སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ། ཏིང་ངེ་འཛིན་སེམས་དཔའ་སྟེ་གསུམ། +
བདག་དམ་ཚིག་སེམས་དཔའ་ཐུགས་ཀར་ཉི་ཟླ་པདྨའི་གདན་ལ། ཡེ་ཤེས་སེམས་དཔའི་རྒྱན་མེད། དེའི་ཐུགས་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་ལ་སོགས་ཕྱག་འཛིན་ལ་ས་བོན་ཡི་གེས་མཚན་པའོ། +
གསང་སྔགས་རྙིང་མའི་སྔགས་པའི་རྒྱལ་པོར་གྲགས་པ། སོ་ནམ་མཁའི་སྙིང་པོ། ཟུར་ཆོས་དབྱིངས་རང་གྲོལ། གནུབ་སངས་རྒྱས་ཡེ་ཤེས་གསུམ་སྤྱི་བསྡུས་མིང་། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་དགུ་བ་སྲིད་པ་ཅན་གྱི་རྒྱན་ནི། འཇིག་རྟེན་ན་ཡོངས་སུ་གྲགས་པའི་རྒྱུ་བཟློག་ནས། མ་གྲགས་པའི་ཕྱི་ནང་གི་རྒྱུ་གཞན་ཅུང་ཟད་ཙམ་གྱི་འབྲས་བུ་སྟོན་པའི་རྒྱན་ཞིག་སྟེ་དེའི་ནང་གསེས་རྣམ་གྲངས་གསུམ་ནི། ཕྱིའི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན། ནང་གི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན། འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན་རྣམས་སོ། +