Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ས་བླའི་སྲིད་པ་ལྷའི་སྲིད་པ་དང༌། ས་སྟེང་གི་སྲིད་པ་མིའི་སྲིད་པ། ས་འོག་གི་སྲིད་པ་ཀླུའི་སྲིད་པ་སྟེ་སྲིད་པ་གསུམ་མམ་ས་གསུམ་ལ་ཟེར། +
འཆི་སྲིད་དང༌། བར་སྲིད། སྔོན་དུས་ཀྱི་སྲིད་པ་སྟེ་གསུམ། +
ཡང་ན། འདོད་པའི་སྲིད་པ་དང༌། གཟུགས་ཀྱི་སྲིད་པ། གཟུགས་མེད་ཀྱི་སྲིད་པ་སྟེ་སྲིད་པ་གསུམ་མམ་ཁམས་གསུམ་མོ། མདོ་སྡེ་ལས། +
འདས་པ་དང༌། མ་འོངས་པ། མ་ངེས་པའི་སྲིད་པ་གསུམ་ཡང་། སྲིད་པ་དང་མ་སྲིད་པ། ཅི་ཡང་སྲིད་པའོ། +
མི་གླ་གཡོག་པོ་གཉིས། +
ལུས་ཀྱི་བདག་འཛིན་ལ་ཏི་རྰུ་ཏྲ་ནི་བཟུང་བ་ཆོས་ཀྱི་བདག་འཛིན། ངག་གི་བདག་འཛིན་ཨ་ཀར་ཤ་རཱུ་ཏྲ་ནི་ལས་རྒྱུ་འབྲས་མེད་པར་སྨྲ་བ་ཆད་པར་ལྟ་བ། སེམས་ཀྱི་བདག་འཛིན་ཏྲ་ག་རཱུ་ཏྲ་ནི་འཛིན་པ་གང་ཟག་གི་བདག་ཏུ་བཟུང་བའོ། +
འདོད་སྲེད་དང༌། འཇིགས་སྲེད། སྲིད་སྲེད་གསུམ། +
ང་ལས་ལྷག་པའི་སྐྱེས་བུ་འབྱུང་ཞེས་པས། སངས་རྒྱས་གཞན་ཐམས་ཅད་ཡབ་ཡུམ་ལ་བརྟེན་ནས་མངལ་ལས་སྐྱེས། སློབ་དཔོན་ནི་པད་སྡོང་ལས་བརྫུས་ཏེ་འཁྲུངས་པས་སྐུ་སྐྱེ་བ་སངས་རྒྱས་ལས་ལྷག སངས་རྒྱས་གཞན་ཆོས་དྲང་ངེས་རྣམ་སྟོན། སློབ་དཔོན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གསང་སྔགས་སྟོན་པས་དགོངས་པ་སངས་རྒྱས་བས་ལྷག སངས་རྒྱས་གཞན་ཐམས་ཅད་སྐུ་མྱ་ངན་ལས་འདས། སློབ་དཔོན་ནི་འཁོར་བ་མ་སྟོངས་ཀྱི་བར་སེམས་ཅན་གྱི་དོན་དུ་འདས་གྲོངས་མེད་པར་བཞུགས་པས་གདུལ་བྱ་སངས་རྒྱས་གཞན་ལས་ལྷག་པའི་ཡོན་ཏན་གསུམ་དང་ལྡན་པའོ། +
རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་ཡོད། +
གསང་ཕུ། བདེ་བ་ཅན་རྭ་བ་སྟོད། ཚལ་གུང་ཐང་། +
སྐུའི་གསང་བ། གསུང་གི་གསང་བ། ཐུགས་ཀྱི་གསང་བ་སྟེ་གསུམ། +
ཡང་ན། དོན་དང་། ལུང་དང། ངེས་པའི་གསང་བ་གསུམ་མོ། +
རྐང༌། བྱང་སེམས། ཀླད་པ་གསུམ་མོ། +
གཟུང་འཛིན་ཕྱིའི་དགྲ། ང་བདག་ནང་གི་དགྲ། ཆགས་སྡང་གསང་བའི་དགྲ་གསུམ་མོ། +
པདྨ་རཀྟ། དཔའ་བོ་གྲིར་ཤི་བའི་ཤ། དྲི་ཆེན་དང་གསུམ་མོ། +
དགའ་ལྡན་ལ་གྲྭ་ཚང་གཉིས་ཡོད་པར། དགའ་ལྡན་བྱང་རྩེ་དང་དགའ་ལྡན་ཤར་རྩེ། +
འཛམ་གླིང་མི་རྣམས་ཀྱིས་ཆོས་དང་། ནོར། འདོད་པ། བདེ་བ་བཞི་ལས་ཆ་གཅིག་ཉམས་ནས་ཆ་གསུམ་ལ་ལོངས་སྤྱོད་པའི་དུས་ཏེ་དེའི་ཡུན་ཚད་ལ་ལོ་གྲངས་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་ཡོད་པར་བཤད་དོ། +
ཚེ་སྔ་མ་རིག་པ་དང༌། ཕྱི་མ་རིག་པ། ཟག་པ་ཟད་པ་རིག་པ་སྟེ་གསུམ། +
དང་པོ་ཕྱག་འཚལ་བའི་རྒྱུད། བར་དུ་མདོ་འདོན་པའི་རྒྱུད། ཐ་མར་བསྔོ་བའི་རྒྱུད་དོ། +
དུས་འབྲེལ་གསོ་སྦྱོང་དང་། བཀྲ་ཤིས་གསོ་སྦྱོང་། གནོད་ཟློག་གསོ་སྦྱོང་སྟེ་གསུམ། +