Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
《མངོན་པ་མཛོད》ལས་བཤད་སྲོལ་ལ། འཇིག་རྟེན་ཁམས་ལ་མཐའ་དང་མུ་མེད་པའི་ནང་ནས་རང་ཅག་འཚོ་གནས་བྱེད་པའི་འཇིག་རྟེན་གྱི་ཁམས་འདི་ལ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་རྒྱུ་སྐར་བཅས་ཆ་ཚང་ཡོད་ཅིང༌། དེའི་ནང་གི་གླིང་བཞི་ནི། ཤར་ལུས་འཕགས་པའི་གླིང་། ལྷོར་འཛམ་བུ་གླིང་། ནུབ་ཏུ་བ་ལང་སྤྱོད་ཀྱི་གླིང་། བྱང་དུ་སྒྲ་མི་སྙན་གྱི་གླིང་བཅས་གླིང་གཙོ་བོ་བཞི་དང༌། དེ་རེ་རེ་ལ་གླིང་ཕྲན་ཆུང་བ་གཉིས་གཉིས་བཅས་གླིང་ཕྲན་བརྒྱད། གླིང་ཕྲན་དེ་དག་གི་ནང་དུ་ནང་གི་མཚོ་བདུན། ཕྱིའི་ཁོར་ཡུག་ཏུ་ཕྱིའི་རྒྱ་མཚོ་ཆེན་པོ། སྟེང་གི་ནམ་མཁའ་ལ་གནམ་གྱི་གོ་ལ་ཕུབ་ཀྱི་བང་རིམ་ལྟར་གནས་པའི་སྟེང་དུ་ཉི་ཟླ་རྒྱུ་སྐར་གྱི་འགྲོ་ལམ་དང་། ཉི་མའི་ཁྱིམ་བཅུ་གཉིས་བཅས་ཡོད་ཟེར། +
རྣམ་དབྱེ་མ་ཡིན་པའི་ཕྲད་རང་དབང་ཅན་མ་མི་མིན་མེད་བཞིའོ། +
ཡོད་པའི་མཐའ། མེད་པའི་མཐའ། གཉིས་ཀའི་མཐའ། གཉིས་ཀ་མ་ཡིན་པའི་མཐའོ། +
དགའ་བ་དང༌། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་སྟེ་བཞི། +
དགའ་བཞི་འཕྲུལ་སྣང་གི་གཎྡྷོ་ལ་ཞེས་པའི་དགའ་བཞི་ནི། མ་ཎི་བཀའ་འབུམ་ལས། སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། ཀ་བ་ཕུར་བའི་རིས་སུ་བྱས་པས་སྔགས་པ་དགའ། ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། རེའུ་མིག་རིས་སུ་བྱས་པས་བོད་འབངས་དགའ་བ་སྟེ་དགའ་བ་བཞིའོ། +
དགའ་བཞི་བ་ཞེས་པའི་དགའ་བཞི་ནི། ཤར་དུ་ཆུ་སྣ་འཛོམས་པས་ཀླུ་རྣམས་དགའ། ལྷོ་རུ་ཤིང་སྣ་འཛོམས་པས་བྱ་རྣམས་དགའ། ནུབ་ཏུ་འབྲུ་སྣ་འཛོམས་པས་མི་རྣམས་དགའ། བྱང་དུ་རྩྭ་སྣ་འཛོམས་པས་ཕྱུགས་རྣམས་དགའ་བཅས་ཞེས་པ་དགའ་བ་བཞི་ལྡན་གྱི་སྒོ་ནས་མིང་དེ་བཏགས་སོ། (page 164.2) +
རྩའི་འགྲོས་ཐིམ་སྤྲུལ་སྐུ། ཡི་གེའི་འགྲོས་ཐིམ་ལོངས་སྐུ། བདུད་རྩིའི་འགྲོས་ཐིམ་ཆོས་སྐུ། རླུང་གི་འགྲོས་ཐིམ་ངོ་བོ་ཉིད་ཀྱི་སྐུའོ། +
ལུག་རྡུལ་སྟེ་ལུག་གི་སྤུ་རྩེའི་རྡུལ་བདུན་ལ་གླང་རྡུལ་གཅིག +
ངན་འགྲོ་དང་བདེ་འགྲོ། ངན་འགྲོ་ལ་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་གསུམ། བདེ་འགྲོ་ལ་ལྷ་དང་མི་དང་ལྷ་མ་ཡིན་གསུམ་ཡོད། +
གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། བརྡེག་ཀྱང་སླར་མི་བརྡེག མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བའོ། +
མི་ཚངས་པར་སྤྱོད་པ། མི་བྱིན་པར་ལེན་པ། སྲོག་གཅོད་པ། རྫུན་དུ་སྨྲ་བ་རྣམས་སོ། འདི་ལ་ཕམ་པ་བཞི་ཡང་ཟེར། +
མཉམ་པ་ཉིད་ལ་དགོངས་པ། དུས་གཞན་ལ་དགོངས་པ། དོན་གཞན་ལ་དགོངས་པ། གང་ཟག་གཞན་ལ་པ༌དགོངས་པ། +
རྣམ་དབྱེ་བཞི་བ་དགོས་པ་གསལ་བྱེད་ཀྱི་སྒྲ་བཞི་ནི། ཆེད་དུ། སླད་དུ། ཕྱིར་དུ། དོན་དུ་བཞིའོ། +
དགོས་པ་དང༌། དགོས་པའི་དགོས་པ། ཉིད་དགོས་དང་འབྲེལ་བ་སོགས་བཞིའོ། +
ལུང་ཨ་ནུ་ཡོ་གའི་དམ་ཚིག་སྐབས་སུ། དགྲ་བཞིའི་འདུལ་བ་དང་བདུད་ལྔ་བཟློག་པ་ཞེས་པའི་ནང་གསེས་དགྲ་བཞི་ནི། བཙས་སྐར་འགྱུར་བའི་དགྲ ནོར་པའི་བར་ཆད་དགྲ འབྲས་བུ་འཕྲོག་པའི་དགྲ ནོར་མཆོག་འཕྲོག་པའི་དགྲ་དང་བཞིའོ། +
འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ། +
དེད་དཔོན་ཀུན་སྐྱོང་ནོར་གྱི་བདག དཔལ་ལྡན་ཕ་ཁོལ་སྨན་གྱི་བདག ཀ་ཎི་་ཥྐཀ་ནི་དམག་གི་བདག མཛེས་མ་འདོ་ལྡན་ཚལ་གྱི་བདག་སྟེ་བཞིའོ། +
རི་རབ་ལྷུན་པོའི་ཕྱི་རོལ་ཏུ་གསེར་གྱི་རི་བདུན་གྲུ་བཞི། མུ་ཁྱུད་འཛིན་ཟླུམ་པོ། བར་དུ་རོལ་པའི་མཚོ་བདུན། དེ་དག་གི་ཕྱོགས་བཞིར་རྒྱ་མཚོས་བསྐོར་བའི་ནང་ནས་གླིང་བཞི་གླིང་ཕྲན་བཅུ་གཉིས་ཡོད་པའི་ཕྱོགས་བཞིར་རྒྱ་མཚོ་བཞི། +
མ་ཕམ་གཡུ་མཚོ། གནམ་མཚོ། སྣུབ་མཚོ། མཚོ་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ནི་གཞན་གྱི་བློ་ཡུལ་དུ་མི་ཤོང་བའི་བསམ་བློ་རྒྱ་ཆེ་བ་དང༌། དཔལ་འབྱོར་ཕུན་ཚོགས་རྒྱ་ཆེ་བ་སྟོན་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་གཉིས་ནི་བསམ་པ་རྒྱ་ཆེ་བ་དང་འབྱོར་བ་རྒྱ་ཆེ་བའོ། +