Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
ཚུལ་ཁྲིམས་ཀྱི་རྒྱན། ཏིང་ངེ་འཛིན་གྱི་རྒྱན། ཤེས་རབ་ཀྱི་རྒྱན། གཟུངས་ཀྱི་རྒྱན་ནོ།  +
ཡང་ན། ཆུ་བྲག་སྤྲིན་འབྲུག་བཅས་རི་མོ་ཁག་བཞི་ཡོད་པའི་གོས་ཆེན།  +
རྒྱལ་ཆེན་བཞི་དང་དོན་གཅིག  +
དཔལ་མགོན་བདུན་ཅུ་རྩ་ལྔའི་རྒྱལ་པོ་ཆེན་པོ་བཞི་སྟེ། ཤར་དུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མི་བཟང་། བྱང་དུ་རྣམ་ཐོས་སྲས་སོ།  +
《མངོན་པ་མཛོད》ལས་བཤད་སྲོལ་ལ་གླིང་བཞི་པོའི་དབུས་སུ་རི་ཡི་རྒྱལ་པོ་ལྷུན་པོ་ཞེས་བྱ་བ། ངོས་བཞི་དང་བང་རིམ་བཞི་ཡོད་པ། བང་རིམ་བཞི་པོ་དེའི་ཤར་ཕྱོགས་སུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། (མདོག་དཀར་པོ། པི་ཝང་འཛིན་པ།) ལྷོ་ཕྱོགས་སུ་རྒྱལ་པོ་འཕགས་སྐྱེས་པོ། (མདོག་སྔོན་པོ། རལ་གྲི་འཛིན་པ། ནུབ་ཕྱོགས་སུ་རྒྱལ་པོ་སྤྱན་མི་བཟང (མདོག་དམར་པོ། སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ)། བྱང་ཕྱོགས་སུ་རྒྱལ་པོ་རྣམ་ཐོས་སྲས (མདོག་སེར་པོ། རྒྱལ་མཚན་དང་ནེའུ་ལེ་འཛིན་པ) བཞི་པོ་དེ་དག་རང་རང་གི་འཁོར་མང་པོ་དང་བཅས་པས་འཇིག་རྟེན་ཁམས་འདིའི་ཕྱོགས་བཞིར་སངས་རྒྱས་ཆོས་ལུགས་སྲུང་སྐྱོབ་བྱེད་པ་ཡིན་ཟེར་སྲོལ་ཡོད།  +
འདོད་པ་ལ་སྤྱོད་པའི་ལྷའི་རིགས་དྲུག་གི་དང་པོ།  +
ཤར་དུ་ཡུལ་འཁོར་སྲུང་དང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མི་བཟང་། བྱང་དུ་རྣམ་ཐོས་སྲས་ཏེ་བཞི།  +
གནོད་སྦྱིན། ལག་ན་གཞོང་ཐོགས། ལག་ན་ཕྲེང་ཐོགས། རྟག་མྱོས་ཏེ་རྒྱལ་ཆེན་རིགས་བཞིའི་ལྷའོ།  +
རྒྱལ་ཆེན་རིགས་བཞི་དང་དོན་གཅིག  +
མཐུ་དཔུང་བརྗིད་པའི་ཐབས། བང་མཛོད་ནོར་གྱིས་གང་བའི་ཐབས། དབྱེན་ཟླུམ་པའི་ཐབས། གཞན་དག་ངོ་སྲུང་བའི་ཐབས།  +
རྒྱུ་གཉིས་རྐྱེན་གསུམ་སྦྱར་བ་ཞེས་པའི་རྒྱུ་གཉིས་ཏེ། རིགས་ལྔ་ཡབ་ཀྱི་བྱང་སེམས་ཅོང་ཞི། རིགས་ལྔ་ཡུམ་གྱི་བྱང་སེམས་བྲག་ཞུན་ནོ།  +
དགེ་སློང་། དགེ་སློང་མ། དགེ་བསྙེན། དགེ་བསྟེན་མ།  +
རྫོགས་ལྡན་དང་པོ། གསུམ་ལྡན་གཉིས་པ། གཉིས་ལྡན་གསུམ་པ། རྩོད་ལྡན་བཞི་བའི་དུས་སོ།  +
བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་བཞིའོ།  +
རྒྱུད་སྡེ་བཞི་དང་དོན་གཅིག  +
གསང་སྔགས་ཀྱི་དཀྱིལ་འཁོར་སྒོ་བཞི་སྲུང་བའི་ལྷ་མོ་བཞི་སྟེ། ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ་སྟེ་བཞི།  +
གཞོན་ནུ་གདོང་དྲུག (སྨིན་དྲུག)གིས་བརྩམས་པའི《ཀ་ལཱ་པ་》 སློབ་དཔོན་ཙནྡྲ་གོ་མིས་བརྩམས་པའི《ཙནྡྲ་པ་》 ལྷ་མོ་དབྱངས་ཅན་མས་བརྩམས་པའི《དབྱངས་ཅན་མ་》 བྲམ་ཟེ་ཁྱེའུ་པཱ་ཎིས་བརྩམས་པའི《པཱ་ཎི་པ་》དང་བཞི།  +
སྙིང་གའི་ཐིག་ལེ། ནོར་བུའི་ཐིག་ལེ། སྤྲུལ་པའི་ཐིག་ལེ། མི་ཤིགས་པའི་ཐིག་ལེའོ།  +
ལུས་ཀྱི་སྒྲིབ་པ་ལུས་ཀྱི་མི་དགེ་བ་གསུམ་དང༌། ངག་གི་སྒྲིབ་པ་ངག་གི་མི་དགེ་བ་བཞི། ཡིད་ཀྱི་སྒྲིབ་པ་ཡིད་ཀྱི་མི་དགེ་བ་གསུམ། ལུས་ངག་ཡིད་གསུམ་ཀའི་སྒྲིབ་པ་དེ་གསུམ་ཕྱོགས་གཅིག་ཏུ་ཚང་བའི་སྒྲིབ་པའོ།  +
ཡང་ན། ཉོན་སྒྲིབ་དང༌། ཤེས་སྒྲིབ། ཆགས་སྒྲིབ། ཐོགས་སྒྲིབ་སྟེ་བཞིའོ།  +