Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
དབྱིངས་གསུམ་གྱི་ནང་གསེས་གསང་དབྱིངས་སྒྲོན་མ་ལ་བཞི་སྟེ། དབྱིངས་རྣམ་པར་དག་པའི་སྒྲོན་མ། ཐིག་ལེ་སྟོང་བའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ། རྒྱང་ཞག་ཆུའི་སྒྲོན་མའོ།  +
ཁམས་གསུམ་སེམས་ཅན་རྒྱུ་དང་མི་རྒྱུ་བ་གཉིས་ཏེ། རྒྱུ་བ་བཅུད་ཀྱི་སེམས་ཅན། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ན་གནས་པའི་འགྲོ་བའོ། སེམས་ཅན་གང་དག་འགྲོ་བ་དང་མི་འགྲོ་བ་ཞེ་ན། འགྲོ་བ་ནི། འགྲོ་བ་རིགས་དྲུག་དང༌།མི་འགྲོ་བ་ནི་བར་སྲིད་དེ་རིགས་དྲུག་གང་དུའང་འགྲོ་མ་ཟིན་པའི་ཕྱིར་རོ།  +
སློབ་དཔོན་པདྨས་ལྷའི་དབང་པོ་བརྒྱ་བྱིན་ལ་བཙུན་མོ་བཞི་ཡོད་དེ། ཆེ་བ་ཤ་མཚན་མ་ལ་བུ་བཅུ་གཉིས་ཡོད། དེ་འོག་ཟླ་མཚན་མ་ལ་ཉི་ཟླའི་བུ་བདུན་ཡོད། དེའི་འོག་ཤ་ཙི་ཀ་ལ་དྲག་པོའི་བུ་བདུན་ཡོད། ཆུང་བ་ཡེ་སྲིད་མ་ལ་སྟོབས་ལྡན་གྱི་བུ་དྲུག་ཡོད། དེ་ལྟར་སུམ་ཅུ་རྩ་གཉིས། བརྒྱ་བྱིན་རང་དང་སུམ་ཅུ་རྩ་གསུམ་ཞེས་གསུངས་སོ།  +
མཆོད་མེ། ཞལ་ཟས། ཚ་ཚ། ངར་མིའམ་དྲི་གླུད་དེ་བཞི་པོ་སོ་སོ་ནས་བརྒྱ་རྩ་རེ་ལ་བརྟེན་ནས་བར་ཆད་ཟློག་པའི་ཆོ་ག  +
རྫུན་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་བཞིའོ།  +
སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་གཙང་བར་སྤྱོད་པ། རྫུན་དུ་སྨྲ་བ་སྟེ་གསང་བའི་དངོས་པོ་སྒྲ་ཇི་བཞིན་དུ་སྤྱོད་པའོ།  +
དགའ་བ་དང༌། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བའོ།  +
སད་པའི་གནས་སྐབས། རྨི་ལམ་གྱི་གནས་སྐབས། གཉིད་འཐུག་གི་གནས་སྐབས། བཞི་བའི་གནས་སྐབས་སོ།  +
སྔར་བོད་རྗེ་སྲོང་བཙན་སྒམ་པོས་བཅས་པའི་ཁྲིམས་ཀྱི་ཡན་ལག་སྟེ། བསད་པ་ལ་སྟོང་འདེད་པ། བརྐུས་པ་ལ་བརྒྱད་འཇལ་ངོ་དགུ་འདེད་པ། འདོད་ལོག་སྤྱད་པ་ལ་བྱི་རིན་འདེད་པ། རྫུན་སྨྲས་པ་ལ་མནའ་སྒོག་པ་སྟེ་བཞི།  +
ཉམས་པའི་ལྕི་བ་བཞི། སྨོད་པའི་ལྕི་བ་བཞི། ལོག་པའི་ལྕི་བ་བཞི། བསྐུར་བའི་ལྕི་བ་བཞི།  +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བཅོ་ལྔ་པ་ཆ་ཡི་རྒྱན་ནི་བསྒྲིབ་བྱའི་དངོས་པོ་དེའི་རང་བཞིན་མི་མཛེས་པ་ཞིག་མཐོང་བ་དེ་ཉིད་དངོས་པོ་གཞན་ཞིག་ལ་བསྙད་བཏགས་པའི་ཟོལ་གྱིས་ཁ་བསྒྱུར་ནས་སྒྲིབ་པར་བྱེད་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་བཞི་ནི། འོས་པའི་ཆ། མ་འོས་པའི་ཆ། ཟོལ་གྱིས་སྨད་པའི་ཆ། ཟོལ་གྱིས་བསྟོད་པའི་ཆ་བཅས་སོ།  +
རྣ་རྒྱན་ལས། ཤུན་པའི་ཆང་ནི་ཤིང་ཤུན་ཆུ། སྡོང་བུ་ལྡན་པ་སྡོང་བུའི་བཅུད། །བུར་ཆང་བུ་རམ་ལས་བྱུང་བ། སྦྲང་ཆང་སྦྲང་རྩི་ལས་བྱུང་སྟེ། ཞེས་སོ།  +
རྗེ་ཙོང་ཁ་པའི་སློབ་མ་ཤེས་རབ་སེང་གེས་ཕྱག་བཏབ་པའི་རྒྱུད་གྲྭ་ལ་རྒྱུད་སྨད་དང༌། དེའི་སློབ་མ་གནས་རྙིང་བ་ཀུན་དགའ་དོན་གྲུབ་ཀྱིས་བཙུགས་པའི་རྒྱུད་གྲྭ་ལ་རྒྱུད་སྟོད་ཟེར།  +
དཱ་ཀིའང (ཏཱ་ཅིའང)། ཧུའང་ཧོ། ཧུ་ཝའི་ཤུའི། ཝའི་ཤུའི།  +
སྟོད་ཀྱི་གངས་རི་ཕྱོཊ་བཞི་ནས་འཛམ་བུ་གླིང་གི་ཆུ་བོ་ཆེན་པོ་བཞི་འབབ་པ་སྟེ། ཤར། ལྷོ། ནུབ། བྱང་བཞི་ནས་བྲག་རྟ་དང་རྨ་བྱ། གླང་པོ་ཆེ། སེང་གེ་བཅས་ཀྱི་དབྱིབས་འདྲ་བའི་ཁ་ནང་ནས་རིམ་བཞིན་ཆུ་བོ་པཀྵ། གདྒ། སིནཕྡྷུ། སི་ཏ་བཅས་འབབ་པ་ཡིན་པས་འཛམ་གླིང་གི་ཆུ་བོ་བཞི་གང་ནས་འབབ་པའི་འགོ་ནི། སྟོད་ཀྱི་གངས་རི་ཏི་སེ་ལ་དཔེ་སྦྱར།  +
རི་རབ་ཀྱི་ཕྱོགས་བཞིའི་རྒྱ་མཚོའོ། རྒྱ་མཚོ་བཞིའང་ཟེར།  +
གངྒ། སིཏཱ། པཀྵུ། ཡ་མུ་ན་བཞིའོ།  +
ཆུ་བོ་གངྒ་དང་སིན་དྷུ་དང་སི་ཏཱ་དང་པཀྵུ་དང་བཞིའོ།  +
ཡང་ན། བོད་ཀྱི་ས་ཁུལ་གྱི་ཆུ་བོ་བཞི་སྟེ་རྔ་ཆུ། ཟླ་ཆུ། རྫ་ཆུ། འབྲི་ཆུའོ།  +
ཡང་ན་འདོད་པའི་ཆུ་བོ་དང་སྲིད་པའི་ཆུ་བོ། མ་རིག་པའི་ཆུ་བོ། ལྟ་བའི་ཆུ་བོ།  +