Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཡང་ན། སྐྱེ་བ་དང་། རྒ་བ། ན་བ། འཆི་བ་སྟེ་བཞིའོ། +
སྔོན་འགྲོ་ཆུ་གསུམ་གྱི་སྟེང་དུ་བསང་གཏོར་དང་བཞིའོ། སྔོན་འགྲོ་ཆུ་གསུམ་ནི། མཆོད་ཡོན་དང༌། ཞལ་བསིལ་དང༌། ཞབས་བསིལ་ལོ། +
མདོ་སྟོད་ཀྱི་ཆུ་བཞི་ནི་འབྲི་ཆུ། རྨ་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ་སྟེ་ཆུ་བཞི་དང༌། སྒང་དྲུག་ནི། ཟལ་མོ་སྒང་། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང་། དམར་རྫ་སྒང༌། མི་ཉག་རབ་སྒང་སྟེ་སྒང་དྲུག +
ཕ་རྒྱུད་དང་མ་རྒྱུད། ཕ་རྒྱུད་ནི་སྣང་ཕྱོགས་ཐབས་ཀྱི་ཆ་གཙོ་བོར་སྟོན་པའི་རྒྱུད་དང༌། མ་རྒྱུད་ནི་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་གཙོ་བོར་སྟོན་པའི་རྒྱུད། +
འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ་བཞི། +
གདན་ས་ཆེན་པོ་གསུམ་གྱི་སྟེང་དུ་གཙང་ཁུལ་གྱི་གདན་ས་བཀྲ་ཤིས་ལྷུན་པོ་བསྣན་པས་བཞིའོ། གདན་ས་ཆེན་པོ་གསུམ་ནི། དབུས་ཀྱི་སེ་ར་དང༌། འབྲས་སྤུངས། དགའ་ལྡན་གསུམ་མོ། +
ད་ལྟར་བྱུང་བ་ལ་བདེ་བ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་ལ་སྡུག་བསྔལ་བ། ད་ལྟར་བྱུང་བ་ལ་སྡུག་བསྔལ་བ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་ལ་བདེ་བ། ད་ལྟར་བྱུང་བ་ལ་སྡུག་བསྔལ་བ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་ལའང་སྡུག་བསྔལ་བ། ད་ལྟར་བྱུང་བ་ལ་བདེ་བ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་ལའང་བདེ་བ། +
ཤར་དུ་མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོ། ལྷོར་མཆོད་རྟེན་དམར་པོ་པད་མ་བརྩེགས་པ། ནུབ་ཏུ་མཆོད་རྟེན་སྔོན་པོ་བདུད་འདུལ་མ། བྱང་དུ་མཆོད་རྟེན་ནག་པོ་བཀྲ་ཤིས་སྒོ་མང་རྣམས་བཞེངས་པའོ། +
མུ་ནེ་བཙན་པོའི་སྐབས་ལྷ་སར་འདུལ་བའི་མཆོད་པ་དང༌། ཁྲ་འབྲུག་ལ་མངོན་པའི་མཆོད་པ། བསམ་ཡས་ལ་མདོ་སྡེ་དང༌། བྱང་ཆུབ་ཀྱི་མཆོད་པ་བྱེད་སྲོལ་བཙུགས་པ་དེ་དག་ལ་མཆོད་པ་ཆེན་པོ་བཞི་ཟེར་བ་དང་། རྗེས་སུ་ལྷ་སའི་ཁུལ་དུ་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་འཛམ་གླིང་སྤྱི་བསང་ཞེས་པའི་ཡུལ་སྲོལ་དེ་ནས་དར། +
ཕྱི་དང་། ནང་དང༌། གསང་བ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་བཞི། +
ནག་པོ་མགོ་གསུམ། དམར་པོ་མགོ་གསུམ། དཀར་པོ་མགོ་གསུམ། མི་ཁ་བ་ཏུ་དང་བཞིའོ། +
སྲིད་པ་བར་དོའི་སྐབས་སུ་འཇིགས་པའི་སྒྲ་བཞི་ནི། ས་རླུང་ལོག་པའི་རྐྱེན་གྱིས་རི་ཉིལ་བའམ། ཁང་བ་རྡིབ་པའི་འོག་ཏུ་ཚུད་པའི་སྣང་བ་དང༌། ཆུ་རླུང་ལོག་པས་ཆུ་ཆེན་ས་ཁྱེར་བའམ། མཚོར་བྱིང་བའི་ཉམས་སྣང་། མེ་རླུང་ལོག་པས་ཚེར་སྲེག་པའི་སྣང་བ་དང༌། རླུང་གི་རླུང་ལོག་པས། རླུང་ཆེན་ས་ཁྱེར་བའི་སྣང་བ་བྱུང་ངོ༌། +
སྔགས་ཀྱི་རྣལ་འབྱོར། དམ་ཚིག་གི་རྣལ་འབྱོར། དབྱིབས་ཀྱི་རྣལ་འབྱོར། ཡེ་ཤེས་ཀྱི་རྣལ་འབྱོར་བཞིའོ། +
དགའ་ལྡན་གྱི་དཀྱིལ་འཁོར་སྒྲུབ་མཆོད། རྫིང་ཕྱིའི་བྱམས་པ་ཞིག་གསོས། ལྷ་སར་ཆོ་འཕྲུལ་སྨོན་ལམ། གཉལ་གྱི་ལུང་རྭ་ཆེན་མོ་རྣམས་སོ། +
རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བཀའ་རྩོམ་གཙོ་བོ་བཞི་སྟེ་རྟེན་འབྲེལ་བསྟོད་པ། བྱམས་བསྟོད་མཉེས་གཤིན་མ་ཚངས་པའི་ཅོད་པན། འཇམ་བསྟོད་བསྟོད་སྤྲིན་རྒྱ་མཚོ། རྣམ་རྒྱལ་མའི་བསྟོད་པ་ས་གསུམ་འགྲོ་བའི་རེ་སྐོང་འཆི་མེད་གྲུབ་པ་རྣམས་སོ། +
རྗེས་འཇུག་ཡི་གེ་བཅུ་བོའི་ནང་གི་ག་ད་བ་ས་བཞི། +
ཐེག་དམན་རྩ་བའི་སྡེ་བཞི་སྟེ། ཐམས་ཅད་ཡོད་པར་སྨྲ་བའི་སྡེ། ཕལ་ཆེན་སྡེ། མང་པོས་བཀུར་བའི་སྡེ། གནས་བརྟན་པའི་སྡེ་རྣམས་སོ། +
མི་ཆོས་ལ་མནའ་ཟོས་ཉམས་པ་ལྕི། ཉན་པོ་ལ་འདུལ་ཁྲིམས་ཉམས་པ་ལྕི། བྱང་ཆུབ་སེམས་དཔའ་ལ་བསླབ་ཁྲིམས་ཉམས་པ་ལྕི། གསང་སྔགས་ལ་དམ་ཚིག་ཉམས་པ་ལྕི། +
འདོད་པ་དང་། ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། བདག་ཏུ་སྨྲ་བ་བཞི། +
མཁའ་འགྲོ་སྙིང་ཐིག མཁའ་འགྲོ་ཡང་ཐིག བླ་མ་སྙིང་ཐིག བླ་མ་ཡང་ཐིག་བཞིའོ། +