Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཡང་ན་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ་བ་དང༌། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ་བ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ་བ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ་བ། མཐའ་དམའ་ན་དབུས་མཐོ་བ། དབུས་དམའ་ན་མཐའ་མཐོ་བ་སྟེ་ས་གཡོ་བའི་ཕྱོགས་དྲུག +
ཡང་སངས་རྒྱས་པའི་བཤད་སྲོལ་ལྟར་ཤཱཀྱ་ཐུབ་པ་ལྷུམས་སུ་ལ་ཞུགས་པ་དང་། སྐུ་བལྟམས་པ། རབ་ཏུ་བྱུང་བ། འཚང་རྒྱ་བ། ཆོས་འཁོར་སྐོར་བ། མྱ་ངན་ལས་འདའ་བ་སྟེ་ས་གཡོ་བའི་རྐྱེན་དྲུག +
ས་གཡོ་དྲུག་དང་དོན་གཅིག +
སྔར་བོད་རྒྱལ་བཅུ་པ་ཨེ་ཤོ་ལེགས་དང་། བཅུ་གཅིག་པ་དེ་ཤོ་ལེགས། བཅུ་གཉིས་པ་ཐི་ཤོ་ལེགས། བཅུ་གསུམ་པ་གུ་རུབ་ལེགས། བཅུ་བཞི་པ་འབྲོང་ཞེར་ལེགས། བཅོ་ལྔ་པ་ཨི་ཤོ་ལེགས་བཅས་རྒྱལ་རབས་དྲུག་པོ་སྤྱིའི་མིང་། +
མིག་དང་། རྣ་བ། སྣ། ལྕེ། ལུས། ཡིད་བཅས་ཀྱི་རྣམ་ཤེས་དྲུག +
སེམས་དྲུག་སྟེ། རྩ་བའི་སེམས་དང༌། རྗེས་སུ་དཔྱོད་པའི་སེམས། རྣམ་པར་དཔྱོད་པའི་སེམས། ངེས་པར་འཛིན་པའི་སེམས། སྡོམ་པའི་སེམས། སྨོན་པའི་སེམས་སོ། ། +
1. དམ་ཚིག་དང་སྡོམ་པ་སྦྱིན་པའི་སློབ་དཔོན། 2. བཟླས་ལུང་སྦྱིན་པའི་སློབ་དཔོན། 3. རྒྱུད་བཤད་པའི་སློབ་དཔོན། 4. མན་ངག་སྟོན་པའི་སློབ་དཔོན། 5. དབང་བསྐུར་བའི་སློབ་དཔོན། 6. ལས་བྱེད་པའི་སློབ་དཔོན་ནོ། +
1. ཉ་དང་། 2. གནམ་སྟོང་། 3. ཚེས་བརྒྱད། 4. ཉི་ཤུ་དགུ། 5. ཚེས་བཅུ། 6. མར་ངོའི་ཉེར་ལྔའི་མཚན་མའོ། +
སྤྱི་ཚོགས་རྙིང་བའི་སྐབས་བོད་ཀྱི་མངའ་བདག་ཚོའི་ཕྱིའི་མི་སེར་དང་། ནང་གི་བྲན་གཡོག་གི་བསྡུས་མིང་། +
བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད། དང་པོའི་དངོས་གཞི་ཙམ་པོ་བ། དེ་ཁྱད་པར་ཅན། བསམ་གཏན་གཉིས་པའི་དངོས་གཞི། གསུམ་པའི་དངོས་གཞི། བཞི་བའི་དངོས་གཞིའོ། +
ལུང་ལས། 1. ལུས་རྒྱན། 2. བཏུང་བའི་སྣོད། 3. གཟུང་བྱའི་རྫས། 4. རོལ་མོའི་ཆོ་ག 5. སྟན། 6. བགོ་བའི་གོས། འདི་དག་ཧེ་རུ་ཀ་དཔལ་ཆས་དྲུག་སྟེ་རྣམ་པར་དབྱེ་ན་བཅུ་བཞིར་འགྱུར་བ་ཡིན། +
གཙུག་ཏོར་སྟག་ཤམ་སོགས་མ་གཏོགས་ད་རུང་རུས་པའི་དབུ་རྒྱན་དང་། རྣ་རྒྱན། མགུལ་རྒྱན། མཆོད་ཕྱིར་ཐོགས། ལག་གདུབ། རྐང་གདུབ་སྟེ་རུས་པའི་རྒྱན་དྲུག་བཏགས་ཡོད། +
དོན་དམ་པའི་ལྷ་དང་། སྒྲའི་ལྷ། མཚན་མའི་ལྷ། གཟུགས་ཀྱི་ལྷ། བསྒོམ་པའི་ལྷ། རྣམ་པར་དག་པའི་ལྷ་སྟེ་དྲུག +
ཐུབ་དབང་དང་། སྤྱན་རས་གཟིགས།། སྒྲོལ་མ། མི་གཡོ་བ་སྟེ་ལྷ་བཞི་དང༌། སྡེ་སྣོད་གསུམ་སྟེ་ཆོས་གསུམ་བཅས་བདུན། +
ལོངས་སྐུ་དང་། ཁ་སྦྱོར་དང་། བདེ་བ་ཆེན་པོ་དང༌། རང་བཞིན་མེད་པ་དང༌། སྙིང་རྗེ་ཆེན་པོ་དང་། རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་སྟེ་བདུན། +
དུས་འཁོར་ལས་བཤད་པའི་ཁོར་ཡུག་གི་རི་བདུན་ནི། འོད་སྔོན། མན་ད་ར། ནི་ཥ་ཌ། ནོར་བུའི་འོད། དྲོ་ཎ། གངས་རི། རྡོ་རྗེའི་རི་རྣམས་སོ། +
མི་སྲོག་མི་གཅོད་པ། གཞན་ནོར་མི་རྐུ་བ། རྫུན་མི་ཤོད་པ། ལོག་གཡེམ་མི་སྤྱོད་པ། ཆང་མི་འཐུང་བ་སྟེ་གཏན་ཁྲིམས་ལྔ་དང༌། ཁེང་མི་ལྡོག་པ། བང་སོ་མི་འདྲུ་བ་གཉིས་བཅས་སྔར་བོད་རྗེ་སྲོང་བཙན་སྒམ་པོས་བཅས་པའི་ཁྲིམས་བདུན་ཞེས་གྲགས། +
1. གཙུག་ཏོར་ནོར་བུའི་འཁོར་ལོ། 2. དཔྲལ་བ་བུམ་པའི་འཁོར་ལོ། 3. ཀླད་པ་དུང་ཁང་འཁོར་ལོ། 4 མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། 5. སྙིང་ཁ་ཆོས་ཀྱི་འཁོར་ལོ། 6. ལྟེ་བ་སྤྲུལ་པའི་འཁོར་ལོ། 7. གསང་གནས་བདེ་སྐྱོང་གི་འཁོར་ལོའོ། +
1. ཟླ་བའི་གླིང༌། 2. འོད་དཀར་གྱི་གླིང་། 3. ཀུ་ཤའི་གླིང་། 4. མིའམ་ཅིའི་གླིང་། 5. ཁྲུང་ཁྲུང་གི་གླིང་། 6. དྲག་པོའི་གླིང་། དེ་རྣམས་ནང་གི་གླིང་དྲུག 7. ཕྱིའི་གླིང་བཞི་གླིང་ཕྲན་རྣམས་དང་བདུན་ནོ། +
རྣམ་དབྱེ་ལྔ་བ་འབྱུང་ཁུངས་གསལ་བྱེད་ཀྱི་ཚིག་ཕྲད་ནི་ནས་དང་ལས་གཉིས་སོ། +