Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
དམིགས་པ་ཆེན་པོ། སྒྲུབ་པ་ཆེན་པོ། ཡེ་ཤེས་ཆེན་པོ། བརྩོན་འགྲུས་བརྩོན་པ་ཆེན་པོ། ཐབས་ལ་མཁས་པ་ཆེན་པོ། ཡང་དག་སྒྲུབ་པ་ཆེན་པོ། འཕྲིན་ལས་ཆེན་པོ་སྟེ་འདི་རྣམས་དང་ལྡན་ན་ཐེག་པ་ཆེན་པོ་ཞེས་བརྗོད་དོ། +
འདོད་རྒྱལ་ཐོག་མའི་མིང་དང༌། རྗེས་གྲུབ་ཀྱི་མིང་། +
1. འཁོར་ལོ། 2. ནོར་བུ། 3. བཙུན་མོ། 4. བློན་པོ། 5. གླང་པོ། 6. རྟ་མཆོག 7. དམག་དཔོན་ནོ། +
འགྲོ་བ་རིགས་དྲུག བར་སྲིད་ཀྱི་འཇིག་རྟེན་དང་བདུན་ནོ། ཡང་ཁ་ཅིག་གིས། འདོད་ཁམས་ཀྱི་འགྲོ་བ་ལྔ། གཟུགས་ཁམས་དང་དྲུག གཟུགས་མེད་ཁམས་དང་བདུན་ནོ་ཟེར། +
རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཞྭ་ལུ་བ་ལེགས་པ་རྒྱལ་མཚན། གཡག་སྡེ་བློ་གྲོས་ཆོས་སྐྱོང་། བ་སོ་ཆོས་ཀྱི་རྒྱལ་མཚན། རྗེ་བློ་གྲོས་བརྟན་པ། འཇམ་དབྱངས་སྨོན་ལམ་དཔལ་པ་རྣམས་སོ། +
དུས་མཐའི་མེ་སྟེ་འཇིག་རྟེན་སྟོང་སྐབས་སུ་ཉི་མ་བདུན་ཤར་ནས་འཇིག་རྟེན་སྲེག་པར་བྱེད་པའི་མེ། +
དེ་ཡང་འཛམ་བུའི་གླིང་ནས་དཔག་ཚད་བཞི་ཁྲི་འཕགས་པ་རི་རབ་ཀྱི་ཕྱེད་གཉའ་ཤིང་འཛིན་གྱི་ཐད་ནས་ཟླ་རླུང་གི་རྟའི་འགྲོས་ཀྱིས་གཡས་བསྐོར་དང༌། རང་གི་རྟའི་འགྲོས་ཀྱིས་གཡོན་བསྐོར་དུ་འཁོར་བ་སྟེ། ཉི་མ་ལ་རྟ་རླུང་གི་འཁོར་ལོ་དྲུག་སྟེ། སྟེང་འོག་གཉིས་ནས་འདེགས་བྱེད་ཀྱི་རླུང་དང་། གནོན་བྱེད་ཀྱི་རླུང་གཉིས་སྔོན་གཞུག་གཉིས་ནས་སྣ་འདྲེན་གྱི་རླུང་དང་གཞུག་གི་རླུང་གཉིས་ཏེ་དྲུག ཉི་མ་རང་གི་རྟ་དང་བདུན་ནོ། ཟླ་བ་ལ་སྤོ་གཡས་གཡོན་གཉིས་ནས་སྐྱོར་བའི་རླུང་མེད་པས་རླུང་གི་རྟ་བཞིའོ། +
ཁང་བཟང་རིན་པོ་ཆེ་དང་། མལ་ཆ་རིན་པོ་ཆེ། ལྷམ་རིན་པོ་ཆེ། རལ་གྲི་རིན་པོ་ཆེ། གོས་རིན་པོ་ཆེ། པགས་པ་རིན་པོ་ཆེ། ཚལ་རིན་པོ་ཆེ་སྟེ་བདུན། +
1. ད་ལི་ལོ་མ་དང་མེ་ཏོག་སྲང་གང་། 2. ན་ལེ་ཤམ་སྲང་གསུམ་ནས་ལྔ། 3. ཤིང་ཚ་སྲང་གསུམ་ཞོ་ལྔ། 4. སུག་སྨེལ་སྲང་གང་། 5. བཅའ་སྒ་སྲང་གང་ཞོ་གང་། 6. པི་པི་ལིང་སྲང་གང་ཞོ་དྲུག 7. ཛ་ཏི་སྲང་བཞི། +
སྔར་རྒྱལ་བསྟན་དགྲ་བཅོམ་པ་གཅིག་ནས་གཅིག་ཏུ་སྤྲད་པའི་བྱུང་རིམ་འོད་སྲུངས་དང༌། ཀུན་ད་གའ་བོ། ཤ་ནའི་གོས་ཅན། ཉེ་སྦས། དྷཱི་ཏི་ཀ ནག་པོ། ལེགས་མཐོང་ཆེན་པོ་སྟེ་བདུན། +
1. མི་གསལ་བ་དང་། 2. བརྗེད་ངེས་པ་དང་། 3. འཁྲུག་པ་དང་། 4. མི་སྨྲ་བ་དང་། 5. སྐྱོ་བ་དང་། 6. ལེ་ལོ་དང་། 7. ཐེ་ཚོམ་མོ། +
རླུང་། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་རྒྱལ་མཚན། རི་བོ་འཇོམས། +
གཟུགས་ཀྱི་མཐའ། གླང་རྡུལ་སྟེ་གླང་གི་སྤུ་རྩེ་རྡུལ་བདུན་ལ་ཉི་ཟེར་རྡུལ་གཅིག་ཟེར། +
རྒྱུ་སྨོན་པ་སེམས་བསྐྱེད་དང་། ལམ་འཇུག་པ་སེམས་བསྐྱེད་དོ། +
ཉན་ཐོས་ཆེན་པོ་འོད་སྲུངས། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེ་སྦས། དྷཱི་ཏི་ཀཱ་ནག་པོ། ལེགས་མཐོང་ཆེན་པོ་རྣམས་སོ། +
རྣམ་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག གསེར་ཐུབ། འོད་སྲུངས། ཤཱཀྱ་ཐུབ་པ། +
ཆ་བདུན་ཐུར་མའི་རང་གྲིབ་བདུན། +
རིགས་བཟང་བའི་ཡོན་ཏན་དང༌། གཟུགས་མཛེས་པའི་ཡོན་ཏན། ཚེ་རིང་བའི་ཡོན་ཏན། ནད་མེད་པའི་ཡོན་ཏན། སྐལ་པ་བཟང་བའི་ཡོན་ཏན། ནོར་ཕྱུག་པའི་ཡོན་ཏན། ཤེས་རབ་ཆེ་བའི་ཡོན་ཏན་ཏེ་བདུན། +
ཟླ་བ། འོད་དཀར། ཀུ་ཤ། མིའམ་ཅི། ཁྲུང་ཁྲུང་། དྲག་པོའི་གླིང་། འཛམ་གླིང་ཆེན་པོ་རྣམས་སོ། +
1. དབང་དུ་བསྡུས་ཏེ་བཀུག་པ་དང་། 2. སྐྲད་པ་དང་། 3. དབྱེ་བ་དང་། 4. ལྐུག་པ་དང་། 5. སྨྱོ་འབོགས་དང་། 6. བསད་པ་དང་། 7. མནན་པ་བདུན་ནོ། +