Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
བོད་ཀྱི་ཡིག་གཟུགས་ལ་དབུ་ཅན་ནམ་ཡིག་དཀར་རམ་གཟབ་མ་དང༌། དབུ་མེད་དམ་ཡིག་ནག་གམ་གཤར་མ་རིགས་གཉིས་སུ་ཕྱེས་ཡོད། དབུ་མེད་ལ་ཡང་ཀ་ཁ་དང་ཟློས་ཧྲལ། ཚུགས་རིང་དང་ཚུགས་ཐུང་། ཚུགས་ཆུང་ངམ་ཚུགས་མ་འཁྱུགས། འཁྱུགས་ཡིག་བཅས་ཆེ་ཆུང་མི་འདྲ་བ་ཁག་དྲུག དབུ་ཅན་བསྣན་པས་བདུན་ནོ། +
དྲན་པ་དང་། ཆོས་རབ་ཏུ་རྣམ་འབྱེད། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱངས། ཏིང་ངེ་འཛིན། བཏང་སྙོམས་ཏེ་བདུན། +
ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ་རྣམས་སོ། +
སྔོན་ལྷ་མ་ཡིན་རུ་རུ་དང་དབང་ཕྱུག་འཐབ་ནས་དབང་ཕྱུག་གི་རྡུལ་ས་ལ་ལྷུང་བ་ལས་ལྷ་མོ་བདུན་དུ་གྱུར་བ་ནི། 1. ཚངས་མ། 2. དབང་མོ། 3. ཁྱབ་འཇུག་མ། 4. ཕག་མོ། 5. དྲག་མོ། 6. ལུས་ངན་མོ། 7. གཞོན་ནུ་མ་བཅས་སོ། +
གླུ་དབྱངས་ངེས་བདུན་དང་དོན་གཅིག +
ལྕི། ཡང་། འཇམ། རྩུབ། བཀྲེས། སྐོམ། གྲང་བ་བདུན་ལའང་། +
སྔར་བོད་ཀྱི་ཏཱ་ལའི་བླ་མ་དང་རྒྱལ་ཚབ་གཉིས། +
སྒོ་མང་། བློ་གླིང་། བདེ་ཡངས། ཤག་སྐོར། ཐོས་བསམ་གླིང་ངམ་རྒྱལ་ས། འདུལ་བ། སྔགས་པ་སྟེ་བདུན། +
དང་པོ་རབ་ཏུ་དགའ་བའི་ས། གཉིས་པ་དྲི་མ་མེད་པའི་ས། གསུམ་པ་འོད་བྱེད་པའི་ས། བཞི་བ་འོད་འཕྲོ་བའི་ས། ལྔ་པ་ཤིན་ཏུ་སྦྱང་དཀའ་བའི་ས། དྲུག་པ་མངོན་དུ་གྱུར་པའི་ས། བདུན་པ་རིང་དུ་སོང་བའི་སའོ། +
ཀ ག བ། ཟ། ར། ལ། ས། +
ཨ་ཀྵ་ཙནྡྲ་དང་། ཛ་ཡ་ཙནྡྲ། དྷརྨ་ཙནྡྲ། ཀརྨ་ཙནྡྲ། བི་ག་མ་ཙནྡྲ། ཀཱ་མ་ཨ་ཙནྡྲ། བི་མ་ལ་ཙནྡྲ། བཅས་བདུན་པོ་དེ་རྣམས་སྲིད་དབང་བཟུང་ཡུན་རིང་ཞིང་སངས་རྒྱས་ཆོས་ལུགས་ལ་དད་གུས་དང་བྱས་རྗེས་ཆེན་པོ་ཅན་ཡིན་པས་རྒྱ་གར་གྱི་ལོ་རྒྱུས་ཐོག་ཙནྡྲ་བདུན་ཞེས་ཟེར། +
ཙོང་ཁ་པ་གཤེགས་རྗེས་དགའ་ལྡན་ཁྲི་པ་བྱེད་མཁན་གཙང་པ་ཁོ་ན་ཡིན་པའི་རྒྱལ་ཚབ་རྗེ་དང་། མཁས་གྲུབ་རྗེ། ཞྭ་ལུ་པ་ལེགས་པ་རྒྱལ་མཚན། བློ་གྲོས་ཆོས་སྐྱོང་། བ་སོ་ཆོས་ཀྱི་རྒྱལ་མཚན། བློ་གྲོས་བརྟན་པ། སྨོན་ལམ་དཔལ་བ་སྟེ་བདུན། +
1. ཡན་དབང་། 2. ཆུའུ་དབང་། 3. ཆིན་དབང་། 4. ཆི་དབང་། 5. ཇོའུ་དབང་། 6. ཝེའི་དབང་། 7. ཧན་དབང་བཅས་བདུན། +
1. མངོན་སུམ་དུ་འདུལ་བར་འོས་པ། 2. དྲན་པས་འདུལ་བར་འོས་པ། 3. མ་མྱོས་བར་འདུལ་བར་འོས་བ། 4. གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ། 5. དེ་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ། 6. རྩྭ་བཀྲམ་པ་ལྟ་བུར་འོས་པ། 7. ཁས་བླང་པར་འོས་བ། +
སྔར་རྒྱ་གར་བ་ཆོས་གྲགས་ཀྱིས་བརྩམས་པའི་རྒྱས་པ་ཚད་མ་རྣམ་འགྲེལ། འབྲིང་བ་ཚད་མ་རྣམ་ངེས། བསྡུས་པ་ཚད་མ་རིགས་ཐིགས་ཏེ་ལུས་ལྟ་བུའི་བསྟན་བཅོས་གསུམ། གཏན་ཚིགས་ཐིགས་པ། འབྲེལ་པ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་སྟེ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་སོ། +
ཕྱག་གི་བོལ་གཉིས། ཞབས་ཀྱི་བོལ་གཉིས། དཔུང་མགོ་གཉིས། ལྟག་པའི་ཕྱོགས་མཐོ་བའོ། +
ཆོས་ལུགས་ཀྱི་བཤད་སྲོལ་ལྟར་མི་ཤི་ནས་ཞག་བདུན་ཕྲག་བདུན་རིང་དུ་རྩི་རྒྱུའི་བདུན་ཚིགས་ཏེ། བཞི་བཅུ་ཞེ་དགུའང་ཟེར། +
1. གཞི་ཐམས་ཅད་ཡོད་པར་སྨྲ་བ། 2. འོད་སྲུང་པ། 3. ས་སྟོན་པ། 4. ཆོས་སྲུང་བ། 5. མང་ཐོས་པ། 6. གོས་དམར་བ། 7. རྣམ་པར་ཕྱེ་སྟེ་སྨྲ་བ་སྟེ་སྡེ་བདུན། +
ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་རྣམས་སོ། +