Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ།  +
གསལ་བྱེད་སུམ་ཅུའི་ནང་ནས་ཀ་ཁ་ག་པ་ཕ་བ་མ་བདུན་ནི། ཡ་འདོགས་ཅན་གྱི་ཡི་གེ་བདུན་ནོ།  +
ཕྱག་འཚལ་བའི་ཡན་ལག་དང་། མཆོད་པའི་ཡན་ལག བཤགས་པའི་ཡན་ལག རྗེས་སུ་ཡི་རང་བའི་ཡན་ལག ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་ཡན་ལག དགེ་བ་རྫོགས་བྱང་དུ་བསྔོ་བའི་ཡན་ལག་གོ གཞན་ཡང་ཡན་ལག་བདུན་གྱི་བརྩི་ཚུལ་མང་ངོ༌།  +
1. གསེར། 2. དངུལ། 3. བཻཌཱུརྱ། 4 སྤུག 5. ཤེལ། 6. རྡོའི་སྙིང་པོ། 7.མུ་ཏིག་དམར་པོའོ།  +
རབ་རྟོག་གི་རྒྱན་ལས་འཕྲོས་པའི་རབ་རྟོག་གསལ་བྱེད་ཀྱི་སྒྲ་བདུན་ཡོད་དེ། 1. སྙམ། 2. དོགས། 3. ངེས། 4. འདྲ། 5. མིན་ནམ། 6. ཅིས་མ་ཡིན། 7. ཇི་ལྟར་མིན་ཞེས་པ་རྣམས་སྙན་ངག་མཁན་ནམ་རྩོམ་པ་པོ་རང་གིས་བསམ་པའི་ཚུལ་གསལ་བར་བྱེད་པའི་ཆ་ནས་བཞིན་སྒྲ་དང་མཚུངས་སོ།  +
1. སྔོན་པོ། 2. ལྡན་ར། 3. མཚན་མོ། 4. ནོར་བུར་བྱེད། 5. བྲེ་བོ། 6. བསིལ་རི། 7. རྡོ་རྗེའི་འདུན་ཏེ་རི་བདུན་ནོ།  +
རྒྱལ་སྲིད་སྣ་བདུན་ཏེ་འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་སོ།  +
གསེར། དངུལ། བཻཌཱུརྱ། སྤུག རྡོའི་སྙིང་པོ། ཤེལ། མུ་ཏིག་དམར་པོའོ།  +
མངོན་སུམ་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས།  +
མངོན་པ་ལས་བཤད་པའི་རོལ་མཚོ་བདུན་ནི། རི་རབ་དང་ཉེ་བར་གསེར་རི་བདུན་གྱི་བར་དུ་ཡོད་པའི་རོལ་མཚོ་དང་པོ་ནས་བདུན་པའོ།  +
ཚྭའི་མཚོ། ཆང་གི་མཚོ། ཆུའི་མཆོ། འོ་མའི་མཚོ། ཞོའི་མཚོ། མར་གྱི་མཚོ། སྦྲང་རྩིའི་མཚོའོ།  +
སུ་རུ་ར་ན་ཏུ་དུ་ལ།  +
ཁྲག ཤ ཚིལ། རུས་པ། རྐང་། ཁུ་བ། ཆུ་རྣམས་སོ།  +
སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད་དེ་ལུས་ཀྱི་ལས་གསུམ་དང་། རྫུན། ཕྲ་མ། ངག་འཁྱལ། ཚིག་རྩུབ་སྟེ་ངག་གི་ལས་བཞི་སྟེ་བདུན་ནོ།  +
ལོངས་སྤྱོད་རྫོགས་པའི་སྐུའི་ཡན་ལག ཁ་སྦྱོར་གྱི་ཡན་ལག བདེ་བ་ཆེན་པོའི་ཡན་ལག རང་བཞིན་མེད་པའི་ཡན་ལག སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག རྒྱུན་མི་འཆད་པའི་ཡན་ལག འགོག་པ་མེད་པའི་ཡན་ལག་རྣམས་སོ།  +
1. ཆིག་ཤད། 2. ཉིས་ཤད། 3. བཞི་ཤད། 4. སྦྲུལ་ཤད། 5. ཚེག་ཤད། 6. རིན་ཆེན་སྤུངས་ཤད། 7. གཏེར་ཚེག་བཅས་བདུན་ནོ། དབུ་ཅན་གྱི་ཤད་དབྱིབས་ཕུར་བ་འདྲ་བ་ཡོད་པས་ཕུར་ཤད་ཟེར།  +
ས་སྐྱའི་བླ་རབས་འཇམ་དབྱངས་བདུན་རྒྱུད་དང་དོན་གཅིག  +
1. འཁོན་དཀོན་མཆོག་རྒྱལ་ (འདི་ཕན་ས་སྐྱ་རྙིང་མ་ལ། འདི་ནས་གསར་མའི་ལུགས་སུ་བྱས།)པོའི་སྲས་ས་ཆེན་ཀུན་དགའི་སྙིང་པོ་ (དཀར་པོ་)དེའི་སྲས་ཀུན་དགའ་འབར་ (རྒྱ་གར་དུ་སྐུ་གཤེགས།) 2. སློབ་དཔོན་བསོད་ནམས་རྩེ་མོ་ (དཀར་པོ་) 3. རྗེ་བཙུན་གྲགས་པ་རྒྱལ་མཚན་ (དཀར་པོ་) 4. དཔའ་ཆེན་འོད་པོ་བཞི་ (ཡུམ་ལྔ་) 5. འོད་པོའི་སྲས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། 6. ཟངས་ཚ་བསོད་ནམས་རྒྱལ་མཚན་ཏེ་ཆོས་རྒྱལ་སྐུ་མཆེད་གཉིས་སོ། 7. བསོད་ནམས་རྒྱལ་མཚན་གྱི་སྲས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་ཆོས་རྒྱལ་འགྲོ་མགོན་བླ་མ་འཕགས་པ་སྟེ། དེ་ལྟར་ས་ཆེན་གྱི་སྲས་བཞི། ཆོས་རྗེ་སྐུ་མཆེད་གཉིས། བླ་མ་འཕགས་པ་དང་བདུན་ལ་འཇམ་དབྱངས་བདུན་རྒྱུད་དོ།  +
གསེར་གྱི་རི་བདུན་དང་དོན་གཅིག  +
རྗོད་བྱེད་ཚིག་དང་དེའི་བརྗོད་བྱ་གཉིས།  +